སྒོ་མེ་ཕུག་ལམ་བཀག་སྡོམ་བྱེད་པའི་བརྡ་སྦྱོར།

སྒོ་མེ་ཕུག་ལམ་གྱི་ཆེད་དོན་ཞིབ་དཔྱད་ཚད་ལེན་བཟོ་སྐྲུན་གྱི་ཇུས་གཞི་གཞིར་འཛིན་པ་དང་བཟོ་སྐྲུན་བྱ་བ་དེ་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་འགན་བཅོལ་བྱེད་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཁྲིམས་སྲོལ》གྱི་དོན་ཚན39པའི་གཏན་འབེབས་ལྟར། སྒོ་མེ་ཕུག་ལམ་ལ་འགྲིམ་འགྲུལ་ལམ་ཐིག་དོ་དམ་བྱེད་དགོས་པས། དེ་འབྲེལ་བརྡ་སྦྱོར་གྱི་བྱེ་བྲག་ནང་དོན་གཤམ་གསལ་ལྟར།

དང་པོ། བཀག་སྡོམ་སྒོས་བདག་དོམ་བྱེད་རྒྱུའི་ལམ་ཐིག་དང་དུས་ཚོད།

ཞང་སྐྱོང་ལམ་གླ་བསྡུ་བའི་འཛུལ་སྒོ། བདག་སྡོམ་དུས་ཚོད་ནི།

2019ལོའི་ཟླ3ཚེས13ཉིན་གྱི་དུས་ཚོད20:00ནས་ཕྱི་ཉིན་གྱི་ཞོགས་པའི་དུས་ཚོད6:00གི་བར།

2019ལོའི་ཟླ3ཚེས14ཉིན་གྱི་དུས་ཚོད20:00ནས་ཕྱི་ཉིན་གྱི་ཞོགས་པའི་དུས་ཚོད6:00གི་བར།

རིམ་པ་དང་པོའི་གཞུང་ལམ་དང་ཡུལ་སྐོར་གཞུང་ལམ་གྱི་བསྣོལ་མཚམས་ནས་སྒོ་མེ་ལའི་ཕུག་ལམ་ཕྱོགས་ཀྱི་ལམ་ཐིག བཀག་སྡོམ་དུས་ཚོད་ནི།

2019ལོའི་ཟླ3ཚེས15ཉིན་གྱི་དུས་ཚོད20:00ནས་ཕྱི་ཉིན་གྱི་ཞོགས་པའི་དུས་ཚོད6:00གི་བར།

2019ལོའི་ཟླ3ཚེས16ཉིན་གྱི་དུས་ཚོད20:00ནས་ཕྱི་ཉིན་གྱི་ཞོགས་པའི་དུས་ཚོད6:00གི་བར།

གཉིས་པ། རླངས་འཁོར་ཤར་གཏོང་རྣམ་པ།

ལམ་ཐིག་བཀག་སྡོམ་གྱི་དུས་སྐབས་སུ་རླངས་འཁོར་ཤར་གཏོང་བྱེད་པའི་བྱེ་བྲག་གི་རྣམ་པ་ནི། ཟི་ལིང་ནས་ཁྲི་ཀའི་ཕྱོགས་སུ་བསྐྱོད་པའི་རླངས་འཁོར་དག་གིས་ཞང་སྐྱོང་ལམ་གླ་བསྡུ་བའི་ས་ཚིགས་མདུན་ཐད་ཀྱི་གཞུང་ལམ་བསྣོལ་མཚམས་ནས་ཡུལ་སྐོར་གཞུང་ལམ་བརྒྱུད་དེ་མུ་མཐུད་དུ་ཤར་སྐྱོད་བྱེད་དགོས་ཤིང་། ཁྲི་ཀ་ནས་ཟི་ལིང་ཕྱོགས་སུ་བསྐྱོད་པའི་རླངས་འཁོར་དག་གིས་རིམ་པ་དང་པོའི་གཞུང་ལམ་དང་ཡུལ་སྐོར་གཞུང་ལམ་བསྣོལ་མཚམས་ནས་ཡུལ་སྐོར་གཞུང་ལམ་བརྒྱུད་དེ་མུ་མཐུད་དུ་ཤར་སྐྱོད་བྱས་ཆོག

གསུམ་པ། རླངས་འཁོར་ཤར་གཏོང་གི་བླང་བྱ།

ཤར་གཏོང་བྱེད་པའི་རླངས་འཁོར་དག་གིས་ལམ་སྟོན་བྱང་བུ་གཞིར་བཟུང་སྟེ་སྐོར་ལམ་བརྒྱུད་ནས་འགྲོ་དགོས་ཤིང་། ངེས་པར་དུ་འགྲིམ་འགྲུལ་གྱི་མཚོན་རྟགས་སོགས་སྒྲིག་ཆས་ཀྱི་མཛུབ་སྟོན་བརྡ་འཕྲིན་ལྟར་ཤར་སྐྱོད་བྱེད་དགོས་ལ། འགྲིམ་འགྲུལ་ཉེན་རྟོག་པའི་བཀོད་འདོམས་ངེས་པར་དུ་བརྩི་སྲུང་བྱེད་དགོས།

ཆེད་བསྒྲགས་བརྡ་སྦྱོར།

མཚོ་སྔོན་ཞིང་ཆེན་མཐོ་རིམ་གཞུང་ལམ་འཛུགས་སྐྲུན་བདག་དོམ་ཅུའུ།

མཚོ་སྔོན་ཞིང་ཆེན་གཞུང་ལམ་ལམ་སྲིད་ཁྲིམས་འཛིན་སྤྱི་ཁྱབ་རུ་ཁག

ཙོང་ཁ་རྫོང་སྤྱི་བདེ་ཅུའུ་འགྲིམ་འགྲུལ་བདག་དོམ་རུ་ཆེན།

ཁྲི་ཀ་རྫོང་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན།

ཚོང་འགུག་ཅུའུ་ཁྲུང་ཆིན་འགྲིམ་འགྲུལ་ཚན་རྩལ་ཞིབ་འཇུག་ཇུས་འགོད་གླིང་ཚད་ཡོད་ཀུང་ཟི།

ཁྲུང་ཆིན་གཞུང་ལམ་བཟོ་སྐྲུན་ཞིབ་དཔྱད་ཚད་ལེན་ལྟེ་གནས།

2019ལོའི་ཟླ3ཚེས5ཉིན།

ལོ་ཙཱ་བ། ལྷ་དཔལ་སྐྱབས།