གཅིག་བསྡུས་བཅོས་སྐྱོབ་བྱེད་པའི་དབུལ་པོའི་ཚབས་ཆེའི་ནད་རིགས་ཀྱི་གྲངས་ཀ30ཡན་ལ་རྒྱ་བསྐྱེད་བཏང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གསར་འགོད་པས་ཉེ་ལམ་ཞིང་ཆེན་སྨན་ཁང་བཅོས་སྒྱུར་གཞུང་སྒྲུབ་ཁང་ནས་ཤེས་གསལ་ལྟར་ན། རང་རེའི་ཞིང་ཆེན་གྱིས་ད་ལོར་ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་དེ་རིམ་དགར་བརྟག་དཔྱད་དང་། དེང་རབས་སྨན་ཁང་གི་དོ་དམ། དམངས་ཡོངས་ཀྱི་སྨན་བཅོས་འགན་སྲུང་། སྨན་རྫས་འདོན་སྤྲོད་འགན་སྲུང་། ཕྱོགས་བསྡུས་ལྟ་སྐུལ་བཅས་ལྔ་ཡི་ལམ་ལུགས་འཛུགས་སྐྱོང་ཕྱོགས་ལ་དམིགས་ཏེ། ཕྱོགས་བདུན་ནས་མང་ཚོགས་ཀྱི་སྨན་པར་སྟོན་དཀའ་བ་དང་། ནད་བཅོས་ཡག་པོ་ཐོབ་དཀའ་བའི་གནད་དོན་ཐག་གཅོད་ཧུར་བརྩོན་བྱ་བ་དང་། དེ་ལས་དཀའ་ངལ་ཅན་གྱི་དབུལ་པོར་ཚབས་ཆེའི་ནད་རིགས་བྱུང་བར་གཅིག་བསྡུས་སྨན་བཅོས་བྱེད་པའི་ནང་ནད་རིགས30ཡན་ཇེ་མང་དུ་བཏང་ཡོད་པས། དེའི་ནང་ཚུན་གྱི་ནད་གང་བྱུང་བའི་མང་ཚོགས་དབུལ་པོའི་ནད་བཅོས་ལ་དམིགས་བསལ་ཡོད་པ་རེད།

རིམ་དགར་ནད་བཅོས་ལམ་ལུགས་འཛུགས་སྐྱོང་ཏན་ཏིག་ལ་སྐུལ་འདེད་གཏང་བ། སྨན་བཅོས་སྡེ་ཤོག་གམ་སྨན་བཅོས་ཧྲིལ་པོར་ཚགས་དམ་པོ་ཅན་གྱི“མཉམ་སྦྲེལ་དྲ་རྒྱ+ཁྱིམ་ཚང་སྨན་པའི་ཆིངས་བཞག་ཞབས་ཞུ”ལག་བསྟར་དང་། ཁྲག་ཤེད་མཐོ་བ་དང་གཅིན་སྙི་སྲ་ཁུ་ལ་སོགས་ཀྱི་གཅོང་ནད་རིགས་ལ་ཕན་པའི་སྨན་རྫས་རྣམས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སུ་བཀོད་སྒྲིག་བརྒྱབ་ནས་གཟའ་འཁོར་བརྒྱད་ཀྱི་སྨན་གྱི་སྨན་ཐོ་མཁོ་འདོན་ཞབས་ཞུ་ལ་སོགས་འདོན་རྒྱུ། གཞུང་གཉེར་སྨན་ཁང་གི་ཕྱོགས་བསྡུས་བཅོས་སྒྱུར་ལྷོད་མེད་ཟབ་སྤེལ་བྱས་ཏེ། དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་སྒྲིག་བཟོ་དང་། རྒྱལ་ཁབ་རིམ་པའི་ཚོད་ལྟའི་ལས་ཀ་སྒྲིག་འཛུགས་ཐོག་བསྒྲུབ་པ། གཞུང་གཉེར་སྨན་ཁང་གི་གླ་ཕོགས་ལམ་ལུགས་བཅོས་སྒྱུར་དང་སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ།ཞིབ་འཇུག་ཐོག་རེབ་གསར་པའི་སྨན་བཅོས་ཞབས་ཞུའི་རིན་གོང་སྙོམ་སྒྲིག་ཇུས་གཞི་དང་ལག་བསྟར་གོ་རིམ་བཟོས་ནས་སྨན་བཅོས་ཞབས་ཞུའི་རིན་གོང་སྙོམ་སྒྲིག་ལས་གཞི་ལ་འཕྲལ་མར་དཔྱད་ཞིབ་བྱས་ནས་སྨན་བཅོས་ཞབས་ཞུའི་ཡོང་འབབ་ཀྱི་ཟིན་ཚད་ཇེ་མཐོར་གཏང་རྒྱུ། གཞུང་གཉེར་སྨན་ཁང་གི་སྨན་སྤྱོད་ཟད་གྲོན་རྒྱུ་ཆ“ཁ་སྣོན”བཅོས་སྒྱུར་གྱི་སྔོན་འགྲོའི་གྲ་སྒྲིག་ལས་ཀ་སོགས་ལེགས་པོར་བསྒྲུབ་པ། དམངས་ཡོངས་ཀྱི་སྨན་བཅོས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གི་མ་དངུལ་གྲབས་གསོག་ཚད་གཞི་མུ་མཐུད་ཇེ་མང་དུ་བཏང་ནས་མཉམ་དུ་ནོར་སྲིད་ཁ་གསབ་དང་མི་སྒེར་གྱི་གྲོན་འཇལ་ཁ་སྣོན་རྒྱག་ཏུ་འཇུག་པ་དང་། དབུལ་པོར་ཚབས་ཆེའི་ནད་རིགས་ཕོག་པར་གཅིག་བསྡུས་བཅོས་སྐྱོབ་ཀྱི་ནད་རིགས་ནང་ནད་རིགས30ལྷག་ཇེ་མང་དུ་བཏང་སྟེ། སྨན་བཅོས་དབུལ་སྐྱོར་ལམ་ལུགས་སོགས་བཙུགས་ནས་སྨན་རྫས་འདོན་སྤྲོད་འགན་སྲུང་ལམ་ལུགས་གཟུག་པར་ཤུགས་རྒྱག་རྒྱུའི་འཆར་གཞི་འདུག 

གཞན་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་རྫས་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། བཀོལ་སྤྱོད་གནས་ཚུལ་སྨན་བཅོས་ལས་ཁུངས་ཀྱི་ཞིབ་དཔྱད་ནང་དོན་དུ་འཇུག་པ་དང་། སྨན་རྫས་དཀོན་རིགས་ལ་ལྟ་སྐུལ་སྔོན་བརྡ་དང་རིམ་དགར་ཁ་གཏད་འཇལ་བའི་ལམ་ལུགས་སོགས་འཐུས་ཚང་དུ་བཏང་སྟེ། སྨན་བཅོས་འགན་སྲུང་ཐེབས་རྩ་མགོ་སྐོར་གཡོ་ལེན་བྱེད་པར་ཆེད་དོན་རྡུང་རྡེག་སོགས་སྤེལ་རྒྱུ། སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མ་ལག་འཐུས་ཚང་དང་། བྱིས་པའི་སྨན་ཁང་གི་འཕྲོད་བསྟེན་ཞབས་ཞུ་མ་ལག་དང་ནུས་པ་དར་སྤེལ་ལ་ཤུགས་སྣོན། གཞི་རིམ་གྱི་རྒྱ་བོད་སྨན་བཅོས་ཀྱི་ཞབས་ཞུའི་ནུས་པ་བསྐྱེད་པའི་ལས་གཞི་དོན་འཁྱོལ་བཅས་བྱ་བ། ཁྲག་ཤེད་མཐོ་བ་དང་གཅིན་སྙི་སྲ་ཁུ་ནད་ནས་འགོ་བརྩམས་ཏེ། གཅོད་ནད་བདེ་ཐང་དོ་དམ་ལག་རྩལ་ཚད་ལྡན་དུ་གཏང་བ། གཅིག་གྱུར་གྱི་འཆར་འགོད་བཟོས་ཏེ་འབྲེལ་ཡོད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལ་སྐུལ་སྤེལ་དང་། སྨན་བཅོས་འཕྲོད་བསྟེན་དོན་ལས་ལས་ཁུངས་ཀྱི་མི་བཀོལ་བདག་དབང་ལག་བསྟར། འཕྲོད་བསྟེན་ཆེད་ལས་ལག་རྩལ་པའི་ལས་མིང་ལམ་ལུགས་བཅོས་སྒྱུར་ལ་སྐུལ་འདེད་བཅས་བྱ་རྒྱུ། “སྦྲེལ་དྲ+སྨན་བཅོས་བདེ་སྲུང”ལ་སྐུལ་སྤེལ་གཏིང་ཟབ་བྱས་ཏེ། ཞིང་ཆེན་གྱི་གཅིག་གྱུར་འཆར་འགོད་བཟོས་པའི་ཁྱབ་ཁོངས་ཀྱི་སྟེགས་བུ་རིམ་ཁག་འཕྲོད་བསྟེན་ཞབས་ཞུའི་ལས་ཁུངས་སུ་ཁྱབ་གདལ་བཏང་ནས་ཉུང་མཐའ་ཡང50%ཡི་རིམ་པ་གསུམ་པའི་སྨན་ཁང་དུ་སྨན་བཅོས་ཞབས་ཞུའི་ཆ་འཕྲིན་ཕན་ཚུན་འབྲེལ་གཏོང་མཉམ་སྤྱོད་ཐུབ་པ་བྱ་བ། ཟི་ལིང་གྲོང་ཁྱེར་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་གཏན་འཁེལ་གྱི་སྨན་བཅོས་ཁམས་གསོ་ཟུང་འབྲེལ་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བསྟུན་པའི་བྱ་བ་སོགས་བསྒྲུབ་རྒྱུ་ཡིན་འདུག

ཁོན་ཐར་འཚོས་བསྒྱུར།