རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་འགོ་ཚུགས་མཛད་སྒོའི་ཐད་གཏོང་ལེ་ཚན་གྱི་སྔོན་བརྡ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་སྤྱི་ཟླ་༣པའི་ཚེས་༣ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་པར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་འགོ་ཚུགས་རྒྱུ་ཡིན་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡང་གིས་རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་གནང་རྒྱུ་ཡིན་པ་རེད། སྐབས་དེ་དུས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཁོངས་གཏོགས་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་ཀྲུང་གོའི་རླུང་འཕྲིན་དང་། ཀྲུང་ཧྭའི་རླུང་འཕྲིན། ཧྭ་ཤ་རླུང་འཕྲིན། དེ་བཞིན་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་དང་། རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་བཅས་ཀྱིས་ས་ཆ་དངོས་སུ་ཐད་གཏོང་བྱ་རྒྱུ་ཡིན་པ་དང་། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་དྲ་བ་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དྲ་བ། རྒྱལ་སྤྱིའི་རླུང་འཕྲིན་དྲ་བ་སོགས་ཀྲུང་དབྱང་གི་གཙོ་གནད་གསར་འགྱུར་དྲ་ཚིགས་དང་། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་དང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་མཐའ་སྣེ་སོགས་སྨྱན་སྦྱོར་སྟེགས་བུ་གསར་པས་དུས་གཅིག་ལ་དྲ་བའི་ཐོག་ཐད་གཏོང་བྱ་རྒྱུ་ཡིན་པ་རེད།