ནོར་སྲིད་པུའུ་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་མཚོ་སྔོན་ལ་ཀྲུང་དབྱང་གི་རྒུད་སྐྱོབ་མ་དངུལ་དུང་ཕྱུར1གཤམ་སྤྲོད་བྱས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ3ཚེས13ཉིན་གསར་འགོད་པས་འཕྲལ་བསྟུན་དོ་དམ་པུའུ་ནས་རྒྱུས་ལོན་པ་ལྟར་ན། ནོར་སྲིད་པུའུ་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་ཉིན་དེར་མཚོ་སྔོན་ལ་ཀྲུང་དབྱང་གི་རྒུད་སྐྱོབ་མ་དངུལ་དུང་ཕྱུར1གཤམ་སྤྲོད་གནང་སྟེ། གཙོ་བོ་མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་དང་མགོ་ལོག་སོགས་ཀྱི་གནོད་ཐེབས་མང་ཚོགས་ཀྱི་རོགས་སྐྱོར་བྱ་བའི་སྟེང་བཀོལ་ཏེ། གནོད་ཐེབས་མང་ཚོགས་ཀྱི་མ་མཐའི་འཚོ་བར་འགན་སྲུང་བྱ་རྒྱུ་རེད།

འཕྲལ་བསྟུན་དོ་དམ་པུའུ་ཡི་འབྲེལ་ཡོད་འགན་འཁུར་མི་སྣས་བཤད་རྒྱུར། 2018ལོའི་ཟླ12པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་དང་མགོ་ལོག་སོགས་ཀྱི་ས་ཁུལ་ལ་བསྟུད་མར་ཁ་བ་བབབས་ཏེ། རོང་འབྲོག་མང་ཚོགས་སྐོར་ཞིག་གི་མ་མཐའི་འཚོ་བའི་འགན་སྲུང་ཐད་ལ་དཀའ་གནད་བཟོས་པར་མ་ཟད། སྒོ་ཟོག་མང་པོར་གཟན་རྩྭ་ཆད་ནས་ཤི་གོད་ཐེབས་པ་རེད། གནས་བབས་འདི་འདྲའི་འོག འཕྲལ་བསྟུན་དོ་དམ་པུའུ་ཡིས་རྒྱལ་ཁབⅣརིམ་པའི་རྒུད་སྐྱོབ་འཕྲལ་བསྟུན་ལས་དོན་གྱི་འགོ་བརྩམས་ཏེ། བྱ་བའི་ཚན་ཆུང་གནོད་ཐེབས་ས་ཁུལ་དུ་རྒུད་སྐྱོབ་བྱ་བར་མཛུབ་སྟོན་བྱེད་དུ་མངགས། ད་སྔར། གནོད་ཐེབས་ས་ཁུལ་གྱི་གནོད་འགོག་རྒུད་སྐྱོབ་ཀྱི་ལས་གཞི་སྣ་ཚོགས་རིམ་ལྡན་སྒོས་སྐུལ་འདེད་བྱས་ཏེ། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་རིམ་བཞིན་སླར་གསོ་འབྱུང་བཞིན་ཡོད་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།