རང་ཞིང་གིས2019ལོའི་མེ་གསོད་བྱ་བའི་གྲོས་ཚོགས་བསྡུས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཟླ3ཚེས1ཉིན། ཞིང་ཆེན་སྲིད་གཞུང་གིས2019ལོའི་མེ་གསོད་བྱ་བའི་གྲོས་ཚོགས་བསྡུས་པ་དང་ཧྲིན་ཀྲང་གཞོན་པ་ཁུང་ཡོན་གྲོས་ཚོགས་ལ་ཞུགས་པ་མ་ཟད་གཏམ་བཤད་གནང་། གྲོས་ཚོགས་ཀྱིས2018ལོའི་ཞིང་ཆེན་ཡོངས་ཀྱི་མེ་གསོད་བྱ་བའི་གནས་ཚུལ་ལ་ཕྱོགས་སྡོམ་བྱས་པ་མ་ཟད། 2018ལོའི་ལས་འགན་གལ་ཆེན་ལ་བཀོད་སྒྲིག་བྱས་ཏེ། མེ་གསོད་བྱ་བའི་སྔོན་ཐོན་ས་ཁུལ་དང་ལས་ཁུངས། མི་སྒེར་བཅས་ལ་གཟེངས་བསྟོད་གནང་བ་དང་། 《2019ལོའི་མཚོ་སྔོན་ཞིང་ཆེན་གྱི་མེ་གསོད་བྱ་བའི་མཛུབ་སྟོན་བསམ་འཆར》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས།

གྲོས་ཚོགས་སྟེང་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས2018ལོའི་མེ་གསོད་བྱ་བའི་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱས་པ་དང་། མེ་གསོད་བྱ་བའི་འགན་འཁྲིའི་མ་ལག་ཉིན་རེ་བཞིན་འཐུས་ཚང་དུ་བཏང་སྟེ་སྤྱི་ཚོགས་ཀྱི་མེ་གསོད་བདེ་འཇགས་ཁོར་ཡུག་མུ་མཐུད་དུ་གཙང་སེལ་བྱས་ཤིང་། སྤྱི་གཞུང་མེ་གསོད་བདེ་འཇགས་སྤུས་ཚད་སྔར་ལས་ཆེས་ཆེར་བཏང་ནས། མེ་གསོད་གཞི་རིམ་གྱི་རྨང་གཞིའི་འཛུགས་སྐྲུན་དེར་ཏན་ཏིག་གིས་སྐུལ་འདེད་བཏང་པ་དང་ཕྱོགས་བསྡུས་བབ་བསྟུན་མྱུར་སྐྱོབས་ནུས་ཤུགས་ལ་ཡང་མཐོར་འདེགས་ངེས་ཅན་ཞིག་བྱུང་ཡོད། ཞིང་ཆེན་ཡོངས་ཀྱི་མེ་གསོད་བདེ་འཇགས་གནས་བབ་ཀྱི་མུར་བསྟུན་བརྟན་འཇགས་ལ་རྒྱུན་འཁྱོངས་བྱས་ཤིང་། མེ་གསོད་བྱ་བའི་འཕེལ་རྒྱས་གསར་བ་དང་མདུན་སྐྱོད་གསར་བར་མངོན་འགྱུར་བྱས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། 2019ལོ་ནི་མེ་གསོད་མྱུར་སྐྱོབས་རུ་ཁག་དེ་བརྒྱུད་རིམ་གསར་བའི་ལམ་ཕྱོགས་སུ་གོམ་པ་སྤོས་པའི་འགོ་ཚུགས་པའི་ལོ་དང་པོ་ཡིན་ལ། མེ་གསོད་བྱ་བའི་གྲུ་གཡོར་གྱེན་ལ་སྒྲེང་ནས་ལམ་ལ་ཆས་པའི་འགོ་ཚུགས་ས་ཡང་ཡིན། རིམ་པ་སོ་སོའི་མེ་གསོད་མྱུར་སྐྱོབས་རུ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་བཀའ་སློབ་ཀྱི་དགོངས་དོན་དང་སྲོག་ཤིང་གི་དོན་གནད་ལ་གོ་བ་ཟབ་མོ་ལེན་པ། སྲོག་ཤིང་གི་བླང་བྱ་དེ་གནད་ལ་ཁེལ་བར་བྱས་ཏེ། འགོ་ཚུགས་ས་གསར་བའི་སྟེང་དུ་མེ་གསོད་མྱུར་སྐྱོབས་བྱ་གཞག་ལ་གནས་བབ་གསར་བ་གསར་སྐྲུན་བྱེད་པ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས“འགོ་ཁྲིད་ཀྱི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་ཏང་སྲིད་འགན་འཁྲི་གཅིག་ལྕོགས་དང་ལས་འགན་གཅིག་ལ་འགན་ནུས་གཉིས”ཀྱི་སྤྱིའི་བླང་བྱ་ལྟར། གནས་ཚུལ་འཛིན་སྐྱོང་དམ་འཛིན་དང་འགན་སྲུང་ལ་དམ་འཛིན་བྱས་ཏེ། འགན་སྲུང་ལ་ཤུགས་བསྣན་ནས་ཞན་ཆ་དང་མི་འདང་ས་ཁ་སྣོན་བྱེད་པ། ལས་རིགས་སྡེ་ཁག་གིས་ལྟ་སྐུལ་འགན་ནུས་ལག་བསྟར་དངོས་འབེབས་བཅས་བྱས་ཏེ།། “དགོས་ངེས་གསུམ”དང“སུ་ཞིག་གིས་བདག་དོམ་བྱེད་པ་དང་སུ་ཞིག་གིས་འགན་འཁུར་བའི”རྩ་དོན་གཞིར་བཟུང་ནས། མཛུབ་སྟོན་དམ་འཛིན་དང་སྒྲིག་སྲོལ་དམ་འཛིན་གྱིས་ཁོངས་གཏོགས་ལས་རིགས་ཀྱི་མ་ལག་གིས་ལས་ཁུངས་ཀྱི་མེ་གསོད་ལྟ་སྐུལ་བདག་དོམ་དང་ཞིབ་བཤེར་ལྟ་སྐུལ་ལ་ཤུགས་བསྣན་ནས།ཞིབ་དཔྱད་དཔྱད་འཇོག་ཞིབ་སྡུར་གྱིས་ལས་རིགས་ཀྱི་མེ་གསོད་བདེ་འཇགས་ཆུ་ཚད་མཐོར་འདེགས་སུ་གཏོང་བ། སྤྱི་ཚོགས་ལས་ཁུངས་དག་གིས་གཞི་གྲུབ་ཀྱི་འགན་ནུས་ལག་བསྟར་དངོས་འབེབས་ཀྱིས་མེ་གསོད་བདེ་འཇགས་འགན་འཁྲི་དང་འོས་འགན་ལག་བསྟར་བྱས་ཏེ། མ་དངུལ་གཏོང་ཚད་ལ་ཤུགས་བསྣན་ནས་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། དུས་ཚོད་གཏན་ཁེལ་ལྟར་དྲུག་བྱས་པ་གཅིག་གི་བྱ་འགུལ་དང་ནུས་པ་བཞི་ཡི་འཛུགས་སྐྲུན་གཏིང་ཟབ་དུ་སྤེལ་ནས། རྒྱུན་ལྡན་ཅན་དང་སྒྲིག་སྲོལ་ཅན་གྱི་བདག་དོམ་ལ་སྐུལ་འདེད་སྒོས་རྩ་བའི་ཆ་ནས་མེ་གསོད་སྔོན་འགོག་ཚོད་འཛིན་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། མེ་སྐྱོན་དོན་རྐྱེན་གྱི་འགན་འཁྲི་ལ་རྩད་གཅོད་ནན་མོ་བྱས་ཏེ། གལ་ཏེ་ལག་བསྟར་དངོས་འབེབས་ཐབས་ཇུས་ཀྱི་བཀོད་སྒྲིག་གིས་མི་འདང་བ་དང་ཞིང་ཆེན་སྲིད་གཞུང་གི་ཁོངས་གཏོགས་སྲིད་གཞུང་དང་ལས་རིགས་སྡེ་ཁག་གིས་དུས་བཅད་ལྟར་འགན་ནུས་ཀྱིས་མི་འདང་ས་དང་འགན་འཁྲི་ལག་བསྟར་བྱས་པ་མ་འདང་བར་མེ་སྐྱོན་བྱུང་བ་ལ་ཁྲིམས་ལྟར་འགན་འཁུར་དུ་འཇུག་དགོས།

ལོ་ཙཱ་བ། ལྷ་དཔལ་སྐྱབས།