ལུང་མདོ་རྫོང་བོད་རིགས་སྡེ་བས་དབུལ་ཐར་མཁྲེགས་གཏོར་བྱས་ཏེ་ཕྱུག་འགྱུར་ལམ་དུ་སྙེག་པའི་སྒོ་འཕར་ཕྱེས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། འཕྲུལ་འཁོར་གྱི་སྒྲ་དུང་རིང་མོ་དང་འགྲོགས་ནས་ས་བསློགས་འཕྲུལ་ཆས་ཀྱི་རྩལ་ནུས་གཙོ་བོ་ཡིན་པའི་ཡུལ་དངོས་གསབ་སྦྱོང་ཞིག་གི་ལག་རྩལ་དེ་ལུང་མདོ་ས་ཁུལ་ཀྲུང་པ་བོད་རིགས་ཤང་དུ་གནམ་ས་གཡོ་བ་ལྟར་འགོ་བརྩམས་བྱུང་། སློབ་མ་ལྔ་བཅུ་ལྷག་གིས་ཁྲིད་སྟོན་པའི་མཛུབ་ཁྲིད་འོག་ས་བསློགས་འཕྲུལ་ཆས་ཀྱི་བྱེད་ནུས་མི་འདྲ་བ་སོ་སོ་རེ་རེ་བཞིན་ཡུལ་དངོས་སུ་སློབ་མ་དག་ལ་ཁྲིད་པ་རེད།

“ལག་རྩལ་ཡོད་པ་ན་གང་ལས་ཀྱང་ངར་བ་རེད། ལོ་འདི་འདྲའི་མང་པོ་ཞིག་གི་རིང་ལ་ཅིའི་ཕྱིར་དཀའ་སྡུག་ཆེ་བའི་ལས་ཀ་ལས་ན་ཡང་སྒོར་མོ་ཉུང་བ་དེ་ནི་ལག་རྩལ་གྱིས་མ་འདང་པས་ལན་པ་རེད། ད་ལྟ་ལག་རྩལ་སྦྱངས་ཟིན་པས་སྒོར་མོ་བཙལ་བའི་ལམ་ཡང་རྙེད་ཡོད།”ཅེས་ཤང་གིས་ལས་ཀའི་རྩལ་ནུས་གསབ་སྦྱོང་རྩ་འཛུགས་བྱེད་པའི་ཀྲུང་པ་སྡེ་བའི་སྡེ་མི་ཀང་ཐའོ་ཡིས་རང་གི་སེམས་ཚོར་ངོ་མ་དེ་བཤད་བྱུང་།

གསབ་སྦྱོང་ལ་ཞུགས་པ་འདྲ་ན་ཡང་ལོ་ན་སུམ་བཅུ་ལྷག་ལ་སོན་པའི་ཧོང་ཀྲུང་སྡེ་བའི་སྡེ་མི་མ་ཧའེ་ཞང་ལ་རིག་གནས་ཀྱི་ཆུ་ཚད་མཐོ་རྒྱུ་མེད་པས། འཚོ་བ་ཡང་ཅུང་དཀའ་ཁག་ལ་འཕྲད་ཡོད། ཤང་གིས་རྩ་འཛུགས་བྱས་པའི་ཟ་མ་གཡོ་སྐོལ་གསབ་སྦྱོང་ལ་ཞུགས་རྗེས། ཁོ་མོའི་བསམ་ཚུལ་ཇེ་མང་དུ་སོང་ཞིང་དུས་ཚོད་དམ་འཛིན་བྱས་ཏེ་ཟ་མ་གཡོ་སྐོལ་ལ་སྦྱངས་བ་མཐར་ཕྱིན་དུ་བཅུག་པས། ཞིང་ལས་ཀྱི་ཁོམ་གསེང་དུས་ཚོད་བེད་སྤྱད་དེ་སྒོར་མོ་བཙལ་ནས་རང་གི་འཚོ་བའི་ཡོང་སྒོ་ཇེ་མང་དུ་བཏང་།

ཁྱིམ་དུ་ཞིང་ས་ལེགས་པོ་སྤྱི་ཆིངས་སྟོང་ལྷག་ཡོད་ན་ཡང་། དེ་ནི་རང་གི་ལུས་སྟེང་གི་ལག་རྩལ་གྱི་དོ་ཡ་ལ་མི་འོངས་པ་རེད། དེ་ཡང་ས་ཁུལ་ཡོངས་ཀྱི་དབུལ་ཕོངས་ཀྱི་ཚད་གཞི་གཏིང་ཟབ་ལ། དབུལ་ཐར་མཁྲེགས་གཏོར་གྱི་འཁུར་གདོས་ཆེས་ལྕི་བའི་མཐའ་འཁོར་ཤང་གྲོང་རྡལ་ཏེ། ཀྲུང་པ་བོད་རིགས་ཤང་གི་ཤང་ཏང་ཨུའི་སྲིད་གཞུང་གིས་ཞིང་གྲོང་གི་ཕྱུག་འགྱུར་ངལ་རྩོལ་ནུས་ཤུགས་ཀྱི་རྩལ་ནུས་གསབ་སྦྱོང་དེ་དབུལ་ཐར་མཁྲེགས་གཏོར་གྱི་ནང་དོན་གལ་ཆེན་ཞིག་ཏུ་དམ་འཛིན་བྱས་ཡོད་ལ། ནང་སྒོས་སུ་དབུལ་ཁྱིམ་ཡིག་ཚགས་ཅན་གྱི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་རྩལ་ནུས་གསབ་སྦྱོང་དེ་གོ་གནས་འབུར་ཐོན་ཅན་ཏུ་བཞག་ནས་ཚོང་རའི་དགོས་མཁོ་དང་ངལ་རྩོལ་ནུས་ཤུགས་ཀྱི་འདོད་མོས་ནང་བཞིན་གསབ་སྦྱོང་འཆར་གཞི་ལག་བསྟར་བྱས། གསབ་སྦྱོང་གི་ནང་དོན་དང་གསབ་སྦྱོང་གི་ཁ་གཏད་ཡུལ་དེ་གནད་འཁེལ་མཐུད་སྦྲེལ་གྱིས་དུས་བཅད་ལྟར་གནད་འཁེལ་གསབ་སྦྱོང་ལག་བསྟར་བྱས་ཏེ་དབུལ་ཕོངས་མང་ཚོགས་ཀྱི་ངལ་རྩོལ་རྩལ་ནུས་མཐོར་འདེགས་སུ་བཏང་པ་རེད། རྩལ་ནུས་གསབ་སྦྱོང་དང་ལས་བརྩོན་བརྒྱུད་སྤྲོད། ལས་དོན་སྐུལ་འདེད་བཅས་ཀྱིས་རྩལ་ནུས་དེ་རིམ་བསྒྱུར་སྒོས་མ་གཞི་ས་མདོག་སྐྱ་བོའི་ཀློང་གི་ཞིང་བ་དག་ཚོང་རའི་ལག་རྩལ་འཇོན་ཐང་ཅན་དུ་བཏང་ནས། རྒྱ་ཆེའི་ཞིང་བ་མང་ཚོགས་ཀྱིས་འཕེལ་རྒྱས་ཀྱི་ཐོན་སྐྱེད་དང་ཕྱིར་སྐྱོད་ལས་དོན་ལ་བརྟེན་ནས་ཁྱོན་ཡོངས་ནས་དབུལ་ཐར་སྒོས་ཞིང་བ་མང་ཚོགས་ཕྱུག་འགྱུར་གྱི་ལམ་ལ་སྙེག་དུ་བཅུག

རྒྱུས་ལོན་བྱུང་པ་ལྟར་ན། ལས་དོན་རྩལ་ནུས་གསབ་སྦྱོང་གིས་གནད་འཁེལ་དབུལ་སྐྱོར་བྱ་བར་རོགས་སྒྲུབ་དང་སྐུལ་འདེད་དེ་ཤང་ཡོངས་ཀྱི་ཁྱབ་ཁོངས་སུ་སྤེལ་བ་དང་། ཤང་ཡོངས་ཀྱི་ཁྱིམ་ཚང223ལྷག་གི་དབུལ་ཕོངས་ངལ་རྩོལ་ནུས་ཤུགས་ཅན་མི་གྲངས434ལརྩལ་ནུས་གསབ་སྦྱོང་ཡོངས་སུ་ཁྱབ་པར་བྱས། ནུས་ཤུགས་གང་ཡོད་སྒོས་མང་ཚོགས་ཀྱི་ལས་དོན་རྩལ་ནུས་དང་རང་ཉིད་འཕེལ་རྒྱས་ཀྱི་ནུས་པ་སྔར་ལས་ཆེས་ཆེར་བཏང་ཤིང་། ཧུར་བརྩོན་ལ་བརྟེན་ནས་དངུལ་ཕོངས་ཁྱིམ་ཚང་དག་གིས་རང་ལ་ལག་རྩལ་ཡོད་པ་ན། ལྟོ་རྒྱབ་ལ་འདང་རྒྱག་མེད་པའི་ཚད་གཞི་མངོན་འགྱུར་བྱས། 2018ལོར་ཤང་ཡོངས་སུ་ངལ་རྩོལ་ནུས་ཤུགས་མི་གྲངས3447ཡིས་ངལ་རྩོལ་ཡོང་སྒོ་སྒོར་ཁྲི5170བཙལ་པ་མངོན་འགྱུར་བྱས། དེའི་ཁྲོད་དབུལ་ཕོངས་ཀྱི་ངལ་རྩོལ་ནུས་ཤུགས་ཅན་གྱི་མི་གྲངས234དང་ངལ་རྩོལ་ཡོང་འབབ་སྒོར་ཁྲི351 ཆ་སྙོམས་བྱས་ན་མི་རེའི་ཡོང་འབབ་སྒོར་ཁྲི1.5ཡིན་པ་རེད། དེ་ལྟར་བོད་རིགས་ཤང་གི་མང་ཚོགས་ཀྱིས་དབུལ་ཐར་མཁྲེགས་གཏོར་སྒོ་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་པའི་སྒོ་འཕར་ཕྱེས་པ་མཚོན།

ལོ་ཙཱ་བ། ལྷ་དཔལ་སྐྱབས།