མཚོ་སྔོན་ཞིང་ཆེན་ཆ་འཕྲིན་དྲ་བ་གསར་འགྱུར་ལྟེ་གནས་ཀྱིས“སྟོབས་ཤུགས་བཞི་ལ་སྐུལ་འདེད་ཀྱིས་ཕུལ་བྱུང་རུ་དཔུང་གསབ་སྦྱོང་བྱེད་པ”ཞེས་པ་བརྗོད་དོན་ཡིན་པའི་དངོས་ཡོད་བྱ་འགུལ་དང་ཏང་གི་ཉིན་མོ་བརྗོད་བྱ་ཡིན་པའི་བྱ་འགུལ་སྤེལ་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ5པའི་ཚེས15ཉིན། མཚོ་སྔོན་ཆ་འཕྲིན་དྲ་བ་གསར་འགྱུར་ལྟེ་གནས་ཀྱིས“སྟོབས་ཤུགས་བཞི་ལ་སྐུལ་འདེད་ཀྱིས་ཕུལ་བྱུང་རུ་དཔུང་གསབ་སྦྱོང་བྱེད་པ”ཞེས་པ་བརྗོད་དོན་ཡིན་པའི་དངོས་ཡོད་བྱ་འགུལ་དང་ཏང་གི་ཉིན་མོ་བརྗོད་བྱ་ཡིན་པའི་བྱ་འགུལ་དེ་ཟི་ལིང་གྲོང་ཁྱེར་གྱི་ལྷོ་རིའི་སྤྱི་གླིང་དུ་སྤེལ་པ་རེད།


མཚོ་སྔོན་ཞིང་ཆེན་ཆ་འཕྲིན་དྲ་བ་གསར་འགྱུར་ལྟེ་གནས་ཀྱིས“སྟོབས་ཤུགས་བཞི་ལ་སྐུལ་འདེད་ཀྱིས་ཕུལ་བྱུང་རུ་དཔུང་གསབ་སྦྱོང་བྱེད་པ”ཞེས་པ་བརྗོད་དོན་ཡིན་པའི་དངོས་ཡོད་བྱ་འགུལ་དང་ཏང་གི་ཉིན་མོ་བརྗོད་བྱ་ཡིན་པའི་བྱ་འགུལ་སྤེལ་པ།

ཐེངས་འདིའི་བྱ་འགུལ་གྱི་དགོངས་དོན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་དྲིལ་སྒྲོག་བསམ་བློའི་འཐབ་ཇུས་རུ་དཔུང་འཛུགས་སྐྲུན་བྱེད་པའི་གཞུང་ལུགས་གལ་ཆེན་གྱི་རྒྱས་བཤད་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། “སྟོབས་ཤུགས་ཆེན་པོ་བཞི”ཡི་སློབ་གསོའི་དོན་དངོས་བྱ་བ་ཏན་ཏིག་གིས་སྒྲུབ་པར་སྐུལ་འདེད་བྱེད་པ། དུས་རབས་གསར་བའི་དྲིལ་སྒྲོག་འཐབ་ཇུས་ཀྱི་ལས་བཟོ་པའི་ཁྱད་ཆོས་མངོན་པར་སྟོན་པ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་གི་རེ་འདུན་ནན་མོ་ལག་ལེན་མཐར་ཕྱིན་དུ་སྤེལ་བ། ཏན་ཏན་ཏིག་ཏིག་སྒོས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་སྒྲིག་སྲོལ་ཅན་དུ་གཏོང་བར་ཤུགས་སྣོན་བྱེད་པ་བཅས་ཡིན།

ཏང་ཡོན་ཡོངས་ཀྱིས་ཏང་ཞུགས་དམ་བཅའ་ནན་མོ་འཇོག་བཞིན་པ།

བྱ་འགུལ་གྱི་ཡུལ་དངོས་སུ་གསར་འགྱུར་ལྟེ་གནས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡི་སྣེ་ཁྲིད་འོག་ཏང་ཡོན་ཡོངས་ཀྱིས་ཡང་བསྐྱར་ཏང་ཞུགས་དམ་བཅའ་བསྒྲགས་པ་རེད། གསར་འགྱུར་ལྟེ་གནས་ཀྱི་ཁོངས་མི་ཡོངས་ཀྱིས་སྤྲོ་སྐྱིད་དང་མཐུན་སྒྲིལ། སྤྱོད་བཟང་། དངོས་ཕན་བཅས་ཀྱི་རྩ་དོན་ལྟར་རི་འཛེག་འགྲན་སྡུར་བྱ་འགུལ་དང་དེ་མིན་ལྗང་མདོག་ཁོར་སྲུང་གད་སྙིགས་སྒྲུག་པའི་བྱ་འགུལ་སྤེལ། དེ་མིན་ད་རུང“སྟོབས་ཤུགས་བཞི”ལ་ཤུགས་སྣོན་བྱེད་པའི་སློབ་གསོའི་དངོས་ཡོད་བྱ་བའི་ཤེས་བྱའི་འགྲན་སྡུར་དང་སྤྲོ་སྣང་ཅན་གྱི་རིག་རྩལ་བྱ་འགུལ་ཡང་རབས་དང་རིམ་པ་སྤེལ་བ་རེད།

“སྟོབས་ཤུགས་ཆེན་པོ་བཞི”ཡི་སློབ་གསོའི་དོན་དངོས་བྱ་བའི་ཤེས་བྱའི་འགྲན་སྡུར་སྤེལ་པ།

བྱ་འགུལ་ལ་ཞུགས་པའི་གསར་འགྱུར་ལྟེ་གནས་ཀྱི་ལས་བཟོ་པ་དག་གིས་བསྟན་དོན། ཐེངས་འདིའི་བྱ་འགུལ་ལ་དོན་སྙིང་ཟབ་མོ་ལྡན་པ་མ་ཟད། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་བའི་གསར་འགྱུར་བྱ་བ་སྒྲུབ་མཁན་ལ་བཏོན་པའི་གསུང་བཤད་རབས་དང་རིམ་པའི་མཛུབ་སྟོན་བླང་བྱ་ཡིད་ལ་བརྟན་པོར་བཟུང་ནས། རྐང་ཤུགས་དང་མིག་ཤུགས། ཀླད་ཤུགས། སྨྱུ་གུའི་སྟོབས་བཅས་མཐོར་འདེགས་སུ་བཏང་ནས་སེམས་དང་བརྩེ་བ། སྟོབས་ཤུགས་བཅས་ལ་བརྟེན་ནས་དུས་རབས་དང་མཐུན་པའི་དྲི་བ་དག་ལ་དྲིས་ལན་ལེགས་པོ་ཞིག་འབྲི་དགོས་ཚུལ་བསྟན།

ཐག་འཐེན་འགྲན་སྡུར།

རི་འཛེག་བྱ་འགུལ།

ལྗང་མདོག་ཁོར་སྲུང་ལས་གད་སྙིགས་སྒྲུག་པའི་བྱ་འགུལ་སྤེལ་པ།

ལོ་ཙཱ་བ། ལྷ་དཔལ་སྐྱབས།