རེབ་གོང་སྒྱུ་རྩལ་ཉམས་ལེན་བྱེད་པ།


དགེ་རྒན་གྱིས་བྱིས་པ་དག་ལ་ཐང་ཀའི་སྒྱུ་རྩལ་གྱི་ལག་རྩལ་ཁྲིད་པ་དང་བྱིས་པ་དག་གིས་རྣམ་རིག་སྒྲིམ་ནས་ལྟ་བཞིན་པའི་ཚུལ།


རེབ་གོང་མི་རིགས་རིག་གནས་ཕོ་བྲང་ནང་གི་དཔེ་མཛོད་ཁང་གིས་སློབ་མ་དག་ལ་སྲོལ་རྒྱུན་སྒྱུ་རྩལ་གྱི་ཐབས་རྩལ་ལ་སློབ་སྦྱོང་བྱེད་དུ་འཇུག་པ་དང་ཆབས་ཅིག་རིག་གནས་ཀྱི་སློབ་སྦྱོང་ལ་ཡང་ཤུགས་བསྣན་པ།

ཡུལ་སྐོར་བ་དག་གིས་རེབ་གོང་མི་རིགས་རིག་གནས་ཕོ་བྲང་གི་ཐང་ཀའི་འགྲེམས་སྟོན་ལ་གཟིགས་ཞིབ་གནང་བཞིན་པ།

དེ་ཡང་ཉིན་རེ་རེ་ཡི་ཞོགས་པའི་སྐྱ་རེངས་ཀྱི་འོད་སྣང་དང་མཉམ་དུ་བསང་དུད་སྔོན་མོ་མཁའ་ལ་འཕྱུར་བཞིན་ཡོད་ལ། དེ་ཡང་ལང་ལོང་རྒྱུ་བའི་དུད་སྨུག་དེ་ཡང་བསྐྱར་གསེར་མདོག་གི་ཞིང་ས་རུ་འཁྱིལ་ཡོད། སྐབས་དེར་ཁྱོད་ཀྱིས་ཁྱིམ་ཚང་གང་རུང་ཞིག་གི་སྒོ་ཆེན་ཕྱེས་པ་ན་ཤིང་བརྐོས་ཀྱི་ཚོན་རིས་བཏབ་པའི་གནམ་རྒྱན་གྱི་ཁྱམས་རའི་འོག་ནས་མཆོད་ཁང་དུ་འཛུལ་བ་ན་ཁྱོད་ཀྱིས་སེམས་པ་རྩེ་གཅིག་གིས་ཐང་ཀ་འབྲི་བཞིན་པའི་རེབ་གོང་སྒྱུ་རྩལ་པ་དེ་དག་མིག་ལམ་དུ་མངོན་འོངས་ལ། ཕྲ་ཞིང་ཞིབ་པའི་པུར་རིས་དེ་ཤོག་ངོས་སུ་འཁྱུག་བཞིན་མི་ཚེ་དང་སྒྱུ་རྩལ་ཟུང་འབྲེལ་སྒོས་རྟག་བརྟན་གྱི་ཁམས་ཆེན་མོར་འགྲེལ་བཤད་རྒྱག་བཞིན་ཡོད།

རྨ་ལྷོ་ནི་ཀྲུང་གོའི་ནུབ་རྒྱུད་ཀྱི་རྒྱལ་ཁབ་རིམ་པའི་རིག་གནས་ཡུལ་སྐོར་གྱི་ཏོག་རྒྱན་ཆེས་མང་པོའི་ས་ཁུལ་ཞིག་སྟེ། མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་རིག་གནས་ཀྱི་ཤུལ་བཞག་དང་གནའ་བོའི་རིག་གནས་ཀྱི་ཤུལ་བཞག་ཉར་ཚགས་བྱས་པ་གཅིག་བསྡུས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཆེས་ཕུན་སུམ་ཚོགས་པའི་སྣ་མང་རང་བཞིན་གྱི་ས་ཁུལ་ཉག་གཅིག་ཡིན་ངེས། ད་ལྟ་ཡུལ་སྐོར་ལྗོངས་ཁུལ་དང་རིག་དངོས་སྲུང་སྐྱོབ་ལས་ཁུངས287ཡོད་ལ། དེའི་ཁྲོད་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་ཁུལ8དང་ཞིང་ཆེན་རིམ་པའི་ལྗོངས་ཁུལ་དང་རིག་དངོས་སྲུང་སྐྱོབ་ལས་ཁུངས86བཅས་ཡོད། རྒྱལ་ཁབ་རིམ་པའི་རིག་གནས་ཡུལ་སྐོར་མིང་ཐོ20ལྷག་ལ་ཉེ་བ་བླངས་ཡོད།

དེའི་རྐྱེན་གྱིས་གསར་འགོད་པ་རེབ་གོང་རྫོང་དུ་སོང་སྟེ་འོད་གཟུགས་ཀྱི་མཐོང་སྣེ་ལ་བརྟེན་ནས་རེབ་གོང་སྒྱུ་རྩལ་གྱི་མཁྱེན་དཔྱོད་དང་དགོངས་དོན་ཟབ་མོ་ལ་ཀློག་འགྲེལ་བརྒྱབ་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།