སྟོང་སྐོར་རྫོང་གིས་དབུལ་ཕོངས་ཀྱི་ངལ་རྩོལ་ནུས་ཤུགས་དང་ལས་ཞུགས་རྩལ་ནུས་མཐོར་འདེགས་སུ་བཏང་པ།

མཚོ་སྔོན་གསར་འགྱུར་དྲ་བའི་མཚོ་སྔོན་གསར་འགྱུར་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ལས་རིགས་རྩལ་ནུས་ཀྱི་སློབ་གསོའི་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་འཐུས་ཚང་དུ་གཏོང་བ། ཞིང་བའི་ཡོང་སྒོ་ཇེ་མང་དུ་གཏོང་བ། དམངས་ཡོངས་ལ་ལས་གཏོད་ཀྱི་དམིགས་འབེན་བསྐྲུན་པ། རྫོང་ཡོངས་ཀྱི་རྣམ་པ་གསར་བའི་ཞིང་སྡེ་འཛུགས་སྐྲུན་ཀྱི་ཆུ་ཚད་དང་མང་ཚོགས་ཀྱི་དངོས་ཡོད་ལག་རྩལ་རྩལ་ནུས་སྔར་ལས་ཇེ་མཐོར་གཏོང་བ། ལས་ཞུགས་ཀྱི་མདུན་ལམ་ཁོད་རྒྱ་ཇེ་ཡངས་སུ་གཏོང་བ། དབུལ་ཐར་མཁྲེགས་གཏོར་ལ་གཡུལ་འཐབ་དྲག་པོ་རྒྱག་པ། དམངས་ཚིས་ཀྱི་བཅོས་སྒྱུར་སྔར་ལས་འཐུས་ཚང་དུ་གཏོང་བ་བཅས་ཀྱི་སྒོ་ནས་སྟོང་སྐོར་རྫོང་གིས་དབུལ་ཕོངས་མང་ཚོགས་ཀྱི་ལས་རིགས་རྩལ་ནུས་ཆུ་ཚད་དང་ལས་ཞུགས་ལས་གཏོད་ནུས་པ་མཐོར་འདེགས་སུ་བཏང་སྟེ། དབུལ་ཕོངས་ངལ་རྩོལ་མཁན་གྱི་དངོས་ཡོད་བརྒྱུད་རིམ་ལས་ཞུགས་དང་ངལ་རྩོལ་མཁན་གྱི་ཡོང་སྒོ་འཕར་སྣོན་བཅས་ལ་རོགས་འདེགས་བྱས་ནས། དབུལ་ཐར་གྱི་ཕན་འབྲས་མངོན་པར་བྱས་ཡོད། སྟོང་སྐོར་རྫོང་གིས་བརྒྱུད་རིམ་གང་མང་ཞིག་ལ་བརྟེན་ནས་སྣ་མང་རང་བཞིན་གྱི་བྱེད་ཐབས་ལྟར་རིམ་པ་མང་པོའི་སྒོ་ནས་རྩལ་ནུས་གསབ་སྦྱོང་བྱས་པ་རེད།

དམིགས་འབེན་གྱི་འགན་འཁྲི་དམ་འཛིན་སྒོས་ནུས་ཤུགས་གང་ཡོད་ལ་བརྟེན་ནས་ལས་ཞུགས་ཀྱི་གསབ་སྦྱོང་ལ་སྐུལ་འདེད་བྱས་པ། 2018ལོའི་མི་གྲངས3250ལ་གསབ་སྦྱོང་བྱས་ཤིང་། དེའི་ཁྲོད་དུ་ཡིག་ཚགས་ཅན་གྱི་དབུལ་ཁྱིམ་ལས་ཞུགས་མི་གྲངས223ཡོད་ལ། གསབ་སྦྱོང་གི་ཚད་གཞིར་ཐོན་པའི་ཚད་གཞི་ནི100%ཡིན། གསབ་སྦྱོང་ལ་ཞུགས་པའི་མི་སྣའི་ལས་ཞུགས་ཀྱི་ཚད་གཞི་ཡང70%ལ་སླེབས་ཡོད། དབུལ་སྐྱོར་སྲིད་ཇུས་དངོས་འབེབས་བྱས་ཏེ། ཁྱོན་ཡོངས་ནས་ལས་ཞུགས་ཞབས་ཞུའི་བྱ་བ་ལེགས་པོར་སྤེལ། སྤྱི་གཞུང་ལས་ཞུགས་ཞབས་ཞུའི་སྒྲིག་གཞི་ལ་གཞི་བཅོལ་ནས་མཁར་གྲོང་གི་ལས་ཤོར་མི་སྣ་དང་མཁར་གྲོང་ལ་ཡོང་བའི་ལས་བཟོ་མི་སྣ་དག་ལ་ལས་འཚོལ་ཐོ་འགོད་དང་ལས་རིགས་ངོ་སྤྲོད། ལས་རིགས་མཛུབ་སྟོན་དང་སྲིད་ཇུས་འདྲི་རྟོག་སོགས་ཀྱི་ཞབས་ཞུ་རིན་མེད་སྒོས་སྤེལ་བ་རེད།

ཁྲོམ་རའི་དགོས་མཁོ་ཡི་འཁོར་སྐྱོད་དང་བསྟུན་ནས་གསབ་སྦྱོང་གི་ནང་དོན་ཧུར་ཐག་སྒོས་ཆེས་ཆེར་བསྐྱེད་པ། ཞིང་འབྲོག་མི་དམངས་ཀྱི་ཁོམ་གསེང་དུས་ཚོད་བེད་སྤྱོད་བྱས་ཏེ་ཞིང་བ་དག་ལ་ལས་ཞུགས་གསབ་སྦྱོང་དང་ཁྲོམ་རའི་དགོས་མཁོ་ཡི་ཁ་ཕྱོགས་ལྟར་རྩད་གཅོད་གསལ་བོ་བྱས་པ་བརྒྱུད་ཤང་དང་གྲོང་རྡལ་སོ་སོའི་གནས་སྡོད་ཧྲུའུ་ཅི་དང་པོ་དང་འབྲེལ་ཡོད་ལས་ཁུངས་སོ་སོར་གྲོས་སྡུར་བྱས་པ་བརྒྱུད་རླངས་འཁོར་ཁ་ལོ་བའི་འཛིན་ཡིག་དང་ཞིང་གྲོང་སྤྲོ་སྐྱིད་གླིང (ཀྲུང་ལུགས་ཟ་མ་སྐོལ་སྟངས+ཞིང་སྡེའི་ཡུལ་སྐོར) སྤྱི་ཕན་ལས་གནས་ཀྱི་ལས་སྔོན་གསབ་སྦྱོང་། གསོལ་ཟས་ཞབས་ཞུ+ལས་གཏོད་གསབ་སྦྱོང། ངར་ལྕགས་ཚ་ལ། འདམ་བག་བྱུགས་པ། ཕྱེ་བཟོས། འཐེན་ཐུག་འཐེན་པ། འདན་ཡུལ་པགས་བཟོས་སོགས་ལག་ཤེས་ཆེད་ལས་མི་འདྲ་བ10ལྷག་ལ་གསབ་སྦྱོང་། 2018ལོའི་ཟླ4པའི་ཟླ་དཀྱིལ་ནས་ཟླ12པའི་ཟླ་མཇུག་བར་གསབ་སྦྱོང་གི་དམིགས་འབེན་འགན་འཁྲི་ནི་དབུལ་ཕོངས་ངལ་རྩོལ་མི་སྣའི་དུས་ཡུན་ཐུང་ངུའི་ནང་མི་གྲངས750ལ་རྩལ་ནུས་གསབ་སྦྱོང་བྱེད་པ་མངོན་འགྱུར་བྱས་ཏེ། “ཆར་ཐིགས་འཆར་གཞིའི”དུས་ཐུང་རྩལ་ནུས་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་སྒོར་ཁྲི150བཏང་ཞིང་། གསབ་སྦྱོང་རྗེས་སུ་ཚད་ལྡན་དུ་ཐོན་པའི་ཚད་ནི95%ཡི་ཡན་ལ་སླེབས་ཡོད། རྫོང་ཡོངས་ཀྱི་དབུལ་ཕོངས་ངལ་རྩོལ་ནུས་ཤུགས་ཀྱི་ལས་རིགས་རྩལ་ནུས་མཐོར་འདེགས་སུ་བཏང་ཞིང་། ཞིང་བ་མི་དམངས་ཀྱི་ཡོང་སྒོ་འཕར་སྣོན་དང་འཚོ་གནས་ལ་བཅོས་སྒྱུར། འཚོ་བའི་ཆ་རྐྱེན། ལས་གཏོད་འཇོན་ནུས་མཐོར་འདེགས་བཅས་ཀྱི་ཐད་ལ་འགན་བཅོལ་ནུས་ལྡན་ཞིག་མཁོ་སྤྲོད་ཐོབ་ཡོད།

2019ལོའི་གསབ་སྦྱོང་དམིགས་འབེན་གྱི་འགན་འཁྲི་ནི་དབུལ་ཕོངས་ངལ་རྩོལ་མི་གྲངས1000ལ་དུས་ཡུན་ཐུང་ངུའི་ནང་རྩལ་ནུས་གསབ་སྦྱོང་མངོན་འགྱུར་བྱས་ཏེ། མུ་མཐུད་དུཆར་ཐིགས་འཆར་གཞི་ལ་ཤུགས་བསྣན་ནས་ཞིང་སྡེའི་ངལ་རྩོལ་ནུས་ཤུགས་དེ་བྱ་བའི་གསབ་སྦྱོང་ཁྲོད་དུ་བསྒྱུར་བར་སྐུལ་འདེད་བྱས་ཤིང་། ཞིང་བའི་ཡོང་སྒོ་མུར་འཕེལ་ལ་སྐུལ་འདེད་དང་ཞིང་སྡེའི་ཐོན་ལས་སྒྲིག་གཞི་སྙོམས་སྒྲིག ཞིང་སྡེའི་འོས་འཚམ་གྱི་མི་སྣའི་འཇོན་ནུས་གསབ་སྦྱོང་། ཞིང་བའི་ཡོང་སྒོ་འཕར་སྣོན་བཅས་ཀྱི་དོན་ཆེན་དེའི་དོན་དངོས་དམ་འཛིན་བྱས་ཡོད། “ཆར་ཐིགས་འཆར་གཞིའི”དུས་ཡུན་ཐུང་ངུའི་རྩལ་ནུས་གསབ་སྦྱོང་གིས་དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མང་ཚོགས་ལ་ཞིང་ཕན་དབུལ་སྐྱོར་སྲིད་ཇུས་ཐོབ་པ་མ་ཟད། ལས་རིགས་རྩལ་ནུས་དང་ལག་རྩལ་དངོས་ཡོད་སོགས་གསབ་སྦྱོང་གི་དགོས་མཁོ་བསྐངས་ནས་ཞིང་སྡེའི་ངལ་རྩོལ་ནུས་ཤུགས་ཀྱི་ཕྱོགས་བསྒྱུར་ནུས་པ་དེ་བརྟན་འཇགས་སུ་གཏོང་བར་སྐུལ་འདེད་བྱས། རྣམ་པ་གསར་བའི་ཞིང་སྡེའི་འཛུགས་སྐྲུན་གྱི་ཆུ་ཚད་དང་ཞིང་བའི་ལས་ཞུགས་རྩལ་ནུས། ལས་གཏོད་ནུས་པ་བཅས་མཐོར་འདེགས་སུ་བཏང་སྟེ་གནད་འཁེལ་དབུལ་སྐྱོར་དང་གནད་འཁེལ་དབུལ་ཐར་མངོན་འགྱུར་བྱས་པ་རེད།


ལོ་ཙཱ་བ། ལྷ་དཔལ་སྐྱབས།