ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གིས་ཁ་གཏད་ལས་ཁུངས་ཀྱི་བྱ་བའི་མཉམ་འབྲེལ་གྲོས་ཚོགས་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ3པའི་ཚེས12ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གིས་ཁ་གཏད་ལས་ཁུངས་ཀྱི་བྱ་བའི་མཉམ་འབྲེལ་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ཀའོ་ཧྭ་ཚོགས་འདུར་ཕེབས་པ་དང་འབྲེལ་གཏམ་བཤད་ཀྱང་གནང་བ་རེད།

ཀའོ་ཧྭ་ཡིས་བསྟན་དོན།ཀྲུང་དབྱང་གི་བཀོད་སྒྲིག་དང་རང་རེའི་ཞིང་ཆེན་གྱི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞི་ལྟར།ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གཟུག་རྒྱུ་གཏན་འབེབས་བྱས་ཏེ། གཙོ་བོ་ངལ་རྩོལ་ལས་ཞུགས་དང་། ཉེན་མེད་ཐོན་སྐྱེད་སོགས་ཐད་ཀྱི་འབྲེལ་ཡོད་ཁྲིམས་སྲོལ་འཆར་ཟིན་ནང་འབྲེལ་ཡོད་བརྟག་དཔྱད་ཞིབ་འཇུག་དང་ཁྲིམས་བསྟར་ཞིབ་བཤེར་སོགས་སྤེལ་ཡོད། སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་བཙུགས་པ་དེས་རང་ཞིང་གི་སྤྱི་ཚོགས་ཁྱབ་ཁོངས་སུ་ཁྲིམས་སྐྱོང་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་།མཉམ་སྐྲུན་མཉམ་སྤྱོད་སྤྱི་ཚོགས་བཅོས་སྐྱོང་གི་ཆགས་སྟངས་གསར་པ་བསྐྲུན་ལ་ལོ་རྒྱུས་དང་དོན་དངོས་ཀྱི་དོན་སྙིང་ཟབ་མོ་ལྡན་པ་རེད།

ཀའོ་ཧྭ་ཡིས་ནན་གྱིས་བསྟན་དོན། སྤྱི་ཚོགས་ལེགས་སྐྱོང་ནི་དམངས་ཚིས་དང་རྒྱལ་ཁབ་ཡུན་རིང་བདེ་འགོད་དང་འབྲེལ་བ་ཡོད། སྤྱི་ཚོགས་ཨུ་ལྷན་དང་ཁ་གཏད་འབྲེལ་གཏུག་ལས་ཁུངས་དག་གི་ཆབ་སྲིད་ཀྱི་ལངས་ཕྱོགས་སྲ་བརྟན་མཐོར་འདེགས་དང་། སྤྱི་ཚོགས་ཁྱབ་ཁོངས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལས་འགན་སྒྲུབ་སེམས་ལ་ཤུགས་སྣོན་ཏན་ཏིག། ཁུར་སེམས། ཆབ་སྲིད་ལ་སྣང་ཆེན་བྱེད་པ་བཅས་ཀྱི་ལངས་ཕྱོགས་ནས། ཁྱོན་ཡོངས་ལ་གཞིགས་ནས་དེའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས། ཧུར་བརྩོན་གྱིས་ལས་དོན་སྒྲུབ་ཕོད་པ་བཅས་བྱས་ནས་རང་ཞིང་གི“ ལྔ་བཞིའི” འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། “ སྔོན་འགྲོ་གཅིག་དང་མཐོ་བ་གཉིས” ལ་སྐུལ་འདེད་གཏོང་བ། འབད་འབུངས་སྟོབས་ཤུགས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་བ། ཁྱོན་ཡོངས་ནས་ལྟེ་བར་དམིགས་པ། ཧུར་ཐག་གིས་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་བྱེད་ཐབས་འཚོལ་ཞིབ་དང་། ཤུགས་ཆེན་པོས་མཚོ་སྔོན་གྱི་སྤྱི་ཚོགས་ཁྱབ་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ད་དུང་འབད་བརྩོན་གསར་པ་འབུལ་བ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཀྱི་དོ་སྙོམས་བཅས། སྤུས་གཙང་སྟེང་ལ་གྲུབ་འབྲས་གསར་པ་ཐོན་པ་བྱས་ཏེ། ཞབས་ཞུ་གང་ལེགས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་སྤྱི་ཡོངས་ཁྲོད་སྤྱད་ནས་བསྐྱར་དུ་ལེགས་སྐྱེས་གསར་པ་འབུལ་དགོས་ལ། འབྲེལ་ལམ་མཉམ་ལས་ལ་ཤུགས་སྣོན་དང་། རང་ཞིང་གི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏང་དགོས་ཟེར།