རང་རེའི་ཞིང་ཆེན་གྱི་འབྲི་ཆུ་དང་མིང་ཅང་གཙང་པོའི་ཆུ་ལམ་བཅོས་སྐྱོང་ཐད་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་ཐོབ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་རྒྱལ་ཁབ་བཅོས་སྒྱུར་གོང་སྤེལ་ཨུ་ལྷན་གྱིས་རང་ཞིང་གི་ཆུ་བོ་ཆེ་འབྲིང་བཅོས་སྐྱོང་ལས་གཞི་ཐད་བཀོལ་བའི་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་སྒོར་ཁྲི16261གཤམ་སྤྲོད་བྱས་ཏེ། རང་ཞིང་གི་འབྲི་ཆུ་དང་མིན་ཅང་གཙང་པོའི་ཆུ་ལམ་བཅོས་སྐྱོང་ཐད་བཀོལ་རྒྱུ་རེད།

ཆུ་བོ་ཆུང་འབྲིང་གི་འབབ་རྒྱུད་བཅོས་སྐྱོང་ལས་གཞི་ལག་བསྟར་ནི་རང་བྱུང་གནོད་འཚེའི་རྗེས་སུ་ཆུ་བེད་ཀྱི་ཞན་ཆ་ཁ་གསབ་བྱ་བ་མགྱོགས་པོར་བསྒྲུབ་དགོས་པའི་ནང་དོན་གལ་ཆེན་ཞིག་ཡིན་ལ། ཆུ་བེད་ཀྱི“རྨང་གཞི་ཇེ་བརྟན་དང་། ཆད་པ་ཁ་གསབ”ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཞིང་ཆེན་བཅོས་སྒྱུར་གོང་སྤེལ་ཨུ་ལྷན་གྱིས་ཐོག་མཐའ་བར་གསུམ་དུ་མངའ་ཁོངས་ཀྱི་ཆུ་ལོག་སྔོན་འགོག་གི་རྨང་གཞི་སྒྲིག་ཆས་སྒྲིག་བཀོད་ལ་མཐོང་ཆེན་གནང་། 2011ལོ་ནས་བཟུང་། རྒྱལ་ཁབ་ཀྱི་མ་དངུལ་ལ་བརྩོན་ལེན་ཧུར་ཐག་བྱས་ནས་ཙོང་ཆུ་དང་། གོར་མོ་ཆུ། འཇུ་ལག་ཆུ་བོ་སོགས་འབབ་རྒྱུད་ཀྱི་སྤྱི་ལེ་རྒྱ་དཔངས་གྲུ་བཞི་མ3000ཡན་གྱི་ཆུ་བོ་ཆུང་འབྲིང་སྐོར་ཞིག་གི་འབབ་རྒྱུད་གལ་ཆེན་ཁག་གི་བཅོས་སྐྱོང་ལ་རྒྱབ་སྐྱོར་དང་། ས་ཁུལ་གྱི་ཆུ་ལོག་སྔོན་འགོག་ནུས་པ་ཇེ་མཐོར། འགོག་སྲུང་ཁུལ་གྱི་མང་ཚོགས་ཀྱི་འཚོ་བ་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་དངོས་ཐོབ་པ་རེད

ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་གོང་སྤེལ་ཨུ་ལྷན་གྱིས་འདི་སྐད། མ་དངུལ་ཁག་བགོས་ཀྱི་གཏོང་སྤྲོད་འཆར་འགོད་མགྱོགས་པོར་བཟོས་ཐོག ལས་གཞིར་ལྟ་སྐུལ་དོ་དམ་དང་། སྙོམས་སྒྲིག་ལས་ཀར་ཤུགས་བསྣན་ཏེ། འབྲེལ་ཡོད་ས་ཁུལ་དུ་ལས་གཞིའི་ལས་ཕྱོད་ཇེ་མགྱོགས་སུ་གཏོང་བར་སྐུལ་སྤེལ་བྱས་ནས་ལས་གཞི་སྔ་མོ་ནས་ལེགས་འགྲུབ་འབྱུང་བར་འགན་ལེན་བྱ་དགོས་ཟེར།

ཁོན་ཐར་འཚོས་བསྒྱུར།