ཁྱིམ་ཚང་གི་བཅའ་ཁྲིམས་སྐོར།༨

(ལེ་ཚན་སྔོན་མའི་འཕྲོས་མཐུད།)

བུད་མེད་ལྕམ་སྲིང་དག་ལ་ཡང་དག་པའི་ཁྱིམ་ཚང་གི་འདུ་ཤེས་ཇི་འདྲ་ཞིག་དགོས་སམ།

གཉེན་སྒྲིག་ལ་སྒྲིག་སྲོལ་ཡོད་པས་ཕྱོགས་གཉིས་ཀར་གཞི་རྩའི་ཡིད་ཆེས་ཀྱི་ཚོར་བ་དགོས་པ་མ་ཟད། ཕན་ཚུན་བར་ལ་བར་སྟོང་བཞག་ནས་གཉེན་སྒྲིག་ཁྲོད་ལྟོས་བཅོས་ཀྱི་བདེན་རྫུན་མེད་པར་བྱས་ཏེ། ཁེ་དབང་འདྲ་མཉམ་བྱེད་དགོས། འོན་ཀྱང་དེ་ནི་ལྟོས་འཇོག་གི་དྲང་བདེན་ཞིག་མ་ཡིན།

གཉེན་སྒྲིག་ཁྲོད་ཀྱི་མི་ལ་འགྱུར་ལྡོག་དང་འཕེལ་རྒྱས་བྱུང་བཞིན་ཡོད། འོན་ཀྱང་གལ་ཏེ་མི་གཅིག་གི་བཅོས་སྒྱུར་གྱི་ཆེད་ལ་གཉེན་སྒྲིག་གི་དམིགས་འབེན་དང་འབད་བརྩོན་གྱི་ཁ་ཕྱོགས་ལ་བརྩོན་ན། དམིགས་འབེན་ལ་སླེབས་དཀའ་བ་མ་ཟད། དོ་བདག་མི་སྣ་ལ་ཡང་ནོར་འཁྲུལ་གྱི་ཚོར་ཤེས་སྐྱེས་སུ་འཇུག་ངེས།

གཉེན་སྒྲིག་ལེགས་པོ་ནི་སྐྱེད་བསྲིངས་ལས་བྱུང་བ་ཡིན་པས། གཉེན་སྒྲིག་སྐྱེད་བསྲིངས་དང་དར་སྤེལ་གཏོང་རྒྱུ་ནི་ཕྱོགས་གཉིས་ཀའི་འབད་བརྩོན་ཡང་ཡིན། ཕྱོགས་གཉིས་ཀས་རིན་དོད་ཕུལ་རྗེས་ཀྱི་དྲིན་ལན་དེ་ནི་ད་བཟོད་ལོངས་སྤྱོད་ཡིན།

གཉེན་སྒྲིག་སྐྱེད་བསྲིངས་བྱེད་པའི་ཐབས་ལམ་ལ་སློབ་སྦྱོང་བྱས་ཆོག་ཤིང་། སློབ་སྦྱོང་གི་ནང་དོན་ཐད་གཉེན་སྒྲིག་གི་ཆ་ལ་འོས་འཚམ་གྱི་ངོས་འཛིན་དང་གཉེན་སྒྲིག་རང་སྟེང་ལ་ཡང་རྒྱུས་ལོན་གསལ་བོ་ཞིག་དགོས་ངེས།

གཉེན་ཕྱིའི་བརྩེ་བ་ཡང་དག་པའི་སྒོ་ནས་ཐག་གཅོད་བྱེད་དགོས། དེ་ཡང་ཁྱོད་ལ་གཉེན་ཕྱིའི་བརྩེ་བའི་མགོ་འཐོམ་བྱུང་དུས་སྐྱེས་པ་དང་བྱིས་པ་དག་གིས་རང་ཉིད་ལ་བཅངས་བའི་བརྩེ་སེམས་ལ་བསམ་བློ་ཞིབ་མོ་བཏང་ནས། ཁོ་ཚོར་འོས་མེད་དང་གནོད་འཚེ་བཟོ་བའི་བྱ་བ་སྒྲུབ་མི་རུང་ལ། ནང་སྒོས་སུ“ཆུན་མ”དང་ཁོའི་མཛའ་གྲོགས་གཏན་ནས་བྱེད་མི་རུང་། གལ་ཏེ་སྐྱེས་པ་ལ་རང་ཉིད་ལས་གཞན་པའི་མཛའ་གྲོགས་ཤིག་ཡོད་པ་ཤེས་དུས། “གཅིག་ནས་ངུ་བ་དང་གཉིས་ནས་འཁོན་རེས་བྱེད་པ། གསུམ་ནས་ལྕེབས་པ”སོགས་ཀྱི་བྱེད་ཐབས་གཏན་ནས་བཀོལ་མི་རུང་བར། དཔྱོད་ཤེས་ལ་བརྟེན་ནས་བརྩེ་བ་འགྱུར་བའི་རྒྱུ་རྐྱེན་ལ་དབྱེ་ཞིབ་དང་ཁ་གཏད་རང་བཞིན་གྱི་སྒོ་ནས་རང་གི་སྐྱེས་པ་ལ་ཁ་ཏ་དང་སེམས་ཁུར་བཅས་ཀྱིས་ཁོ་བོ་ངོ་ཚ་དང་ཁ་སྐྱེངས་བའི་གནས་སུ་བསྐྱལ་དགོས། གཅེས་སྐྱོང་གིས་འགུགས་མ་ཐུབ་པར་ཕ་རོལ་བོ་གཞན་གྱི་བརྩེ་བའི་དབྱིངས་སུ་སིམས་པ་གཏིང་ཟབ་པ་མ་ཟད། ཐ་ན་ཁྱོད་ལ་གཏུམ་སྤྱོད་ཀྱི་བྱ་སྤྱོད་སྤེལ་ན་ཁྱོད་ཀྱིས་ཚེ་སྲོག་ཆད་ལ་ཉེ་བའི་གཉེན་སྒྲིག་གི་འབྲེལ་བ་དེ་རྒྱུན་འཁྱོངས་མི་བྱེད་པར་བཅའ་ཁྲིམས་ཀྱི་མཚོན་ཆ་ལ་བརྟེན་ནས་རང་ཉིད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས།

(མུ་འགོད།)

ལོ་ཙཱ་བ། ལྷ་དཔལ་སྐྱབས།