མཚོ་སྔོན་ཞིང་ཆེན་ཚོང་རའི་ལྟ་སྐུལ་བདག་དོམ་ཅུའུ་ཡི་བརྡ་སྦྱོར།

མཚོ་སྔོན་ཞིང་ཆེན་ཚོང་རའི་ལྟ་སྐུལ་བདག་དོམ་ཅུའུ་ཡི་བརྡ་སྦྱོར།

2019ལོའི་ཡིག་ཆ་ཨང10པ།

མཚོ་སྔོན་ཞིང་ཆེན་ཚོང་རའི་ལྟ་སྐུལ་བདག་དོམ་ཅུའུ་ཡིས་སློབ་གྲྭ་དང་སློབ་རའི་ཉེ་འཁོར་དུ“ཁ་ཚ་ལེབ་མོའི་རིགས”ཕྱིར་འཚོང་གཏན་འགོག་བྱེད་པའི་བརྡ་སྦྱོར།

“ཁ་ཚ་ལེབ་མོའི་རིགས”མིང་གཞན་ལ་ཕྱེ་རྒྱུ་ལེབ་མོ་དང་དཀར་རྫས་རྒྱུས་པ་སོགས་སུ་ཡང་འབོད་པ་རེད། སྣུམ་བསྲེགས་ཚད་མཐོན་པོ་དང་ཚྭ་སྦྱོར་མོད་པོ། ཟས་རིགས་སྟབས་བདེ་མོད་པོ་བསྣན་ཡོད་པས། ནམ་རྒྱུན་ཁ་ཟས་སུ་བྱས་ན་ལུས་པོའི་བདེ་ཐང་ལ་མི་ཕན་པ་རེད། དེ་ཡང་ཉེ་བའི་ལོ་འདི་དག་གི་རིང་ལ་དངོས་རྫས་ཞིབ་བཤེར་ཚད་ལེན་བྱས་པའི་མཇུག་འབྲས་ལས་མངོན་པ་ལྟར་ན། དེའི་ཁོངས་སུ་རུལ་འགོག་གཤེར་རྫས་དང་ཚོན་རྒྱུ། དེ་མིན་ཕྲ་ཕུང་སོགས་ཀྱི་ཁྱབ་ཁོངས་ཚད་ལས་བརྒལ་ཡོད་པ་སོགས་ཀྱི་གནད་དོན་ཡོད་པ་རེད། དེའི་ཕྱིར་རང་ཞིང་གི་ན་གཞོན་དག་གི་བདེ་ཐང་འཚར་ལོངས་ལ་ཁག་ཐེག་བྱེད་ཆེད། མཚོ་སྔོན་ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་བརྡ་སྦྱོར་འདི་སྤེལ་པའི་ཉིན་མོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་སློབ་གྲྭ་དང་དེའི་ཉེ་འཁོར་གྱི་རྨིད200ཡི་ནང་ཁུལ་དུ“ཁ་ཚ་ལེབ་མོའི་རིགས”ཕྱིར་འཚོང་གཏན་འགོག་བྱེད་རྒྱུ་ཡིན་པས། ཆེད་དུ་བརྡ་སྦྱོར་འདི་བཏང་པ་ལགས།

ཞིང་ཆེན་ཚོང་རའི་ལྟ་སྐུལ་བདག་དོམ་ཅུའུ་ཡིས་འཛད་སྤྱོད་པ་དག་ལ་གསལ་འདེབས་བྱེད་རྒྱུར། གལ་ཏེ་སློབ་གྲྭ་དང་སློབ་གྲྭའི་ཉེ་འཁོར་གྱི་རྨིད200ཡི་ནང་ཁུལ་དུ“ཁ་ཚ་ལེབ་མོའི་རིགས”ཕྱིར་འཚོང་བྱེད་པ་ཤེས་རྟོག་བྱུང་ན། “12315”དང“12331”ལ་པར་བཏང་ནས་ཞུ་གཏུག་བྱས་ཆོག

མཚོ་སྔོན་ཞིང་ཆེན་ཚོང་རའི་ལྟ་སྐུལ་བདག་དོམ་ཅུའུ།

2019ལོའི་ཟླ3པའི་ཚེས18ཉིན།

མཚོ་སྔོན་ཞིང་ཆེན་ཚོང་རའི་ལྟ་སྐུལ་བདག་དོམ་ཅུའུ་གཞུང་སྒྲུབ་ཁང་གིས2019ལོའི་ཟླ3པའི་ཚེས18ཉིན་དཔར་འགྲེམས་བྱས།

ལོ་ཙཱ་བ། ལྷ་དཔལ་སྐྱབས།