སྟོབས་རྒྱལ་ལ་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་མ་ལ་སུང་གི་འགྲན་ཞུགས་ཐོབ་ཐང་རག་པ།

མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་24ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་རྒྱང་འབྲིང་རྒྱུག་ཤར་རུ་ཁག་ནས་ཤེས་རྟོགས་བྱུང་གསལ། ཚེས་24ཉིན་སྤེལ་བའི་2019ལོའི་ཞུས་ཀྲོའུ་རྒྱལ་སྤྱིའི་མ་ལ་སུང་འགྲན་བསྡུར་ཁྲོད་། ཅ་ཁར་ཐའི་ཡ་གླིང་ལུས་རྩལ་འགྲན་ཚོགས་ནང་སྐྱེས་པའི་མ་ལ་སུང་གི་ཟངས་ཀྱི་རྟགས་མ་ཐོབ་མཁན། བོད་ལྗོངས་ཀྱི་རྒྱང་རྒྱུག་ལུས་རྩལ་པ་གྲགས་ཅན་སྟོབས་རྒྱལ་གྱིས་ཆུ་ཚོད་2དང་སྐར་མ་10དང་སྐར་ཆ་31ཡི་མི་སྒེར་གྱི་གྲུབ་འབྲས་ཡག་ཤོས་ཐོག་ནས་སྐྱེས་པའི་ཚོགས་ཆུང་གི་ཨང་དང་པོ་བླངས་པ་དང་། དེ་དང་དུས་མཚུངས་2020ལོའི་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་དང་2019ལོའི་ཏེ་ཧའི་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་འགྲན་ཞུགས་ཐོབ་ཐང་རག་པ་རེད།

རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱིས་དེ་སྔོན་སྤེལ་བའི་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་རྣམ་གྲངས་ནང་ཞུགས་པའི་ཚད་གཞི་ཡོངས་བསྒྲགས་བྱས་པར་གཞིགས་ན། ལུས་རྩལ་པར་དེ་དང་མཐུན་པའི་ཐོབ་ཐང་ཚད་བཀག་ནང་འགྲན་ཞུགས་གྲུབ་འབྲས་ཀྱི་ཚད་གཞི་ཟིན་དགོས་པ་དང་། དེ་བྱིངས་ཀྱི་མི་གྲངས་ནི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་གྱི་ཆེས་གསར་ཤོས་ཀྱི་མིང་ཐོའི་རིམ་པའི་ནང་ནས་ཁ་གསབ་བྱ་རྒྱུ་ཡིན་པ་བཤད་ཡོད་པ་རེད། སྐྱེས་པའི་མ་ལ་སུང་གི་འགྲན་ཞུགས་ཚད་གཞི་ནི་ཆུ་ཚོད་2དང་སྐར་མ་11དང་སྐར་ཆ་30ཡིན་ཞིང་། བུད་མེད་ཀྱི་མ་ལ་སུང་གི་འགྲན་ཞུགས་ཚད་གཞི་ནི་ཆུ་ཚོད་2དང་སྐར་མ་29དང་སྐར་ཆ་30ཡིན་པ་རེད། ཀྲུང་གོའི་ཆེད་ལས་མ་ལ་སུང་གི་ལུས་རྩལ་པའི་ནང་། མིག་སྔའི་བར་ཚད་གཞི་དེར་སླེབས་པ་སྟོབས་རྒྱལ་དང་ལི་ཀྲི་ཞོན་གཉིས་ལས་མེད་པ་དང་ཁག་སོ་སོ་སྐྱེས་པ་དང་བུད་མེད་ཀྱི་ཚད་གཞིར་སླེབས་ཀྱི་ཡོད་པ་རེད།