ནག་ཚོགས་ཀྱི་ནག་ཉེས་ཁུངས་སྣེ་བསྡུ་བའི་བརྡ་སྦྱོར།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་ཉེས་ཅན་པའོ་ཡོས་ཕེན་གཙོ་བྱས་པའི་ནག་ཉེས་ཚོགས་པ་ཞིག་རྩ་བརླག་ཏུ་བཏང་། ཁྲིམས་ལྟར་རྩད་ཞིབ་བྱས་པ་བརྒྱུད། ཉེས་ཅན་མི་སྣ་པའོ་ཡོས་ཕེན་གྱིས2016ལོའི་ཚུན་ལ། སྔ་རྗེས་སུ་དབྱི་ཧྲིན་པེན(མིང་གཞན་ལ“དབྱི་ཅོན”)དང་ཧན་ལེན་ལོང་། ལིག་ཁྲིན་ཞ། ཏུའུ་ཀོང་མེན། ཆོའུ་ཧྥན། དབྱི་ཞང་སོགས་སྤྱི་ཚོགས་སྟེང་གི་འཁྱམས་པ་གཅིག་བསྡུ་བྱས་ཏེ། སྤྱི་ཚོགས་ཀྱི་མང་ཚོགས་ཕལ་བར་མངོན་ལྐོག་གན་རྒྱ་འབྲི་བ་དང་བུ་ལོན་རྫུན་འཕར་སོགས་ཀྱི་བྱེད་ཐབས་སྤྱད་ནས། མགོ་གཡོག་མགོ་སྐོར་དང་ཁྲིམས་འགལ་ཚོང་གཉེར་སོགས་ཀྱི་ཁྲིམས་འགལ་གྱི་བྱ་འགུལ་སྤེལ་བ་རེད། ནག་ཚོགས་ཀྱི་ཁྲིམས་འགལ་ནག་ཉེས་དག་ཁྱོན་ཡོངས་ནས་རྩད་ཞིབ་གསལ་པོ་བྱས་ཏེ། སྤྱི་ཚོགས་ཀྱི་སྤྱོད་ངན་རྩ་བ་ནས་མེད་པར་གཏོང་བ་དང་བདེ་སྐྱོང་ཁོར་ཡུག་གཙང་སྒྱུར་བྱེད་པ། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བཞག་ལ་སྲུང་སྐྱོབ་བྱ་ཆེད། འབྲེལ་ཡོད་ཁྲིམས་ལུགས་ཀྱི་གཏན་འབེབས་ལྟར། གཤམ་གྱི་བརྡ་སྦྱོར་འདི་སྤེལ་བ་རེད།

1. ནག་ཚོགས་དང་འབྲེལ་བ་ཡོད་པའི་མི་སྣས་རང་འགུལ་སྒོས་སྤྱི་བདེ་ལས་ཁུངས་ལ་མགོ་བཏགས་ངོས་ལེན(投案自首)བྱེད་པ་དང་། རང་འགུལ་སྒོས་རང་གི་ཁྲིམས་འགལ་ནག་ཉེས་ཀྱི་བྱ་སྤྱོད་དྲང་མོར་ངོས་ལེན་བྱེད་ན། ཁྲིམས་ལྟར་ཆད་པ་ཡང་མོ་གཅོད་པའམ་ཇེ་ཡང་དུ་གཏང་རྒྱུ།

2. གནོད་འཚེ་ཕོག་མཁན་དང་གནོད་ཐེབས་ལས་ཁུངས། ནག་ཉེས་གནས་ཚུལ་ཤེས་པའི་རྒྱ་ཆེའི་མང་ཚོགས་ཀྱིས་ནག་ཚོགས་ཀྱི་ཁྲིམས་འགལ་ནག་ཉེས་ཁུངས་སྣེ་ཞུ་གཏུགས་དང་ཐེར་འདོན་བྱེད་པར་སྐུལ་ལྕག་བྱ་རྒྱུ།

3. སྤྱི་བདེ་ལས་ཁུངས་ཀྱིས་ཁུངས་སྣེ་ཞུ་གཏུགས་མཁན་ལ་གསང་རྒྱ་དམ་པོ་བསྡམ་རྒྱུ་མ་ཟད། འབྲེལ་ཡོད་གཏན་འབེབས་ལྟར་བྱ་དགའ་སྤྲོད་རྒྱུ། ནག་ཉེས་མཁན་སྦ་གསང་བྱེད་མཁན་ལ་ཁྲིམས་ལྟར་འགན་འཁྲི་བདའ་འདེད་བྱ་རྒྱུ།

འཕྲིན་ཡིག་སྐུར་ཡུལ་དང་འཚམས་འདྲི་བྱེད་ཡུལ། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་ནུབ་སྤྱི་བདེ་ཡན་ལག་ཅུའུ་ཉེས་ཞིབ་རུ་ཆེན།

ཞུ་གཏུགས་ཁ་པར། 0971-8256345(刑警大队值班室电话)

ཉེན་རྟོག་དཔོན་ཅིན། (景警官):18097187046

ཉེན་རྟོག་དཔོན་ལིས།(李警官):18097182052

ཉེན་རྟོག་དཔོན་ཅིས།(姬警官):18097182010

ལོ་ཙཱ་བ། ལྷ་ཆེན་རྒྱལ།