ཀྲེ་ཅང་སློབ་གསོའི་མཚོ་སྔོན་རོགས་སྐྱོར་ཚོགས་པས་ཚྭ་འདམ་ཆེ་བའི་སློབ་མ་དག་ལ“ཤེས་རབ”བསྣན་པ།

ཟླ3པའི་ཚེས31ཉིན། ཀྲེ་ཅང་མཚོ་སྔོན་རོགས་སྐྱོར་བཀོད་འདོམས་པུའུ་ཡི་སྣེ་ཁྲིད་འོག་མཚོ་སྔོན་སློབ་གསོའི་རོགས་སྐྱོར་རུ་དཔུང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཚྭ་འདམ་ཆེ་བ་སྲིད་འཛིན་ཨུ་ཡོན་དུ་འོངས་ནས་ཚོ་ཁག་གི་རྣམ་པ་སྤྱད་དེ་ཁ་གཏད་རོགས་སྐྱོར་བྱེད་སྒོ་སྤེལ། ཐེངས་འདིའི་མཚོ་སྔོན་སློབ་གསོའི་རོགས་སྐྱོར་རུ་ཁག་ནི་ཧང་ཀྲུའུ་ནས་འོངས་བའི་དགེ་རྒན10ཡིས་གྲུབ་ཡོད།

རོགས་སྐྱོར་འགོ་ཚུགས་པའི་མཛད་སྒོའི་སྟེང་ཀྲེ་ཅང་གི་མཚོ་སྔོན་རོགས་སྐྱོར་དགེ་རྒན་གྱི་འཐུས་ཚབ་པ་ཀོའུ་ཡན་གྱིས་རང་སྟེང་གི་བྱ་བའི་ཉམས་མྱོང་དང་ཟུང་དུ་སྦྲེལ་ནས། རང་ཉིད་མཚོ་ནུབ་སློབ་གསོའི་རོགས་སྐྱོར་ཐད་ལ་འོངས་བའི་སེམས་ཀྱི་མྱོང་ཚོར་རྒྱས་བཤད་བྱས། དེ་མིན་མཛའ་བརྩེ་ལ་བརྟེན་ནས་དོན་དག་སྒྲུབ་པ་དང་རྒྱུ་འབྲས་ཀྱི་བྱ་བ་སྒྲུབ་སྟེ་མཐོ་སྒང་གི་བྱིས་པ་དག་ལ་ངོ་མཚར་བའི་གོ་སྐབས་མང་པོ་ཞིག་སྐྲུན་པར་ཧུར་ཐག་འབད་ཐག་བྱེད་པའི་ངོ་མཚར་བའི་གཏམ་རྒྱུད་ཡང་བཤད། དེའི་འཕྲོར་མཚོ་སྔོན་གྱི་རོགས་སྐྱོར་དགེ་རྒན10ཡིས་སྤྱི་ཡོངས་སློབ་ཁྲིད་བྱས་ཏེ། བསླབ་ཚན་བརྗོད་བྱ་ཡིན་པའི་སློབ་ཁྲིད་ཞིབ་འཇུག་བྱ་འགུལ་ཡང་སྤེལ་ནས། ངོ་མཚར་བའི་སློབ་ཁྲིད་ཀྱི་རྩལ་ནུས་མང་པོ་ཞིག་འགྲེམས་སྤེལ་བྱས་ཡོད།

སྲིད་འཛིན་ཨུ་ཡོན་ལྟེ་གནས་ཀྱི་སློབ་གྲྭའི་ལས་བྱེད་པ་དང་དགེ་སློབ་འཐུས་ཚབ་མི་སྣ200ལྷག་ཐེངས་འདིའི་བྱ་འགུལ་ལ་ཞུགས་ཡོད། ཐེངས་འདིའི་བྱ་འགུལ་བདེ་བླག་ངང་སྤེལ་བ་བརྒྱུད་ཚྭ་འདམ་གཞོངས་ཀྱི་སློབ་གསོའི་བྱ་གཞག་གི་ཞན་ཆ་ཁ་སྐོང་གིས་རང་སྟེང་གི་ནུས་པ་མཐོར་འདེགས་སུ་བཏང་ཡོད། ཡུལ་དངོས་ཀྱི་སྤྱི་བསྒྲགས་སློབ་ཁྲིད་དང་ཁ་གཏད་རང་བཞིན་གྱི་སློབ་ཁྲིད་ཞིབ་འཇུག་དཔྱད་སྡུར་བརྒྱུད་སྲིད་འཛིན་ཨུ་ཡོན་ལྟེ་གནས་ཀྱི་སློབ་གྲྭའི་དགེ་སློབ་དག་གི་བསམ་བློའི་སྒོ་འཕར་ཕྱེས། དེ་དང་ཆབས་ཅིག་ས་ཁུལ་མི་འདྲ་བའི་དགེ་རྒན་རྣམས་ཀྱིས་ཕན་ཚུན་བར་ལ་བསམ་བློ་བརྗེ་རེས་བྱས་ནས། ཚང་མའི་སློབ་ཁྲིད་ཀྱི་ཞིབ་འཇུག་འདུ་ཤེས་མཐོར་འདེགས་སུ་བཏང་ཞིང་སློབ་ཁྲིད་ཀྱི་སྤུས་ཚད་འདུ་ཤེས་ཡང་གཏིང་ཟབ་ཅན་ཏུ་བཏང་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།