མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་དང་པེ་ཅིན་ཐུང་རེན་ཐཱང་བདེ་ཐང་སྐྱེས་ལྡན་ཐོན་ལས་ཚད་ཡོད་ཀུང་སི་གཉིས་ཀྱིས་རྒྱ་སྨན་དང་བོད་སྨན་ཐོན་ལས་སྐོར་ནས་ཐབས་ཇུས་མཉམ་ལས་ཀྱི་གྲོས་ཆིངས་བཞག་པ།

ཞིང་ཆེན་ཡོངས་ཀྱི་ལྷད་མེད་སྐྱེས་ལྡན་ཞིང་ཕྱུག་ལས་ཐོན་རྫས་དཔེ་སྟོན་ཞིང་ཆེན་བཏོད་ཆེད།ཟླ 3ཚེས7ཉིན་ལ་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་དང་པེ་ཅིན་ཐུང་རིན་ཐཱང་བདེ་ཐང་སྐྱེས་ལྡན་ཐོན་ལས(ཧའེ་ནན)ཚད་ཡོད་ཀུང་སིའི་གཉིས་ཀྱིས་རྒྱ་སྨན་དང་བོད་སྨན་ཐོན་ལས་ཀྱི་སྐོར་ནས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་ཆིངས་བཞག

ཉེ་བའི་ལོ་ཚུན་ལ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིང་གཞུང་གིས་རྒྱ་སྨན་དང་བོད་སྨན་ཐོན་ལས་གོང་སྤེལ་ལ་མཐོང་ཆེན་ཚད་མེད་གནང་སྟེ། 《ནགས་ལས་ཐོན་ལས་གང་མགྱོགས་ཅི་མགྱོགས་ཀྱིས་གོང་དུ་སྤེལ་དགོས་པའི་སྐོར་གྱི་ལག་བསྟར་བསམ་འཆར》དང་། 《རྒྱ་སྨན་དང་བོད་སྨན་གྱི་སྨན་རྩྭ་འདེབས་འཛུགས་རྟེན་གཞི་མགྱོགས་པོར་འཛུགས་སྐྲུན་དགོས་པའི་སྐོར་གྱི་བསམ་འཆར》《སྨན་རྫས་ཐོན་ལས་བདེ་ཐང་གོང་སྤེལ་ཡར་སྐུལ་སྐོར་གྱི་ལག་བསྟར་བསམ་འཆར》སོགས་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་རྒྱ་སྨན་དང་བོད་སྨན་རྟེན་གཞི་ཅན་དང་། གཞི་ཁྱོན་ཅན། ཐོན་ལས་ཅན་དུ་འཕེལ་བར་སྐུལ་སྤེལ་ལྷོད་མེད་བྱས་པར་བརྟེན། རང་རེའི་ཞིང་ཆེན་གྱི་རྒྱ་སྨན་དང་བོད་སྨན་ཐོན་ལས་ཇེ་རྒྱས་ཇེ་ལེགས་སུ་སོང་ནས་སྣོད་བཅུད་འཛུགས་སྐྲུན་གྲུབ་འབྲས་སྲ་བརྟན་དང་། འབྲོག་པ་མང་ཚོགས་ལས་ཞུགས་འབབ་འཕར་ལ་སྐུལ་འཁྲིད། དབུལ་སྒྲོལ་འགག་གཏོར་ལ་མགྱོགས་པོར་སྐུལ་སྤེལ་བཅས་བྱེད་པའི་དཔལ་འབྱོར་འཕར་གནས་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད།

2015ལོར་རྒྱ་སྨན་དང་བོད་སྨན་གྱི་སྨན་རྩྭ་ལས་ལྕ་བ་དང་། སྲད་དཀར་གཙོ་བྱས་པའི་འདེབས་འཛུགས་རྒྱ་ཁྱོན་དེ་ས་མུའུ་ཁྲི་ལ་ཡང་མི་ལོངས་མོད། 2018ལོར་རྒྱ་ཁྱོན་དེ་ས་མུའུ་ཁྲི24.9ལ་སླེབས་ནས་འདེབས་འཛུགས་ཁྱབ་ཁོངས་ཀྱང་རང་རེའི་ཞིང་ཆེན་གྱི་ཞིང་ལས་ཁུལ་གྱི་རྫོང་ཁག་ནས་ཟི་ལིང་དང་། མཚོ་ཤར། མཚོ་ལྷོ། མཚོ་བྱང་། རྨ་ལྷོ་སོགས་གྲོང་ཁྱེར་དང་ཁུལ་ལྔ་དང་རྫོང་(ཆུས)གཙོ་བོ་བཅོ་ལྔ་ལ་རྒྱ་བསྐྱེད་ཡོད་པ་དང་། རྒྱ་སྨན་དང་བོད་སྨན་གྱི་སྨན་རྩྭ་ཐོན་འབོར་ཏུན་ཁྲི10.2ལ་སླེབས་ནས་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར8.25མངོན་འགྱུར་བྱུང་བ་དང་། མི་ཁྲི50.24ལས་ཞུགས་སུ་སྐུལ་ནས་དུད་ཚང་ཁྲི3.42དང་། མི་ཁྲི13.9ལས་ཞུགས་ཀྱི་ལམ་ལ་འཁྲིད་དེ། དུད་ཚང་རེའི་ཆ་སྙོམས་ཡོང་འབབ་སྒོར5461འཕར་བ་དང་། མི་རེའི་ཆ་སྙོམས་སུ་ཡོང་འབབ་སྒོར364རེ་རག་ཐུབ་པ་སོགས་རང་རེའི་ཞིང་ཆེན་དེ་རྒྱལ་ཡོངས་ཀྱི་ལྕ་བ་དང་། སྲད་དཀར་ཡུག་གཅིག་འདེབས་འཛུགས་ཁུལ་ཆེ་གྲས་གཉིས་པར་གྱུར་བ་དང་། དེ་ལས་ཧོར་གྲོང་དང་སྟོང་སྐོར་སོགས་སུ་བཏབས་པའི་ལྕ་བ་ནི་ཁྲོམ་རའི་ཐོག་འཕྲོག་ཐོབ་བྱེད་པའི“ལྕ་བ་དང་པོ”རུ་གྱུར་ཡོད་པ་རེད།

ཁོན་ཐར་འཚོས་བསྒྱུར།