རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་སླར་ཡང་ཁྲལ་བསྡུའི་གཟིགས་སྐྱོང་བདག་སྤྲོད་དང་འབྲེལ་བ་ཡོད་པའི་ཁྲལ་དོན་དཔང་ཡིག་དོན་ཚན༡༥མེད་པར་བཟོས་པ།


རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་སྤྱི་ལོ༢༠༡༨ལོའི་ལོ་མཇུག་ཏུ་ཁྲལ་དོན་དཔང་ཡིག་དོན་ཚན་༢༠མེད་པ་བཟོས་རྗེས། སླར་ཡང་ཁྲལ་བསྡུ་གཟིགས་སྐྱོང་བདག་སྤྲོད་དང་འབྲེལ་བ་ཡོད་པའི་ཁྲལ་དོན་དཔང་ཡིག་དོན་ཚན་༡༥མེད་པ་བཟོས་པ་རེད། ད་ཐེངས་མེད་པ་བཟོས་པའི་ཁྲལ་དོན་དཔང་ཡིག་དོན་ཚན་༡༥ཡིས་ཁེ་ལས་ཀྱི་ཁུར་པོ་ཡང་དུ་བཏང་བ་མ་ཟད། ད་དུང་མི་དམངས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པས་སྤྱི་དམངས་ཀྱི་ཁྲལ་འཇལ་མཁན་གྱི་ཁྲལ་གཉེར་ཁུར་པོ་ཡང་དུ་བཏང་ཡོད། དཔེར་ན། ས་ཁང་བདག་ཁོངས་རྒྱུན་འཛིན་བྱེད་སྐབས་མི་སྒེར་གྱི་ཐོབ་ཁྲལ་རྩ་ཆག་གཏོང་རྒྱུའི་འབྲེལ་ཡོད་གཞུང་དཔང་གི་དཔང་ཡིག་མེད་པ་བཟོ་རྒྱུ་དང་། དབང་པོ་སྐྱོན་ཅན་དང་ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་མཁན་གྱིས་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་སྐབས་མཁོ་འདོན་བྱེད་དགོས་པའི་ཐོབ་ཐང་ལག་ཁྱེར་མེད་པ་བཟོ་རྒྱུ་སོགས་ཚུད་ཡོད་པ་རེད།