ཡ་རྫི་རྫོང་གིས་རྒྱ་ཁྱོན་ལ་མུའུ་ཁྲི8.9ཡོད་པའི་ཞིང་ས་ལ་སྲུང་སྐྱོབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ལོ་འདི་དག་གི་རིང་ལ། ཡ་རྫི་ཟ་ལར་རིགས་རང་སྐྱོང་རྫོང་གིས་བཟའ་འབྲུའི་བདེ་འཇགས་འགན་འཁྲིའི་ལམ་ལུགས་ཀྱི་ཚད་ལེན་ཞིབ་བཤེར་གྱི་ཁ་ཕྱོགས་དེ་གཙོ་བོར་བཟུང་ནས། ཞིང་ལས་མ་ཡིན་པའི་འཛུགས་སྐྲུན་གྱིས་ཞིང་ས་བདག་འཛིན་བྱས་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་དྲག་པོ་བཏང་སྟེ་ཞིང་སའི་སྲུང་སྐྱོབ་བྱ་བའི་དོན་དངོས་ལ་སྐུལ་འདེད་བྱས་པ་མ་ཟད། བཟའ་འབྲུ་སོན་འདེབས་ཀྱི་རྒྱ་ཁྱོན་དེ་ཆེ་རུ་འགྲོ་བ་ལས་ཉུང་དུ་གཏོང་མི་རུང་བར་ཁག་ཐེག་ཐོབ། ད་ལྟའི་ཆར་རྫོང་ཡོངས་སུ་ཞིང་སའི་འགན་བཅོལ་ཐོབ་པའི་ས་ཞིང་མུའུ་ཁྲི10.8ཡོད་ལ། ཞིང་བའི་ས་ཞིང་རྒྱ་ཁྱོན་ལ་མུའུ་ཁྲི8.9ཡོད་པ་དེར་གཞི་རྩའི་སྲུང་སྐྱོབ་ཐོབ་ཡོད།

ལོ་འདི་དག་གི་རིང་ལ། ཡ་རྫི་རྫོང་གིས་ཞིང་བའི་ས་ཞིང་བདག་དོམ་བྱ་བར་ཤུགས་བསྣན་ནས་པེ་ཀྲོང་གྲོང་རྡལ་གྱི་མ་རུ་སྡེ་བ་དང་ཀ་རིང་ཤང་གི་བར་ལུང་སྡེ་བ། འགབ་མ་སོགས་སྡེ་བ5ལ་ཞིང་ས་མུའུ4800ལག་བསྟར་བྱེད་པའི་དག་ཐེར་ལས་གཞི་ལག་བསྟར་བྱས། ཁྲིམས་འགལ་གྱི་ས་ཞིང་བདག་འཛིན་བྱས་པའི་བྱ་སྤྱོད་ལ་རྩད་གཅོད་བྱེད་པའི་ཚད་ཆེས་ཆེར་བཏང་། ས་ཞིང་གི་བདག་དབང་ལ་ཁག་ཐེག་བྱས་ནས་ས་ཞིང་གི་བདག་དོམ་བཅའ་ཁྲིམས་དང་ས་ཞིང་གི་བེད་སྤྱོད་འཆར་འགོད་ལེགས་པོར་སྒྲུབ། 2018ལོར་ཁྲིམས་འགལ་སྒོས་ས་ཞིང་བདག་འཛིན་བྱས་པའི་འཛུགས་སྐྲུན་དག་ཡོངས་སུ་བཤིགས་ནས་ས་ཞིང་རྨིད་གྲུ་བཞི་མ7591.6སླར་གསོ་བྱས་ཤིང་། ཆད་དངུལ་སྒོར་ཁྲི484.1བསྡུ་ལེན་བྱས། དེ་མིན་འབྲེལ་ཡོད་འགན་ཁུར་མི་སྣ38ལ་ཆད་པ་བཅད་དེ་ས་ཞིང་བཀོལ་སྤྱོད་ཀྱི་བྱ་སྤྱོད་ནུས་ལྡན་སྒྲིག་སྲོལ་ཅན་ཏུ་བཏང་ཡོད།

དེ་དང་ཆབས་ཅིག་ཡ་རྫི་རྫོང་གིས་རྨ་ཆུའི་འབབ་རྒྱུན་གྱི་ཐང་གཞོང་དུ་མུའུ་ཁྲི་བརྒྱ་ལྷག་གི་ས་ཞིང་གསར་སྤེལ་དག་ཐེར་ལས་གཞི་དེ་ཞིང་ལས་འཕེལ་རྒྱས་ཀྱི་ཞིང་ས་དང་ཐོན་ལས་སྒྲིག་གཞི་སྙོམས་སྒྲིག་ལ་སྐུལ་འདེད་བྱེད་པར་འགན་སྲུང་སྒོས། ཞིང་བའི་ཡོང་སྒོ་འཕར་སྣོན་ཐད་ལ་རོགས་རམ་བྱས་ཏེ་དམངས་ཚིས་བཟོ་སྐྲུན་གལ་ཆེན་ཏུ་དམ་འཛིན་བྱས། ད་ལྟའི་བར་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར2.1གཏོང་བ་ལེགས་འགྲུབ་བྱུང་ཤིང་གསར་སྤེལ་དག་སྒྲིག་ས་ཞིང་སྤྱི་ཆིངས6706.29དང་གསར་སྣོན་བྱས་པའི་ཞིང་ས་སྤྱི་ཆིངས878.75ཡོད། ས་ཞིང་གི་ཁ་གསབ་རིན་དངོས་དངོས་འབེབས་ཐད། རྫོང་དེས2018ལོར་ཞིང་སའི་སྲུང་སྐྱོབ་ཀྱི་ཁ་གསབ་རོགས་དངུལ་སྒོར་ཁྲི1874.50བྱིན། རྫོང་རིམ་པའི་ནོར་སྲིད་ཀྱིས་སྒྲིག་གཞིའི་ཁ་གསབ་རོགས་དངུལ་སྒོར་ཁྲི40བརྩོན་ལེན་བྱས་ཏེ། བཟའ་འབྲུའི་བབ་བསྟུན་འགྲོ་སོང་སྒོར་ཁྲི30བཏང་པ་དང་བཟའ་འབྲུའི་ཐོན་ཚད་དང་མཁོ་སྤྲོད་ཚོང་ར་བརྟན་འཇགས་སུ་བཏང་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།