ཡུལ་ཤུལ་གནམ་ཐང་གིས་ནུས་ཤུགས་གང་ཡོད་སྒོས་གངས་སྐྱོན་གྱི་ཞབས་ཞུ་ལ་ཁྱོན་ཡོངས་ནས་འགན་སྲུང་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་གཞི་ཁྱོན་ཆེས་ཆེ་ཞིང་འབབ་ཐེངས་ཆེས་མང་བའི་ཁ་བ་བབས་པའི་གནམ་གཤིས་གནས་ཚུལ་བྱུང་བ་ལ་ཁ་གཏད་ཆེད། མཚོ་སྔོན་གནམ་ཐང་ཚད་ཡོད་ཀུང་ཟིའི་ཡུལ་ཤུལ་གནམ་ཐང་ཡན་ལག་ཀུང་ཟིས“ཁངས་སྐྱོན་སྔོན་འགོག་གིས་ཤར་གཏོང་རྒྱུན་འཁྱོངས་ཐུབ་པ”བྱེད་པའི་བྱ་བའི་ཁྲོད་དུ་ནུས་ཤུགས་གང་ཡོད་སྒོས་གནམ་གྲུ་ཤར་གཏོང་རྒྱུན་ལྡན་གྱི་རྨང་གཞིའི་སྟེང་ནུས་ཤུགས་གང་ཡོད་ཀྱིས་བདེ་འཇགས་ལ་འགན་སྲུང་བྱས་ཏེ། ཁངས་སྐྱོན་སྔོན་འགོག་གིས་མཁའ་འགྲུལ་སྟོབས་ཤུགས་ཀྱི་བྱས་རྗེས་འབུལ་དགོས་པ་བསྟན།

ནུས་ཤུགས་གང་ཡོད་ཀྱིས་ཁངས་སྐྱོན་མྱུར་སྐྱོབས་བྱ་བར་འགན་སྲུང་བྱས་ཏེ། 《ཡུལ་ཤུལ་གནམ་ཐང་ཡན་ལག་ཀུང་ཟིའི་མགྱོགས་མྱུར་སྒོས་ཡུལ་ཤུལ་གནམ་ཐང་གི་ཁངས་སྐྱོན་ལ་བབ་བསྟུན་མྱུར་སྐྱོབས་བྱེད་པའི་གྲ་སྒྲིག་ཇུས་གཞི》ཞེས་པ་སྤེལ་ནས། ནད་པ་ཚབས་ཆེན་སྐྱེལ་འདྲེན་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་པ་དང་དངོས་ཟོག་མྱུར་སྐྱོབས། གཟན་རྩྭ་སྐྱེལ་འདྲེན། གནམ་ཐང་གི་མྱུར་སྐྱོབས་དང་བླངས་རུ་ཁག་རྩ་འཛུགས་བྱས་ཏེ། ཁ་གཏད་དབུལ་སྐྱོར་ཞིང་སྡེ་ལ་འབྲེལ་མཐུད་སྒོས་ཁམས་འདྲི་བྱེད་པ་སོགས་ཀྱི་ཐད་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས། དེའི་མི་ཚད་དུས་ལྟར་དུ་ཁུལ་སྲིད་གཞུང་གི་སྐབས་བསྟུན་མྱུར་སྐྱོབས་གཞུང་སྒྲུབ་ཁང་གིས་སྐབས་བསྟུན་མྱུར་སྐྱོབས་བརྡ་འཕྲིན་མཐུད་སྦྲེལ་སྒྲིག་གཞི་གསར་འཛུགས་བྱས་པ་རེད།

ཟླ2པའི་ཟླ་སྟོད་ནས་བཟུང་ཁྱོན་ཡོངས་ནས་ཡུལ་ཤུལ་ཁུལ་གྱི་ཁངས་སྐྱོན་མྱུར་སྐྱོབས་བྱ་བ་བསྒྲུབས་པ་ནས་བཟུང་། ཡུལ་ཤུལ་གནམ་ཐང་གིས་ཕྱོགས་གཅིག་ནས་ལས་རེས་མི་སྣའི་ལས་སྲུང་ཚད་གཞི་ཆེས་ཆེར་བཏང་ཞིང་། ལས་གནས་གལ་ཆེན་གྱི་མི་སྣ་དག་ངེས་ཅན་དུ་ལས་གནས་སུ་འབྱོར་དགོས་པ་བྱེད་དགོས་ཤིང་། ཁ་བ་བབས་ཏེ་དྲོད་གྲང་ཇེ་དམའ་རུ་སོང་བ་དེས་སྒྲིག་ཆས་སྣ་ཚོགས་ལ་ཤུགས་རྐྱེན་མི་ལེགས་པ་ཐེབས་ཡོད་མེད་ཐད་ལ་ཞིབ་བཤེར་ནན་མོ་བྱེད་དགོས་ཤིང་། དེ་དང་ཆབས་ཅིག་གནམ་ཐང་གི་འཁོར་སྐྱོད་གྲ་སྒྲིག་འཐུས་ཚང་དུ་བཏང་ཞིང་དངོས་ཟོག་མྱུར་སྐྱོབས་སྒོས་དུས་ངེས་མེད་དུ་མྱུར་སྐྱོབས་གྲ་སྒྲིག་བྱ་བ་དེ་ལེགས་པོར་སྒྲུབ་དགོས། ཕྱོགས་གཞན་ཞིག་ནས་ཁངས་སྐྱོན་མྱུར་སྐྱོབས་ཐད་ཀྱི་ཐད་སྐྱོད་མྱུར་སྐྱོབས་འཁོར་ལམ་བཟོས་ནས་མྱུར་སྐྱོབས་མི་སྣའི་འགན་སྲུང་ལ་ཁག་ཐེག་ནན་མོ་བྱེད་དགོས་ཤིང་། རྫོང་སོ་སོའི་ཤང་གྲོང་རྡལ་གྱི་ནད་པ་ཚབས་ཆེན་དང་མྱུར་སྐྱོབས་དངོས་ཟོག་བཅས་སྔོན་ལ་གནམ་གྲུའི་ནང་དུ་འབུད་པ་དང་འགྲུལ་བ་བཀོད་སྒྲིག་ལེགས་པོ་བྱེད་པ། སྐྱེལ་འདྲེན་བཅས་ཀྱིས་ཕན་ནུས་ཀྱི་ཚད་གཞི་དེ་ཡོངས་འགྲུབ་ལེགས་པོ་བྱ་དགོས།

ད་ལྟའི་བར་ཡུལ་ཤུལ་གནམ་ཐང་གིས་འགན་སྲུང་གནམ་གྲུ་ཐེངས240ལ་ཤར་གཏོང་བྱེད་པར་འགན་སྲུང་བྱས་ཤིང་། ཡུལ་སྐོར་འགྲུལ་བ་མི་ཐེངས23054སྐྱེལ་འདྲེན་བྱས། དེའི་ཁྲོད་མྱུར་སྐྱོབས་བྱ་བའི་ཚོ་ཆུང་དང་གནམ་གྲུའི་ལས་བྱེད་མི་སྣ་སྐྱེལ་འདྲེན་ཐེངས6ལ་བྱས་ཤིང་། ཁྱོན་བསྡོམས་མི་གྲངས500ལྷག་ཡོད། མྱུར་སྐྱོབས་སྨན་རྫས་སྐྱེལ་འདྲེན་བྱེད་པའི་འགན་སྲུང་རུ་དཔུང15དང་ནད་པ་ཚབས་ཆེན་མི6 མྱུར་སྐྱོབས་དངོས་ཟོག་གི་རོགས་སྒྲུབ་སྐྱེལ་འདྲེན་ཐེངས2ལ་བྱས་ཡོད།


ལོ་ཙཱ་བ། ལྷ་དཔལ་སྐྱབས།