གསེར་ཆེན་རྫོང་ཨུའི་ལྟེ་གནས་ཚོ་ཆུང་གིས་སློབ་སྦྱོང་གྲོས་ཚོགས་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཉེ་སྔོན་གསེར་ཆེན་རྫོང་ཨུའི་ལྟེ་གནས་ཚོ་ཆུང་གིས་སློབ་སྦྱོང་གྲོས་ཚོགས་བསྡུས་ཏེ། རྒྱལ་ཁབ་ཀྱི་གནད་འཁེལ་དབུལ་སྐྱོར་སྲིད་ཇུས་ཀྱི་ཀློག་འགྲེལ་ཆེད་དོན་བརྗོད་བྱའི་འཆད་ཁྲིད་ལ་ཉན་པ་དང་འབྲེལ་ཡོད་ཡིག་ཆའི་དགོངས་དོན་དྲིལ་སྒྲོག་དང་སློབ་སྦྱོང་བྱས། རྫོང་ཨུའི་ལྟེ་གནས་ཚོ་ཆུང་དག་གི་ཁོངས་མི་དང་གཏན་ཁེལ་བྱས་པའི་གྲོས་ཞུགས་མི་སྣ། ཤང་དང་གྲོང་རྡལ་སོ་སོའི་ཏང་ཨུའི་ཧྲུའུ་ཅི། རྫོང་ཐད་གཏོགས་ལས་ཁུངས་སོ་སོའི་འགན་ཁུར་མི་སྣ་དང་སྡེ་སྡོད་ཧྲུའུ་ཅི་དང་པོ་བཅས་ཟབ་ཞུགས་བྱས་ཡོད།

ཞིང་ཆེན་རྒྱལ་ཁབ་དབུལ་ཕོངས་རྫོང་གི་ཆེད་དོན་དཔྱད་འཇོག་ཞིབ་བཤེར་ཆེད་ལས་ཚོ་ཆུང་གི་འགོ་བ་གཞོན་པ་དང་ཞིང་ཆེན་རིམ་པའི་ཕྱོགས་གསུམ་པའི་དཔྱད་འཇོག་ཚོ་ཆུང་གི་འགོ་བ་ཝུའུ་ཅན་ཧའེ་ཡིས《རྒྱལ་ཁབ་ཀྱི་གནད་འཁེལ་དབུལ་སྐྱོར་བྱ་བའི་གྲུབ་འབྲས་དཔྱད་འཇོག་ཞིབ་བཤེར་སྲིད་ཇུས་ཀྱི་ཀློག་འགྲེལ》ཞེས་པ་བརྗོད་དོན་དུ་བཟུང་ནས། གསེར་ཆེན་རྫོང་གི་དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་དོན་དངོས་ལ་ཟུང་འབྲེལ་སྒོས་དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་གནད་དོན་དེ། ཀྲུང་དབྱང་སྐོར་ཞིབ་ཚོགས་པར་སྙན་སེང་ཞུས་པ་བརྒྱུད་རྒྱལ་ཁབ་གནད་འཁེལ་དབུལ་སྐྱོར་བྱ་བའི་གྲུབ་འབྲས་དཔྱད་འཇོག་གཞུང་ལུགས་ཀྱི་རྨང་གཞི། ཚད་གཞི་ལས་ཕྱིར་འབུད་དང་བརྒྱུད་རིམ་བཅས་ཀྱིས་ཡང་དག་པའི་སྒོ་ནས་ཞིབ་བཤེར་ཚད་ལེན་བཀོད་སྒྲིག་ཡང་དག་པའི་རེ་འདུན་འོག་དབུལ་ཐར་མཁྲེགས་གཏོར་བྱ་བའི་བཀོད་སྒྲིག་སོགས་ཀྱི་ཐད་ལ་ཡང་ཀློག་འགྲེལ་ཡང་དག་པ་བྱས། འཆད་ཁྲིད་ཀྱི་བརྗོད་དོན་ཞིབ་གསལ་ཅན་དང་གཙོ་གནད་འབུར་དུ་ཐོན་པ། བསམ་བློ་ཡང་དག་པ། འཆད་ཁྲིད་གནད་ལ་ཁེལ་བ་བཅས་ཀྱིས་གསེར་ཆེན་རྫོང་གི་ཀྲུང་དབྱང་སྐོར་ཞིབ་གནད་དོན་རེ་རེ་ཐད་ལ་ཡོ་བསྲང་བྱས་ནས། གནད་འཁེལ་དབུལ་སྐྱོར་བྱ་བ་དམ་འཛིན་གྱིས་དབུལ་ཕོངས་ཞྭ་མོ་ཕུད་པའི་མཛུབ་སྟོན་རང་བཞིན་དང་ཁ་གཏད་རང་བཞིན། ལས་སྣོན་རང་བཞིན་བཅས་ཤུགས་དྲག་པོ་ལྡན་པ་རེད།

གྲོས་ཚོགས་ཀྱི་སྟེང་དུ་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་ཐད་ལ་གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་གཏིང་ཟབ་སྒོས་སྤེལ་པར་སློབ་སྦྱོང་དང་གཞུང་ལུགས་ཀྱི་འབྲེལ་གཏུག་དོན་དངོས་དམ་འཛིན་གྱིས་གནད་དོན་རེ་རེ་ཡོ་བསྲང་བྱས། ཁྱོན་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་བྱ་བའི་རིགས་སོ་སོའི་འགན་འཁྲི་མི་འདྲ་བ་གསུམ་གྱི་བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་བྱས།

རྒྱུས་ལོན་བྱུང་པ་ལས་ཤེས་གསལ་ལྟར་ན། ད་ལོ་ནི་གསེར་ཆེན་རྫོང་གིས་དབུལ་ཕོངས་ཞྭ་མོ་འཕུད་པའི་སྲ་མཁྲེགས་ཀྱི་ལོ་དང་ལག་བསྟར་དངོས་འབེབས་ཀྱི་ལོ་ཡང་ཡིན་པས། ས་གནས་ཏང་ཨུ་དང་སྲིད་གཞུང་གིས་ཀྲུང་དབྱང་གི་སྐོར་ཞིབ་ཚོ་ཆུང་གིས་བཏོན་པའི་གནད་དོན་རེ་རེ་ལ་ཡོ་བསྲང་བྱས་པ་དང་ཆབས་ཅིག ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ལྟ་སྐུལ་དང་ལྟ་ཞིབ། རྩིས་བཤེར། ཞིབ་བཤེར་བཅས་བརྒྱུད་དེ་གནད་དོན་མི་འདྲ་བ་དག་ལ་དུས་ལྟར་ཡོ་བསྲང་བྱས། དེ་དང་ཆབས་ཅིག་སློབ་སྦྱོང་གི་ནང་དོན་ལ་ཟུང་འབྲེལ་སྒོས་ཚད་གཞི་གསལ་སྟོན་ངང་ཁྱོན་ཡོངས་ནས་རྩད་གཅོད་བྱས་པ་བརྒྱུད་གནད་དོན་གྱི་ཡོ་བསྲང་ཇུས་གཞི་དང་ཡོ་བསྲངས་གནད་དོན་རྩིས་ཐོར་འཇོག་པ། འགན་འཁྲི་ལ་ཡོ་བསྲང་བྱེད་པ་བཅས་ཀྱིས་གནད་དོན་ཡོད་ཚད་ལ་ཁྱོན་ཡོངས་ནས་གཙང་སེལ་ལེགས་པོ་ཞིག་བྱས་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།