རང་ཞིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་གཞུང་ལུགས་ལ་དཔྱད་སྡུར་ཞིབ་འཇུག་བྱེད་པའི་སྐབས་དང་པོའི་འཛིན་གྲྭ་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ3ཚེས1ཉིན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་གནང་ཤིང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་ཞིང་ཆེན་སྲིད་འཛིན་སློབ་གླིང་གཉིས་ཀྱིས་འགན་སྒྲུབ་བྱས་པའི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་གཞུང་ལུགས་ལ་དཔྱད་སྡུར་ཞིབ་འཇུག་བྱེད་པའི་སྐབས་དང་པོའི་འཛིན་གྲྭ་དེ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ནང་བསྡུས་པ་རེད། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོའི་ལས་ཁུངས་དག་གི་ཐིན་དང་ཁྲུའུ་རིམ་པའི་འགོ་ཁྲིད་ལས་བྱེད་མི་སྣ30ལྷག་ཐེངས་འདིའི་གསབ་སྦྱོང་ལ་ཞུགས་ཡོད།

རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། ཐེངས་འདིའི་གསབ་སྦྱོང་གི་དུས་ཡུན་ནི་ཉིན15ཡིན་ཞིང་། གསབ་སྦྱོང་གི་ནང་དོན་དེ་གཙོ་བོ་ཏང་གི་གཞུང་ལུགས་དང་ཏང་གཤིས་སློབ་གསོ། འཐབ་ཇུས་གལ་ཆེན་དང་ཐབས་ཇུས། ལས་བྱེད་པའི་འཇོན་ནུས་མཐོར་འདེགས་སུ་གཏོང་བ་བཅས་རིམ་པ་མི་འདྲ་བ་ཆེན་པོ་བཞི་རུ་བཀར་ཡོད། ཐེངས་འདིའི་གསབ་སྦྱོང་གིས་གཞུང་ལུགས་དར་སྤེལ་དེ་དངོས་ཡོད་ཀྱི་མར་ཁེ་སི་རིང་ལུགས་ཀྱི་སྤྱོད་ལམ་ལ་ཟུང་འབྲེལ་བྱས་ཏེ། སློབ་མ་དག་གི་སྤུས་ཚད་དང་འཇོན་ནུས་མཐོར་འདེགས་སུ་གཏང་རྒྱུ་དེ་དམིགས་འབེན་དུ་བཟུང་ཞིང་། དེ་ཡང་ཆེད་དོན་བརྗོད་བྱའི་ཟུར་ཁྲིད་དང་སློབ་མ་དག་གི་དཔྱད་སྡུར། སྒྲིག་གཞི་ཅན་གྱི་ཞིབ་འཇུག་དཔྱད་སྡུར་སོགས་ཀྱི་བྱེད་ཐབས་བརྒྱུད་དོན་དངོས་ཐོག་སློབ་གསོའི་ཕན་འབྲས་མཐོར་འདེགས་སུ་བཏང་ཞིང་། སློབ་མ་དག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་དོན་གྱི་རྒྱབ་ལྗོངས་དང་ལོ་རྒྱུས་ཀྱི་གོ་གནས། ཚན་རིག་མ་ལག དགོངས་དོན་གྱི་ངོ་བོ། དུས་ཚོད་ཀྱི་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་དང་རྒྱུས་ལོན་ཞིབ་མོ་ལེན་དུ་བཅུག་སྟེ། སློབ་མ་དག་གིས་སྦྱངས་བ་ལས་སད་རྟོགས་དང་སྦྱངས་བ་ལས་གྲུབ་འབྲས། སྦྱངས་བ་ལས་འབྲས་བུ་སྨིན་པ་བཅས་ཀྱིས་འགོ་ཁྲིད་ལས་བྱེད་པ་དག་གི་དུས་རབས་གསར་བའི་དངོས་ཡོད་ཀྱི་བསམ་བློ་གསར་བའི་འཛུགས་སྐྲུན་དེས་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ནུས་པ་མཐོར་འདེགས་སུ་གཏང་དགོས།


ལོ་ཙཱ་བ། ལྷ་དཔལ་སྐྱབས།