ཕོ་བྲང་པོ་ཏ་ལའི་ངོ་མཚར་བའི“ས་འོག་ཕོ་བྲང་།”

ཕོ་བྲང་པོ་ཏ་ལའི་ཨར་ལས་ཀྱི་ཇུས་འགོད་རི་མོ་ཐོག་མ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། སྙན་གྲགས་ཀྱི་བ་དན་ཕྱོགས་བཞིར་ཁྱབ་པའི་ཕོ་བྲང་པོ་ཏ་ལ་ནི་ལྷ་ས་དམར་པོ་རིའི་སྟེང་དུ་ཆགས་ཤིང་། ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་འོད་ཟེར་འཕྲོས་ཏེ་སུམ་རྩེན་ས་ལ་འཕོས་པ་དང་མཚུངས་པར་བོད་ལྗོངས་ཀྱི་དབུས་སུ་བརྗིད་ཉམས་དང་ལྡན་པའི་སྒོ་ནས་ཀེ་རེར་ལངས་ཏེ་གནས་ཡོད།

“ས་འོག་ཕོ་བྲང་”དེ་དག་རྩིག་ཤུལ་ཡིན་པ།

གསང་བའི་”ཕོ་བྲང་”ཟེར་བ་དེ་ནི་དོན་དམ་དུ་ཕོ་བྲང་པོ་ཏ་ལའི་རྩིག་ཤུལ་ཡིན་པ་དང་། དེ་ནི་ཕོ་བྲང་པོ་ཏ་ལའི་ནང་གི་ཆེས་ངོ་མཚར་ཆེ་ལ་དེང་རབས་སྤྱི་ཚོགས་ཀྱིས་ཕྱི་ཤོས་ཤེས་རྟོགས་ཐུབ་པའི་འཛུགས་བསྐྲུན་གྱི་ངོ་མཚར་ཞིག་ཡིན། མིག་སྔའི་བར་རྩིག་ཤུལ་༡༢༠༠ལྷག་རྙེད་ཡོད།

ད་སྔའི་བར་དུ་ཕོ་བྲང་པོ་ཏ་ལའི་ཁང་མིག་ཁ་གྲངས་ལ་ས་སྟེངན༡༢༠༦མ་གཏོགས་འདུས་མེད་པ་དང་། ད་ལྟ་ས་འོག་ནས་རྩིག་ཤུལ་༡༢༠༠ལྷག་རྙེད་ཡོད་ཅིང་། དེ་དག་ད་དུང་ཆ་ཚང་ཡིན་མི་སྲིད། གང་ལྟར་ཕོ་བྲང་པོ་ཏ་ལར་ལས་ཀ་བྱེད་མཁན་རྣམས་ཀྱིས་ལོ་རེ་བཞིན་དུ་རྩིག་ཤུལ་འཚོལ་བཤེར་དང་སྲུང་སྐྱོབ་བྱེད་ཀྱིན་ཡོད།

ཕོ་བྲང་པོ་ཏ་ལའི་ངོ་མཚར་བའི“ས་འོག་ཕོ་བྲང་།”

ཟླ3ཚེས27དང28ཉིན་ཕོ་བྲང་པོ་ཏ་ལ་གནས་སྐབས་སྒོ་རྒྱག་རྒྱུ་རེད། 

གསར་འགོད་པས་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱུང་བར། ཕོ་བྲང་པོ་ཏ་ལའི་སྤྱི་ཡོངས་བདེ་འཇགས་ཞིབ་བཤེར་དཔྱད་དཔོག་གི་དགོས་མཁོའི་དབང་གིས། བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚན་པའི་ཆོག་མཆན་ཐོབ་པ་བརྒྱུད། ཟླ་3ཚེས་27ཉིན་གྱི་ཕྱི་དྲོའི་ཆུ་ཚོད་14∶00ནས་ཟླ་3ཚེས་28ཉིན་བར་ཕོ་བྲང་པོ་ཏ་ལ་གནས་སྐབས་སྒོ་རྒྱག་རྒྱུ་ཡིན་པ་དང་། ཟླ་3ཚེས་29ཉིན་ནས་བཟུང་སྔར་རྒྱུན་བཞིན་སྒོ་འབྱེད་རྒྱུ་རེད།

ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས། ཟླ་3ཚེས་27ཉིན་གྱི་ཕྱི་དྲོ་དང་ཟླ་3ཚེས་28ཉིན་ཕོ་བྲང་པོ་ཏ་ལར་ལྟ་སྐོར་དང་ཆོས་མཇལ་ལ་ཕེབས་མཁན་རྒྱ་ཆེའི་ཡུལ་སྐོར་བ་དང་གྲོང་མི་ཚོས་ལྟ་སྐོར་དང་ཆོས་མཇལ་ལ་འགྲོ་བའི་དུས་ཚོད་གཞན་ལ་སྤྱོད་དགོས་པའི་དྲན་སྐུལ་བྱས་འདུག