མཚོ་སྔོན་གྱི་ལུས་རྩལ་དཔའ་མོ་ཆོས་དབྱིངས་སྐྱིད་ཀྱིས་ལོ་རྒྱུས་ཟིན་འགོད་གསར་པ་བསྐྲུན་ཏེ་ཡང་བསྐྱར་འཛམ་གླིང་གི་ཨང་དང་པོ་བླངས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཉེ་སྔོན། རྒྱལ་སྤྱིའི་མཆོང་རྒྱུག་འགྲན་རྩལ་ཨུ་ཡོན་ལྷན་ཚོགས་ཀྱིས་སྤྱི་ལེ20ཅན་གྱི་སྐྱེས་མའི་འདུར་རྒྱུག་འགྲན་སྡུར་གྱི་འཛམ་གླིང་གི་སྐར་མའི་ཨང་རིམ་གསར་བརྗེ་བྱས་པ་ལྟར་ན། མཚོ་སྔོན་གྱི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་འཛམ་གླིང་གི་ཨང་དང་པོར་གྱུར་ཏེ། རང་ཞིང་གི་ལུས་རྩལ་པས་འཛམ་གླིང་གི་ཨང་རིམ་ཁྲོད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་པ་རེད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིར་སྤྱི་བསྒྲགས་བྱས་པའི་འཛམ་གླིང་གི་སྤྱི་ལེ20ཅན་གྱི་སྐྱེས་མའི་འདུར་རྒྱུག་འགྲན་བསྡུར་གྱི་སྐར་མའི་ཁྲོད། ཆོས་དབྱིངས་སྐྱིད་ཀྱིས་སྐར་མ1300བླངས་ནས་འཛམ་གླིང་གི་ཨང་དང་པོར་གྱུར་ཡོད་ལ།ཨང་གཉིས་པ་ལ་ཧུ་ཐའོ་ཝར་གྱིས་སྐར་མ1229དང་།ཨང་གསུམ་པ་ཨའེ་རུའེ་ཁཱ་ཏི་སའེ་ན་ཡིས་སྐར་མ1228བླངས་ཡོད་པ་རེད། གསར་འགོད་པས་ཤེས་གསལ་ལྟར་ན། ཆོས་དབྱིངས་སྐྱིད་ནི་ཨང་རིམ་བཅུ་པའི་བར་གྱི་ཀྲུང་གོའི་འགྲན་ཞུགས་པ་གཅིག་པུ་ཡིན་པར་མ་ཟད་ཨེ་ཤ་ཡའི་འགྲན་ཞུགས་པ་གཅིག་པུའང་ཡིན་པ་རེད།

འགྲན་བསྡུར་ཁྲོད་ཀྱི་ཆོས་དབྱིངས་སྐྱིད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།