རང་ཞིང་གིས་བྱེད་ཐབས་སྣ་མང་སྤྱད་དེ་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བྱ་རྒྱུ་ཡིན་པ།

མཚོ་སྔོན་གསར་འགྱུར་དྲ་བའམ་མཚོ་སྔོན་གསར་འགྱུར་དྲ་བའི་མཁོ་སྤྲོད་སྟེགས་བུའི་འཕྲིན་ལྟར་ན། གསར་འགོད་པས་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ལོ་སྟོད་ནས་བཟུང་རང་ཞིང་གིས“འཆར་གཞི2”དང“བྱེད་སྒོ3”ལག་བསྟར་བྱས་ཏེ། བྱེད་ཐབས་སྣ་མང་ལ་བརྟེན་ནས་མཐོ་རིམ་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བྱེད་རྒྱུ་ཡིན་པ་རེད།

“2019-2021ལོའི་བར་ན་གཞོན་སྟོང་ཕྲག་ལྷག་ལ་ལྟ་སྦྱོང་བྱེད་པའི་འཆར་གཞི”ལག་བསྟར་བྱས་ཏེ། ལྟ་སྐུལ་བྱེད་ནུས་སྣེ་ཁྲིད་གསར་འབྱེད་བྱེད་རྒྱུ་ཡིན་པ་རེད། མི་དོན་འགན་སྲུང་སྡེ་ཁག་སོགས་སྡེ་ཁག་དྲུག་གི་དགོས་འདོད་བླང་བྱ་གཞིར་བཟུང་སྟེ། རང་ཞིང་གིས་ད་ལོ་ནས་བཟུང་ལོ་གསུམ་གྱི་ནང་དུ་ན་གཞོན་སྟོང་ཕྲག་ལྷག་ལ་ལྟ་སྦྱོང་བྱེད་པའི་འཆར་གཞི་ལག་བསྟར་བྱས་ཤིང་། འཆར་གཞིའི་ལོ་ངོ3གྱི་ནང་དུ་ན་གཞོན1500ལྷག་རྩ་འཛུགས་བྱས་ཤིང་། ན་གཞོན་དེ་དག་ནི་ལོ16ནས24བར་གྱི་ལས་ཤོར་ན་གཞོན་དང་ལས་ཞུགས་བྱས་མེད་པའི་མཐོ་རིམ་མཐར་ཕྱིན་སློབ་མ་དག་ལས་ཞུགས་ལྟ་སྦྱོང་ལ་ཞུགས་ཆོག་པ་རེད། གོ་གནས་ཀྱི་དོན་དངོས་སྦྱོང་བརྡར་ལ་ཤུགས་སྣོན་བྱེད་པ་བརྒྱུད་ལས་ཞུགས་ནུས་ཤུགས་མཐོར་འདེགས་སུ་གཏོང་བར་རོགས་རམ་བྱེད་དགོས།

“མཐོ་རིམ་མཐར་ཕྱིན་སློབ་མ་གཞི་རིམ་དུ་འཚར་ལོངས་བྱུང་བའི་འཆར་གཞི”ལག་བསྟར་བྱས་པ་བརྒྱུད། གཅིག་བསྡུས་སྒོས་གསབ་སྦྱོང་བྱས་ཏེ་གཤིན་ས་ལེགས་པོ་བསྐྲུན་དགོས་ལ། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་མི་དོན་སྤྱི་ཚོགས་འགན་སྲུང་པུའུ་སོགས་ལས་ཁུངས་ལྔ་ཡི་དགོས་མཁོ་ལྟར། རང་ཞིང་གིས་ད་ལོ་ནས་བཟུང་མཐོ་རིམ་མཐར་ཕྱིན་སློབ་མ་གཞི་རིམ་ནས་འཚར་ལོངས་བྱུང་བའི་འཆར་གཞི་ལག་བསྟར་དངོས་འབེབས་བྱེད་རྒྱུ་ཡིན་ལ། དོན་དངོས་ལག་བསྟར་བརྒྱུད་དེ་སྤུས་ཚད་གསབ་སྦྱོང་དང་ལས་གནས་ལ་སྦྱོང་བརྡར་བྱེད་པ། ལས་རིགས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། འཚར་ལོངས་ཀྱི་ཁོར་ཡུག་གསར་སྐྲུན་བྱེད་པ། ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པ། འཇོན་མི་འདེམས་བསྐོ་ལ་གྲ་སྒྲིག་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས། ད་ལྟའི་གཞི་རིམ་གྱི་བྱ་བའི་འཕེལ་རྒྱས་མག་མོག་ཡིན་པ་དང་འཚར་ལོངས་ཀྱི་བར་སྟོང་ལ་ཚད་བཀག་ཡོད་པ། འཕེལ་རྒྱས་ཀྱི་བརྒྱུད་རིམ་རྒྱུན་ལྡན་མིན་པ་སོགས་ཀྱི་གནད་དོན་ལ་ཁ་གཏད་ནས། ལོ་ངོ10ལྷག་གི་དུས་ཚོད་བརྩོན་ལེན་གྱིས་ཁྱོན་ཡོངས་ནས་རོང་འབྲོག་ས་ཁུལ་གྱི་གཞི་རིམ་ཤེས་ལྡན་པ་དང་མི་བཀོལ་བ། མི་གནས་སྡོད་བྱེད་སའི་ཁོར་ཡུག་སོགས་ལ་བཅོས་སྒྱུར་བྱས་ཏེ། ཤེས་ལྡན་མི་སྣ་འཚར་ལོངས་བྱུང་སའི་གཤིན་ས་ལེགས་པོ་ཞིག་གསབ་སྦྱོང་སྒོས་སྲིད་འཛིན་བདག་དོམ་དང་ཆེད་ལས་ལག་རྩལ། ཤེས་ལྡན་མི་སྣར་གྲ་སྒྲིག་བྱེད་པའི་ལས་གཏོད་ལས་ཞུགས་སྐོར་ཞིག་གསབ་སྦྱོང་སྒོས་གཞི་རིམ་གྱི་འཕེལ་རྒྱས་ཐད་ལ་མུར་བསྟུན་བརྟན་འཇགས་ཀྱི་སྒུལ་ཤུགས་གསར་བ་ཞིག་སྣོན་དགོས།

ཟླ2པ་ནས་བཟུང“རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ས་ཁུལ་གྱི་ཆེད་དོན་ལས་བསྡུའི་བྱེད་སྒོ”དང“སྐབས་བརྒྱད་པའི་ཀྲུང་དབྱང་ཁེ་ལས་ཀྱིས་མཚོ་སྔོན་གྱི་མཐོ་རིམ་མཐར་ཕྱིན་སློབ་མ་ལས་བསྡུ་བྱེད་པའི་བྱེད་སྒོ” “དཔྱིད་རླུང་བྱེད་སྒོ”སོགས་ལས་བསྡུའི་བྱེད་སྒོ་རབས་དང་རིམ་པ་མུ་མཐུད་དུ་སྤེལ་བ་བརྒྱུད། གོ་གནས་གསར་བའི་གནས་ཚུལ་དང་གནད་ལ་ཁེལ་བའི་ལས་ཞུགས་ཞབས་ཞུ་སོགས་མུ་མཐུད་དུ་མཐོ་རིམ་མཐར་ཕྱིན་སློབ་མར་ལས་ཞུགས་ལས་འཚོལ་གྱི་མཐོང་རྒྱ་ཡང་སྐྱེད་དུ་འཇུག་རྒྱུ་ཡིན་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།