ཞིང་ཆེན་ཡོངས་ཀྱི་སྨྱན་བྱེད་གཏིང་ཟབ་མཉམ་སྲེའི་བྱ་བའི་སྐུལ་སྤེལ་ཚོགས་འདུ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ3པའི་ཚེས27ཉིན་གྱི་སྔ་དྲོར། ཞིང་ཆེན་ཡོངས་ཀྱི་སྨྱན་བྱེད་གཏིང་ཟབ་མཉམ་སྲེའི་བྱ་བའི་སྐུལ་སྤེལ་ཚོགས་འདུ་བསྡུས་པ་དང་། ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་སྐབས་བཅུ་གཉིས་པའི་ཐུན་མོང་སློབ་སྦྱོང་སྐབས་སུ་གནང་བའི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། བརྒྱུད་སྒྲོག་སློབ་སྦྱོང་ཁྲོད་སྨྱན་བྱེད་མཉམ་སྲེའི་བྱ་བའི་སྐུལ་འདེད་ཚོགས་འདུའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་སྒྲོག་བྱས་ཏེ། མཚོ་སྔོན་ཞིང་ཆེན་སྨྱན་བྱེད་མཉམ་སྲེའི་འཕེལ་རྒྱས་བྱ་བར་བཀོད་སྒྲིག་གང་ལེགས་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་པུའུ་ཀྲང་ཀྲང་ཞི་མེན་གྱིས་གཏམ་བཤད་གནང་བ་རེད།

ཀྲང་ཞི་མེན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་སྐབས་བཅུ་གཉིས་པའི་ཐུན་མོང་སློབ་སྦྱོང་སྐབས་ཀྱི་གསུང་བཤད་དགོངས་དོན་ལས། སྨྱན་བྱེད་དུས་རབས་ཀྱི་གོ་སྐབས་དང་འགྲན་སློང་བྱེད་པ་རྒྱས་བཤད་བྱས་པ་དང་།  སྨྱན་བྱེད་མཉམ་སྲེའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་དང་ཆོས་ཉིད་གསལ་སྟོན་བྱས། ཆ་འཕྲིན་ཅན་གྱི་ཆ་རྐྱེན་དང་འཚམ་པར་བྱེད་པ་དང་། སྨྱན་བྱེད་གཏིང་ཟབ་མཉམ་སྲེའི་སྐུལ་འདེད་བྱེད་པར་བཀོད་སྒྲིག་ཆེན་པོ་བྱས། སྨྱན་བྱེད་མཉམ་སྲེའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དང་། དུས་རབས་གསར་པའི་གནས་བབ་འོག་ཏུ་གསར་འགྱུར་དཔྱད་གླེང་བྱ་བ་བཟང་པོ་སྒྲུབ་ཆེད་ཁ་ཕྱོགས་གསལ་སྟོན་དང་གོ་རིམ་འདོན་སྤྲོད་བྱས་པ་རེད།

ཀྲང་ཞི་མེན་གྱིས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། ཆ་འཕྲིན་བཅོས་བསྒྱུར་གནས་བབ་ལ་རྒྱུས་ལོན་བྱེད་པ། ཆ་འཕྲིན་བཅོས་བསྒྱུར་གྱི་གྲུབ་འབྲས་བཀོལ་ཤེས་པ་བྱས་ནས། སྨྱན་བྱེད་མཉམ་སྲེའི་གཏིང་ཟབ་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེར་གཏོང་བ། ལས་རིམ་གཙོ་བོར་དམ་དུ་དམིགས་ཏེ།  ཞིང་ཆེན་ཡོངས་ཀྱི་སྨྱན་བྱེད་མཉམ་སྲེའི་འཕེལ་རྒྱས་ཀྱིས་ཐོལ་བརྒལ་རང་བཞིན་གྱི་གྲུབ་འབྲས་ལེན་པར་སྐུལ་འདེད་བྱེད་པ་དང་། རྫོང་རིམ་པའི་སྨྱད་བྱད་མཉམ་སྲེའི་ལྟེ་གནས་འཛུགས་སྐྲུན་དང་བཀོལ་སྤྱོད་བྱེད་པ་གཙོར་བཟུང་ནས། མང་ཚོགས་ལ་སྐུལ་སློང་དང་མང་ཚོགས་ལ་སྣེ་ཁྲིད། མང་ཚོགས་ལ་ཞབས་ཞུ་ལེགས་པོར་སྒྲུབ་སྟེ།  ཏང་གིས་ལྟ་སྐུལ་དོ་དམ་བྱེད་པའི་སྨྱན་བྱེད་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། “འདུ་ཤེས་བཞི”ཤུགས་སྣོན་དང་“ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས”ལེགས་པོར་བསྒྲུབ་ནས་འདུ་ཤེས་རྣམ་པའི་བདེ་འཇགས་ཀྱི་སྒོ་ཆེན་ལེགས་པོར་བསྲུང་དགོས་ཟེར།

ཚོགས་ཐོག་ཏུ《མཚོ་སྔོན་ཞིང་ཆེན་རྫོང་རིམ་པའི་སྨྱད་བྱེད་མཉམ་བསྲེས་ལྟེ་གནས་འཛུགས་སྐྲུན་ལག་བསྟར་ཇུས་གཞི》དཔར་ནས་བཀྲམ་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།