མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ།

——2019ལོའི་ཟླ1པོའི་ཚེས29ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཀྲང་ཀོང་རོང་།

འཐུས་མི་རྣམ་པ།

ངས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངག་བཅོལ་ལྟར། ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་ཡིན་པས། གྲོས་ཞིབ་གནང་རོགས་ཞུ།

2018ལོ་ནི་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལག་བསྟར་བྱེད་མགོ་བརྩམས་པའི་ལོ་ཡིན་ཞིང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པས་ཁྲིམས་ལྟར་འགན་དབང་ལག་བསྟར་བྱེད་པའི་ལོ་དང་པོའང་ཡིན། ལོ་ངོ་གཅིག་གི་རིང་ལ། ཞིང་ཆེན་ཏང་ཨུའི་ཡང་དག་པའི་མགོ་ཁྲིད་དང་རྒྱལ་ཡོངས་དམངས་ཆེན་གྱི་ཞིབ་ཚགས་མཛུབ་ཁྲིད་འོག་ཏུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཁྱད་པར་དུ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་བསམ་བློ་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐིལ་ཕྱིན་བྱས་ལ། ནན་ཏན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ། ཞིང་ཆེན་ཏང་ཨུ་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བའི་དགོངས་དོན་ལག་བསྟར་དངོས་འབེབས་བྱས་ཤིང་། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། “འཐབ་ཇུས་བཞི་ཅན་ལྔ”དང“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་འདོམས་ལ་དམ་པོར་དམིགས་པ་མ་ཟད། བློ་གཅིག་སེམས་གཅིག་གིས་འགན་ཁུར་ལག་བསྟར་བྱས་པ་དང་། དངོས་གནས་ནུས་པ་འདོན་སྤེལ་གང་ལེགས་བྱས་པས། སྐབས་གསར་བའི་དམངས་ཆེན་གྱི་བྱ་བར་མགོ་བཟང་བོ་ཞིག་བརྩམས་ཡོད།

---མངོན་གསལ་དོད་པོས་ཆབ་སྲིད་ལ་དོ་སྣང་བྱས་ཏེ། ཏང་གི་མགོ་ཁྲིད་ཨང་དང་པོར་འཇོག་པ་དང་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས།

རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆབ་སྲིད་ཀྱི་ངོ་བོ་དེ་དམངས་ཆེན་བྱ་བའི་ངོ་བོ་ཨང་དང་པོར་བཟུང་སྟེ། ཐོག་མཐའ་བར་གསུམ་དུ་ཏང་གི་མགོ་ཁྲིད་ནི་ཆེས་མཐོ་བའི་ཆབ་སྲིད་ཀྱི་རྩ་དོན་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་གཅིག་གྱུར་བཀོད་འདོམས་ལ་ཤུགས་བསྣན་ཞིང་། ཆབ་སྲིད་ཀྱི་གོ་གནས་ཇེ་མཐོར་བཏང་སྟེ། “འདུ་ཤེས་བཞི”དང“རང་རྟོན་བཞི”“སྲུང་སྐྱོང་གཉིས”སོགས་ཆབ་སྲིད་ཀྱི་བླང་བྱ་བྱེ་བྲག་ཅན་དང་ལག་ལེན་ཅན་དུ་བཏང་སྟེ། ཞིང་ཆེན་ཏང་ཨུར་འབོད་སྐུལ་དང། སྐུལ་སློང། བཀོད་འདོམས་བཅས་ཡོད་ཚེ། དམངས་ཆེན་ལ་བརྡ་ལན་ཡོད་པ་དང། ལས་འགུལ་ཡོད་པ། ཕན་འབྲས་ཡོད་པར་བྱས་ཤིང་། དམངས་ཆེན་བྱ་བའི་ཆབ་སྲིད་ཀྱི་ཡང་དག་པའི་ཁ་ཕྱོགས་ཁག་ཐེག་བྱས་ཡོད། གཅིག་ནས་གཙོ་གནད་འབུར་དུ་བཏོན་ཏེ། བྱ་བའི་ཐབས་ལམ་གསལ་བོར་བྱས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་འགན་ཁུར་ཨང་དང་པོ་དང་བྱ་བའི་གཙོ་གནད་དུ་བཟུང་སྟེ། ཞིང་ཆེན་ཏང་ཨུའི་གྲོས་དོན་གྲོས་ཚོགས་དང་དཀྱིལ་སྙིང་ཚོགས་པའི་སློབ་སྦྱོང་ཚོགས་འདུ་ལ་ཧུར་ཐག་གིས་ཞུགས་པ་དང། ཏང་ཙུའུ་ཡི་སློབ་སྦྱོང་ཚོགས་འདུ་དང་དམངས་གཙོ་འཚོ་བའི་ཚོགས་འདུ་སོགས་འཚོགས་པར་ནན་ཏན་གྱིས་རྩ་འཛུགས་བྱས་ལ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་འཆད་ཁྲིད་ཐེངས7ལ་སྤེལ། ཆབ་སྲིད་སློབ་སྦྱོང་གི་ནུས་ཤུགས་ཆེ་རུ་བཏང་ཞིང་། རང་འགུལ་སྒོས་བསམ་བློ་གསར་བས་དུས་རབས་གསར་བའི་དམངས་ཆེན་གྱི་བྱ་བར་སྣེ་འཁྲིད་པ་དང་། ལྷག་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བསམ་བློ་གལ་ཆེན་དེ་གཞུང་ལུགས་ལ་དྲག་ཆས་སྤྲས་པའི་ནང་དོན་གཙོ་བོར་བཟུང་ནས། ལམ་ལུགས་རང་རྟོན་ལ་ཤུགས་བསྣན་པ་དང་། འགན་འཁྲི་ངེས་གནས་ཡང་དག་པར་བཙལ་བ། བྱ་བའི་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ལ། ལས་གནས་འགན་འཁྲི་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་རྨང་གཞི་དང་བསམ་བློའི་རྨང་གཞི་སྲ་བརྟན་དུ་བཏང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར། ཀྲུའུ་རིན་གྲོས་ཚོགས་ཀྱི་ཁོངས་མི་གཞི་རིམ་དུ་ཞུགས་པའི“སློབ་སྦྱོང་ཆེན་མོ་དང་རྟོག་ཞིབ་ཆེན་མོ”ཞེས་པའི་བྱ་འགུལ་སྤེལ་བ་དང་། སྔོན་ཆད་ཀྱི་བྱ་བའི་ཉམས་མྱོང་གི་རྨང་གཞིའི་སྟེང་དུ། རྩེ་རིམ་གྱི་ཇུས་འགོད་ལ་ཤུགས་བསྣན་པ་དང་། མཐོ་རིམ་གྱི་སྐུལ་འདེད་ལ་གཙིགས་ཆེན་བྱས་ཏེ། “གཅིག་གཉིས་གསུམ་བཞིའི”བྱ་བའི་ཐབས་ལམ་གཏན་ཁེལ་བྱས། སྔ་གཞུག་ཏུ་དམངས་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་བྱ་བའི་འབྲེལ་གཏུག་གྲོས་ཚོགས་དང་། དམངས་ཆེན་སྡེ་ཁག་གི་ལོ་ཕྱེད་ཀྱི་བྱ་བའི་ཉམས་མྱོང་བརྗེ་རེས་གྲོས་ཚོགས། “བྱེད་ཐབས་གཉིས”སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཞུགས་མོལ་གྲོས་ཚོགས་སོགས་འཚོགས་ཤིང་། གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་དམངས་ཆེན་ཀྲུའུ་རིན་གསོ་སྦྱོང་འཛིན་གྲྭ་སོགས་བསྒྲུབས་ཏེ། བསམ་བློ་གཅིག་མཐུན་ལ་ཤུགས་བསྣན་ཞིང་འགན་ཁུར་ཞིབ་ཚགས་ཅན་དང་དངོས་ཡོད་ཅན་དུ་བཏང་། བཀོད་སྒྲིག་དང་ལྟ་སྐུལ་ཞིབ་བཤེར་གཉིས་ཟུང་དུ་སྦྲེལ་ནས། བྱ་བའི་གསར་སྐྲུན་འཕེལ་རྒྱས་ལ་སྐུལ་འདེད་བཏང་། གཉིས་ནས་རྩ་ཁྲིམས་ལ་བརྩི་འཇོག་བྱས་ཏེ། རྩ་ཁྲིམས་ཀྱི་ལག་བསྟར་ལ་སྐུལ་འདེད་བཏང་། རྩ་ཁྲིམས་ཀྱི་ལག་བསྟར་ལ་ཤུགས་སྣོན་པ་དེ་ཏང་དང་མི་དམངས་ཀྱི་ཐུན་མོང་གི་འདོད་བློ་ལ་སྲུང་སྐྱོབ་བྱེད་པའི་ལག་ལེན་བྱེ་བྲག་པ་ཞིག་ཏུ་བརྩིས་ཏེ། རང་འགུལ་ངང་རྩ་ཁྲིམས་བཟོ་བཅོས་དང་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་གཞི་གཏིང་ཟབ་བཅོས་སྒྱུར་བྱེད་པའི་གནས་བབ་གསར་བ་དང་བླང་བྱ་གསར་བར་འཚམ་པར་བྱས་ཤིང། གསར་དུ་བཟོ་བཅོས་བྱས་པའི་རྩ་ཁྲིམས་ཀྱི་སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་དོན་འཁྱོལ་དེ་འབུར་ཐོན་གྱི་གནས་སུ་བཞག་སྟེ་བཀོད་སྒྲིག་བྱས་པ་དང་། ཁྲིམས་ལ་སློབ་སྦྱོང་དང་བརྩི་སྲུང་བྱེད་པར་སྐུལ་འདེད་བཏང་སྟེ། རྩ་ཁྲིམས་ལ་གཏིང་ཟབ་པའི་སྒོ་ནས་སློབ་སྦྱོང་བྱེད་པ་དང་དེ་དྲིལ་སྒྲོག་བྱེད་པ། ལག་བསྟར་བྱེད་པ་བཅས་ཀྱི་བཞུགས་མོལ་གྲོས་ཚོགས་དང་གསོ་སྦྱོང་འཛིན་གྲྭ་བསྒྲུབས་ལ། རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་ཞིབ་ཚགས་སྒོས་རྩ་འཛུགས་བྱས། རྩ་ཁྲིམས་ཀྱི་རྗེས་དྲན་ཉིན་མོའི་བྱ་འགུལ་སྤེལ་བ་དང། རྩ་ཁྲིམས་ཀྱི་གཞི་རྩའི་དགོངས་དོན་དང་གཞི་རྩའི་རྩ་དོན་དེ་དམངས་ཆེན་བྱ་བ་དང་འཛུགས་སྐྲུན་གྱི་ཕྱོགས་ཡོངས་སུ་བརྒྱུས་པར་གཙིགས་ཆེན་བྱས། སྙན་སེང་ཐོ་འགོད་ཀྱི་ཞིབ་བཤེར་ཆ་འཕྲིན་སྟེགས་བུ་བཙུགས་ནས། ཚད་ལྡན་རང་བཞིན་གྱི་ཡིག་ཆ83ལ་སྙན་སེང་ཐོ་འགོད་ཞིབ་བཤེར་བྱས་པ་དང་། དངོས་ནས་ཁྲིམས་སྐྱོང་གི་གཅིག་གྱུར་ལ་སྲུང་སྐྱོབ་བྱས། གསུམ་ནས་ལྟེ་བར་དམ་པོར་དམིགས་ཏེ། ཐབས་ཇུས་བཀོད་འདོམས་དངོས་འབེབས་བྱས། དོན་དག་གལ་ཆེན་དང་གནད་དོན་གཙོ་བོ། བྱ་འགུལ་གལ་ཆེན་བཅས་དུས་ལྟར་ཞིང་ཆེན་ཏང་ཨུར་སྙན་ཞུ་འབུལ་བ་རྒྱུན་འཁྱོངས་བྱས་ནས། ཐེངས་རེ་རེའི་འཐུས་མི་ཚོགས་ཆེན་དང་། རྒྱུན་ཨུའི་གྲོས་ཚོགས། ཏང་ཙུའུ་གྲོས་ཚོགས་སོགས་ཀྱི་གནས་ཚུལ་ཚང་མ་ཞིང་ཆེན་ཏང་ཨུར་ཆེད་དོན་སྙན་ཞུ་ཕུལ་ལ། ལོ་གཅིག་ལ་ཞིང་ཆེན་ཏང་ཨུར་དགོངས་སྐོར་སྙན་ཞུ་ཐེངས62ལ་ཕུལ། དམངས་ཆེན་བྱ་བས་ཐོག་མཐའ་བར་གསུམ་དུ་ཏང་གིི་མགོ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་མགོ་ཁྲིད་པ་མཚོན་པ། ཏང་གི་མགོ་ཁྲིད་པ་མངོན་འགྱུར་བྱེད་པ་བཅས་ལ་ཁག་ཐེག་བྱས། ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་མཛུབ་ཁྲིད་ཀྱི་དགོངས་དོན་ལག་བསྟར་དངོས་འབེབས་ཀྱི“ཕྱིར་མིག་བལྟ་བའི”བྱ་བ་དང་། “འགག་སྒྲོལ་གཡུལ་འཐབ་ཆེན་པོ་གསུམ”ལེགས་པོར་རྒྱག་པ། “དམིགས་སུ་འཛིན་པ་བཞིའི”དམ་འཛིན་དོན་འཁྱོལ་བྱ་འགུལ་སོགས་ཀྱི་བཀོད་སྒྲིག་ལ་དམིགས་ཏེ། ཀྲུའུ་རིན་གྲོས་ཚོགས་ཀྱི་ཁོངས་མི་ཐེངས་མང་པོར་རང་གི་འབྲེལ་གཏུག་ས་གནས་སུ་སོང་སྟེ་རྟོག་ཞིབ་དང་སྐུལ་ཁྲིད་བྱས་ལ། དོན་དངོས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། གནད་དོན་ཐག་བཅད་པ་མ་ཟད། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྐྱེ་ཁམས་ཁྲིམས་སྲོལ་གྱི་བླང་བྱ་ནན་ཏན་གྱིས་ལག་བསྟར་བྱས་ཏེ། མྱུར་དུ་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་སྲོལ་སྐོར་ཞིག་གཏན་འབེབས་དང་། བཟོ་བཅོས། རྩིས་མེད་དུ་བཏང་ནས་ལམ་ལུགས་ཆེས་ནན་མོ་དང་ཁྲིམས་སྐྱོང་ཆེས་ནན་མོ་སྤྱད་དེ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱས། བཞི་ནས་བཅོས་སྒྱུར་ལ་རྒྱབ་སྐྱོར་བྱས་ཏེ། གཉིས་ལྡན་སྒུལ་ཤུགས་ལ་སྐུལ་འདེད་བཏང། ཞིང་ཆེན་ཡོངས་ཀྱི་ལས་ཁུངས་བཅོས་སྒྱུར་ཁྲོད་དུ་ཧུར་ཐག་གིས་རང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། དུས་ལྟར་དུ་ཞིང་ཆེན་སྲིད་གཞུང་གི་ལས་ཁུངས་སྒྲིག་གཞི་བཅོས་སྒྱུར་ལག་བསྟར་གནས་ཚུལ་གྱི་སྙན་ཞུ་ལ་ཉན་ཏེ། འབྲེལ་ཡོད་མི་དོན་གྱི་གྲོས་དོན་ལ་བརྡས་ཐག་བཅད། དུས་ལྟར་དམངས་ཆེན་ཁྱབ་ཁོངས་ཀྱི་བཅོས་སྒྱུར་དང་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བྱ་བའི་འགན་ཁུར་ལེགས་འགྲུབ་བྱས་ནས། ཁྲིམས་སྐྱོང་བགྲོད་ལམ་སྟེང་དུ་ཁྱོན་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་ཧུར་བརྩོན་གྱིས་སྐུལ་འདེད་བཏང། དམངས་ཆེན་ལས་ཁུངས་ཀྱི་སྒྲིག་གཞི་བཅོས་སྒྱུར་བྱ་བ་ནན་ཏན་གྱིས་སྤེལ་ཏེ། བཅོས་སྒྱུར་གྱི་བླང་བྱ་དང་དམིགས་འབེན་འགན་ཁུར་ལ་ངོས་འཛིན་ཡང་དག་བྱས་པ་མ་ཟད། འགན་ནུས་ཀྱི་སྒྲིག་འཛུགས་འཐུས་ཚང་བ་དང་། མཐུན་སྦྱོར་ཡོང་བ། ལེགས་བཅོས་བྱས་ཏེ། ལས་ཁུངས་ཀྱི་ལས་བྱེད་པའི་བསམ་བློའི་མཛུབ་ཁྲིད་ལ་ཤུགས་བསྣན་པ་དང་། བཅོས་སྒྱུར་དོན་ཐོག་ཏུ་འཁྱོལ་བ་དང་བྱ་བར་བརྟན་བརླིང་གིས་སྐུལ་འདེད་གཏོང་བར་ཁག་ཐེག་བྱས།

---དུས་རབས་གསར་བའི་དགོས་མཁོ་དང་འཚམ་པར་བྱས་ཏེ། ས་གནས་ཁྲིམས་འཛུགས་ཀྱི་ཁྱད་ཆོས་མངོན་པ་དང་དངོས་གཉེར་གོ་ཆོད་ཡོང་བར་སྐུལ་འདེད་བཏང།

རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དགོས་མཁོ་ཡོད་པ་དང་། ཁྱད་ཆོས་ཡོད་པ། སྤུས་ཚད་ཡོད་པ། བེད་སྤྱོད་གཏོང་ཐུབ་པ་བཅས་ནི་ཁྲིམས་འཛུགས་བྱ་བའི་མགོ་རྩོམ་ས་དང་རྐང་ཚུགས་སར་བཟུང་བ་དང་། “འཐབ་ཇུས་བཞི་ཅན་ལྔ”དང“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་འདོམས་ལ་དམ་པོར་དམིགས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དེ་ཁྲིམས་འཛུགས་ཀྱི་བླང་བྱར་འདྲེས་པར་དོན་འཁྱོལ་བྱས་ཏེ། སྤུས་ཚད་དམིགས་བསལ་དུ་འཛིན་པ་རྒྱུན་འཁྱོངས་དང་། ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ནས། འཆར་འགོད་སྒྲིག་བཟོ་བྱེད་པ་དང་། སྒྲིག་གཞི་འཐུས་ཚང་དུ་གཏོང་བ། རྟེན་གཞི་འཛུགས་པ། དཔྱད་བསྡུར་སྔོན་དཔག་སྤེལ་བ། གཅིག་སྡུད་དག་ཐེར་བྱེད་པ་སོགས་ཀྱི་ཕྱོགས་ནས་མགོ་བརྩམས་ཏེ། ཧུར་ཐག་གིས་ཁྲིམས་འཛུགས་ཀྱི་ཆུ་ཚད་མཐོར་འདེགས་བཏང་། གཅིག་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ལྔའི་ཁྲིམས་འཛུགས་ཀྱི་འཆར་འགོད་བཟོས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དུས་རབས་གསར་བའི་ཁྲིམས་འཛུགས་བྱ་བའི་བླང་བྱ་གསར་བ་ནན་ཏན་གྱིས་ལག་བསྟར་བྱས་ཏེ། དམངས་ཆེན་འཐུས་མི་དང་མི་དམངས་མང་ཚོགས་ཀྱི་བསམ་འཆར་སྡུད་ལེན་དང་དག་སྒྲིག་བྱས་པ་དང་། རྟོག་ཞིབ་ཟབ་མོ་སྤེལ་ནས་ར་སྤྲོད་བྱས་ལ། ཡང་བསྐྱར་འབྲེལ་འདྲིས་དང་མཐུན་སྦྱོར་བྱས་པའི་རྨང་གཞིའི་སྟེང་དུ། 2018---2022ལོའི་ཁྲིམས་འཛུགས་ཀྱི་འཆར་འགོད་བཟོས་ཤིང་། ཞིང་ཆེན་ཏང་ཨུས་ཆོག་མཆན་གནང་རྗེས། མྱུར་དུ་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛུགས་བྱ་བའི་གྲོས་ཚོགས་བསྡུས་ཏེ། ཁྲིམས་འཛུགས་བྱ་བའི་དམིགས་འབེན་ལས་འགན་དང་། གཙོ་གནད་ལས་གཞི། རྩ་དོན་བླང་བྱ། དངོས་འབེབས་བྱེད་ཐབས་བཅས་གཏན་ཁེལ་བྱས་ལ། ལོ་རེའི་ཁྲིམས་འཛུགས་བྱ་བའི་འཆར་གཞི་དང་ལོ་ལྔའི་ཁྲིམས་འཛུགས་འཆར་འགོད་མཐུད་སྦྱོར་བྱས་པ་མ་ཟད། ཚན་རིག་གི་མ་ལག་ལྡན་པའི་བསམ་གཞིགས་གཏོང་སྟངས་ཀྱིས་ཁྲིམས་འཛུགས་བྱ་བར་འཆར་གཞི་བཟོ་བ་དང་སྐུལ་འདེད་བཏང་ནས། ཁྲིམས་འཛུགས་ཀྱི་གཅིག་གྱུར་རང་བཞིན་དང་། ཚན་རིག་རང་བཞིན། ཕན་འབྲས་རང་བཞིན་བཅས་ཇེ་དྲག་ཏུ་བཏང་། གཉིས་ནས་ཚན་རིག་དང་མཐུན་ལ་དམངས་གཙོ་ལྡན་ཞིིང་ཁྲིམས་ལྟར་ཁྲིམས་འཛུགས་པ་གཏིང་ཟབ་ཏུ་སྤེལ། ཞིང་ཆེན་ཏང་ཨུས་མགོ་ཁྲིད་པ་དང། དམངས་ཆེན་གྱིས་སྣེ་ཁྲིད་པ། སྲིད་གཞུང་ལ་གཞི་བཅོལ་བ། སྤྱི་ཚོགས་མཉམ་དུ་ཞུགས་པ་བཅས་ཀྱི་ཁྲིམས་འཛུགས་བྱ་བའི་རྣམ་པ་རྒྱུན་འཁྱོངས་བྱས་པ་དང་འཐུས་ཚང་དུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛུགས་བྱ་བའི་གྲོས་ཚོགས་དང་། ལོ་རེའི་ཁྲིམས་འཛུགས་བྱ་བའི་འཆར་གཞི་གྲོས་ཚོགས། ཆེད་མཁས་པའི་རིགས་སྒྲུབ་གྲོས་ཚོགས། ཁྲིམས་འཛུགས་གྲོས་མོལ་གྲོས་ཚོགས་བཅས་སྟེགས་བུ་གཙོ་བོ་དང་འཆང་བཟུང་བྱས་ནས། ཁྲིམས་འཛུགས་རྩ་འཛུགས་ཀྱི་མཐུན་སྦྱོར་ལ་ཤུགས་བསྣན་པ་དང། ཁྲིམས་འཛུགས་ལ་ཏང་གིས་མགོ་ཁྲིད་པ་མཚོན་པ། ཁྲིམས་འཛུགས་ཀྱིས་མི་དམངས་ཀྱི་འདོད་བློ་མཚོན་པ། ཁྲིམས་འཛུགས་དེ་ཕྱིའི་ཆོས་ཉིད་དང་མཐུན་པ་བཅས་ལ་ཁག་ཐེག་བྱས། སྒོ་འབྱེད་ཁྲིམས་འཛུགས་རྒྱུན་འཁྱོངས་བྱས་པ་དང་། ཁྲིམས་འཛུགས་རིགས་སྒྲུབ་ར་སྤྲོད་དཔང་ཉན་གྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་། ཁྲིམས་འཛུགས་གྲོས་མོལ་སྤེལ་བ་དང་། ཁྲིམས་འཛུགས་རིག་ནུས་མཛོད་ཁང་བཙུགས་ཤིང་། བྱ་བའི་ལམ་ལུགས་འཐུས་ཚང་ཏུ་བཏང་། ཆེས་ཐོག་མའི“ཁྲིམས་སྐྱོང་བགྲོ་གླེང”སྤེལ་བ་དང་། གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་ས་གནས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་པའི་ཁྲིམས་འཛུགས་ཐབས་ལམ་རྒྱ་བསྐྱེད། གྲོང་ཁྱེར་དང་ཁུལ་གྱི་ཁྲིམས་འཛུགས་གོ་རིམ་ལ་ཞིབ་བཤེར་ཆོག་མཆན་བཀོད་པ་དང་། དེ་ཞིང་ཆེན་ཡོངས་སུ་ཁེབས་པ་མངོན་འགྱུར་བྱས། ཁྲིམས་འཛུགས་སྔོན་དཔག་གི་རྐྱེན་སྲོལ་བཙུགས་ཏེ། མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་ས་གནས་ཁྲིམས་འཛུགས་ཀྱི་ཞིབ་འཇུག་སྔོན་དཔག་དང་འདྲི་རྟོག་ཞབས་ཕྱིའི་རྟེན་གཞི་བཙུགས་ལ། མཚོ་སྔོན་ཞིང་ཆེན་གྱི་འབར་རླངས་དོ་དམ་སྲོལ་ཡིག་གི་འཆར་ཟིན་ལ་གྲོས་འཆམ་མ་བྱུང་སྔོན་གྱི་སྔོན་དཔག་དང་། ཕྱོགས་གསུམ་པར་མངག་བཅོལ་བྱས་ནས་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་ལ་ཁྲིམས་བཙུགས་རྗེས་ཀྱི་སྔོན་དཔག་ཆེས་ཐོག་མར་སྤེལ་བ་མ་ཟད། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལ “ཞིབ་བཤེར”དང“ཕྱིར་བལྟའི”བྱ་བ་སྤེལ། གསུམ་ནས་ཁྲིམས་འཛིན་གྱི་སྣེ་ཁྲིད་ནུས་པ་ནུས་ལྡན་གྱིས་འདོན་སྤེལ་བྱས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་བཏོན་པའི“གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་དང། སྤུས་ཚད་མཐོ་བའི་འཕེལ་རྒྱས། སྦགས་བཙོག་སྔོན་འགོག། སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་བླང་བྱ་ལག་བསྟར་དངོས་འབེབས་བྱས་ཏེ། མཁའ་དབུགས་སྦགས་བཙོག་འགོག་བཅོས་སྲོལ་ཡིག་དང་འབར་རླངས་དོ་དམ་སྲོལ་ཡིག གློག་འཕྲིན་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོབ་སྲོལ་ཡིག ཞིང་སྡེའི་གཞུང་ལམ་སྲོལ་ཡིག་བཅས་གཏན་འབེབས་བྱས་ལ། མཚོ་སྔོན་པོའི་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག་དང་། ཙོང་ཆུ་འབབ་ཡུལ་གྱི་ཆུ་སྦགས་བཙོག་འགོག་བཅོས་སྲོལ་ཡིག། ནུས་ཁུངས་གྲོན་ཆུང་བཅའ་ཁྲིམས་ལག་བསྟར་བྱེད་ཐབས་སོགས་ལ་བཟོ་བཅོས་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་འཆར་ཟིན་ལ་གྲོས་ཞིབ་བྱས། ལོ་ངོ་གཅིག་གི་རིང་ལ། བསྡོམས་པས་ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ23གཏན་འབེབས་དང་བཟོ་བཅོས། རྩིས་མེད་དུ་བཏང་བ་དང། གྲོང་ཁྱེར་དང་རང་སྐྱོང་ཁུལ། རང་སྐྱོང་རྫོང་བཅས་ཀྱི་ཁྲིམས་སྲོལ་སྲོལ་ཡིག39ལ་ཞིབ་བཤེར་བྱས་ཏེ་ཆོག་མཆན་བཀོད་ཅིང་། དེ་དག་དཔལ་འབྱོར་དང་དམངས་གཙོ། རིག་གནས། སྐྱེ་ཁམས། སྤྱི་ཚོགས་བཅོས་སྐྱོང་། རྨང་གཞིའི་སྒྲིག་བཀོད། གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན། གནོད་འགོག་གནོད་སྐྱུང། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་ཡོད་ལ། དེའི་ནང་དུ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གི་ནགས་ཚལ་སྲུང་སྐྱོབ་དོ་དམ་སྲོལ་ཡིག་ལ་དོན་ཚན་ཉུང་ཞིང་དོ་དམ་གྱི་ནུས་པ་ལྡན་པས། ཞིབ་ཚགས་ཅན་གྱི་ཁྲིམས་འཛུགས་ལ་དགེ་མཚན་ལྡན་པའི་འཚོལ་ཞིབ་བྱས་ཡོད། གཅིག་སྡུད་ཀྱིས་ཁྲིམས་སྲོལ་སྲོལ་ཡིག་དག་ཐེར་བྱེད་པའི་བྱ་བ་ཧུར་ཐག་གིས་སྤེལ་ལ། གཅིག་གྱུར་གྱི་རྣམ་པ་སྤྱད་ནས་ཁྲིམས་སྲོལ་སྲོལ་ཡིག39ལ་བཟོ་བཅོས་བྱས་པ་དང14རྩིས་མེད་དུ་བཏང་། ཁྲིམས་འཛུགས་བྱ་བ་དེ་དུས་རབས་དང་འགྲོས་མཉམ་ཡིན་ལ། བཅོས་སྒྱུར་དང་འགྲོས་མཉམ་པ། ལག་ལེན་དང་མཉམ་དུ་འཕེལ་བ་བཅས་མངོན་འགྱུར་བྱས།

---མི་དམངས་མང་ཚོགས་ཀྱི་སེམས་ཁུར་ལ་ཕྱིར་ལན་སློག་ནས། དམངས་ཆེན་ལྟ་རྟོག་གི་འགྱུར་མེད་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་ཕན་འབྲས་བརྩོན་ལེན་བྱེད་པར་སྐུལ་འདེད་བཏང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དམངས་ཆེན་གྱི་ལྟ་རྟོག་བྱེད་པའི་ཆབ་སྲིད་རང་བཞིན་དང་། ཁྲིམས་བཀོད་རང་བཞིན། མི་དམངས་རང་བཞིན་བཅས་འབུར་དུ་ཐོན་པར་བྱས་ཏེ། འཕེལ་རྒྱས་གསར་བའི་འདུ་ཤེས་ལག་ལེན་མཐར་ཕྱིན་དང་། ཞིང་ཆེན་ཡོངས་ཀྱི་གཙོ་གནད་བྱ་བ་དང་མི་དམངས་མང་ཚོགས་ཀྱི་ཆེས་དོ་སྣང་དང་སེམས་ཁུར་བྱེད་པའི་གནད་དོན་ལ་དམ་པོར་དམིགས་ནས། ཁྲིམས་ལྟར་ལྟ་རྟོག་བྱེད་པ་དང་། གནད་དོན་ཐག་གཅོད་པའི་ཁ་ཕྱོགས་ལ་མཛུབ་ཁྲིད་བྱེད་པ། བསམ་འཆར་ལ་ཉན་པ། བཅའ་ཁྲིམས་ཁྲིམས་སྲོལ་གྱི་ལག་བསྟར་ལ་ཁག་ཐེག་བཅས་བྱས་པ་མ་ཟད། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་འདོམས་ཀྱི་དངོས་འབེབས་ལ་སྐུལ་འདེད་བཏང། གཅིག་ནས་བྱ་བའི་སྒྲིག་གཞི་འཐུས་ཚང་དུ་བཏང་། ཞིང་ཆེན་དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འདྲི་རྟོག་བྱེད་པའི་བྱ་བའི་ལག་བསྟར་བསམ་འཆར་གཏན་འབེབས་བྱས་ནས། འདྲི་རྟོག་གི་ནང་དོན་དང་། ཁྱབ་ཁོངས། གོ་རིམ། བླང་བྱ་བཅས་ལ་ཚད་གཞི་གསལ་བོ་བཏོན་ཞིང་། དམངས་ཆེན་གྱི་ལྟ་རྟོག་ལམ་ལུགས་ཀྱི་སྟོང་ཆ་བསྐངས། ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཕུལ་བའི་རྒྱལ་དབང་རྒྱུ་ནོར་དོ་དམ་གྱི་གནས་ཚུལ་ཐད་ལ་བསམ་འཆརསྙན་ཞུ་བཏོན་པ་མ་ཟད། བྱེ་བྲག་གི་ལག་བསྟར་བྱ་ཐབས་གཏན་འབེབས་བྱས་ཤིང་སྔོན་རྩིས་དྲ་རྒྱའི་ལྟ་རྟོག་མ་ལག་གསར་དུ་བཙུགས་ནས། དམངས་ཆེན་གྱི་སྔོན་རྩིས་ཞིབ་བཤེར་གྱི་གཙོ་གནད་བྱ་བ་དེ་འགྲོ་སྒོའི་སྔོན་རྩིས་དང་སྲིད་ཇུས་ཐད་དུ་རྒྱ་བསྐྱེད་པར་ཧུར་ཐག་གིས་སྐུལ་འདེད་བཏང་། གཉིས་ནས་ཁྲིམས་བསྟར་ཞིབ་བཤེར་ལ་ཤུགས་བསྣན། སྔ་གཞུག་ཏུ་མེ་སྐྱོན་སྔོན་འགོག་བཅའ་ཁྲིམས་དང་རང་ཞིང་གི་མེ་སྐྱོན་སྔོན་འགོག་སྲོལ་ཡིག། བརླན་ས་སྲུང་སྐྱོབ་སྲོལ་ཡིག། དཔྱ་ཁྲལ་མ་ཡིན་པའི་དོ་དམ་སྲོལ་ཡིག་བཅས་ལ་ཁྲིམས་བསྟར་ཞིབ་བཤེར་བྱས་ཤིང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངག་བཅོལ་དང་དུ་བླངས་ནས་མཁའ་དབུགས་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ཀྱི་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། བྱ་བའི་ཁྲོད་དུ་གནད་འགག་སྔོན་འགྲོ་དང་རྗེས་འདེད་སྐུལ་སྒྲུབ་གཉིས་ཟུང་དུ་སྦྲེལ་ཏེ། ཁྲིམས་བསྟར་ཞིབ་བཤེར་མ་བྱས་པའི་སྔོན་གྱི་རྟོག་ཞིབ་སྤེལ། སྔ་ས་ནས་གནད་དོན་རྒྱུས་ལོན་དང། ཇུས་གཞི་འཐུས་ཚང་དུ་གཏོང་བ། དམིགས་འབེན་མངོན་གསལ་ཡིན་པ་བཅས་བྱས་པ་མ་ཟད། དག་ཐེར་ལེགས་བཅོས་ཀྱི་དངོས་འབེབས་གནས་ཚུལ་ལ་རྗེས་འདེད་སྐུལ་སྒྲུབ་བྱས་པས། བྱ་བར་བཀོད་སྒྲིག་ཡོད་པ་དང་། ལག་བསྟར་ཡོད་པ། དཔྱད་ཞིབ་ཡོད་པ། བེད་སྤྱོད་ཡོད་པ་བཅས་ལ་སྐུལ་འདེད་བཏང་ཞིང་། ཁྲིམས་བསྟར་ཞིབ་བཤེར་ལས“བཅའ་ཁྲིམས་སྐོར་གཟིགས”ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས། གསུམ་ནས་གཙོ་གནད་བྱ་བར་ཡར་སྐུལ་བྱས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ནས། འཆར་གཞི་དང་། ནོར་སྲིད། རྩིས་བཤེར་དང་རྩིས་བཤེར་ཁྲོད་རྙེད་པའི་གནད་དོན་བཅོས་སྒྱུར་གྱི་གནས་ཚུལ། ས་གནས་སྲིད་གཞུང་གི་བུན་འཛིན་འགྲེམ་སྤེལ་དང་དེའི་གཏོང་ཡོང་སྔོན་རྩིས་ཀྱི་སྡེབ་སྒྲིག་གནས་ཚུལ། ནོར་སྲིད་ཀྱི་ཕན་འབྲས་དོ་དམ་གནས་ཚུལ་སོགས་ཀྱི་སྙན་ཞུར་ཉན་ནས་གྲོས་ཞིབ་བྱས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པར་དམིགས་ནས། ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་གནས་བབ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་འབེན་ལེགས་འགྲུབ་བྱས་པའི་གནས་ཚུལ་དང་། “སྐྱེ་ཁམས་ཀྱི་དུམ་ཆེན་ལྔའི”སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་ལག་བསྟར་བྱས་པའི་གནས་ཚུལ་སྙན་ཞུའི་གྲོས་ཞིབ་བསམ་འཆར་དང་། དེའི་ཆེད་དོན་འདྲི་རྟོག་གི་ཁས་འཆེ་དོན་ཚན་སྒྲུབ་པའི་གནས་ཚུལ་གྱི་སྙན་ཞུ་བཅས་ལ་ཉན་ནས་གྲོས་ཞིབ་བྱས་པ་མ་ཟད། “སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱས་ཏེ། མཛེས་སྡུག་ལྡན་པའི་མཚོ་སྔོན་བསྐྲུན”ཞེས་པ་བརྗོད་དོན་ཡིན་པའི་འབྲི་ཆུའི་མགོ་ཁུངས་ཀྱི་སྲུང་སྐྱོབ་བྱ་འགུལ་སྤེལ་བ་དང། ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་གནམ་སྔོན་པོ་དང་སྔོ་ལྗང་གི་རི་ཆུ་ལ་སྲུང་སྐྱོབ་བྱས། རིག་གནས་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་བར་དམིགས་ནས། རིག་གནས་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་ནས་གྲོས་ཞིབ་བྱས་པ་མ་ཟད་ཆེད་དོན་འདྲི་རྟོག་བྱས་པས། སྲིད་གཞུང་གིས་གཙིགས་ཆེན་བྱས་པ་དང་མང་ཚོགས་ཀྱི་དོ་ཁུར་བྱས་ལ། སྤྱི་ཚོགས་ཀྱི་གླེང་ཕྱོགས་ཤིན་ཏུ་བཟང་ཞིང་། ཕན་འབྲས་ཆེན་པོ་ཐོབ་ཡོད། དམངས་ཚིས་ལེགས་བཅོས་འགན་སྲུང་དང་སྤྱི་ཚོགས་བཅོས་སྐྱོང་གསར་སྐྲུན་ལ་ཤུགས་སྣོན་པར་དམིགས་པ་དང་། སློབ་གསོ་འཕེལ་རྒྱས་དོ་མཉམ་མིན་པ་དང་འདང་ངེས་མིན་པ་སོགས་ཀྱི་གནད་དོན་ལ་ཁ་གཏད་ནས། འགན་བབས་སློབ་གསོའི་དོ་མཉམ་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་རྒྱས་སོགས་ལ་ཆེད་དོན་རྟོག་ཞིབ་བྱས་ཏེ། འབྲེལ་ཡོད་ཀྱི་བྱ་བར་སྐུལ་སྤེལ་བྱས། ལོ་ངོ་གཅིག་གི་རིང་ལ། བསྡོམས་པས་གྲོས་ཞིབ་སྙན་ཞུ12ལ་ཉན་ནས་གྲོས་ཞིབ་བྱས་ཤིང་། ཁྲིམས་བསྟར་ཞིབ་བཤེར་ཐེངས3དང་ཆེད་དོན་འདྲི་རྟོག་ཐེངས1ལ་བྱས་པ་དང་། ཡིག་བསྐུར་ངོ་གཏུག་གི་གྱོད་དོན159སྣེ་ལེན་བྱས། ལྟ་རྟོག་གི་ཁྱབ་ཁོངས་མུ་མཐུད་དུ་རྒྱ་བསྐྱེད་པ་དང་། ནུས་ཤུགས་མུ་མཐུད་དུ་ཆེ་རུ་བཏང་ཞིང་། འགྱུར་མེད་རང་བཞིན་བསྟུད་མར་ཇེ་དྲག་ཏུ་བཏང་།

---བསྐོ་འཐེན་དང་ཐག་གཅོད་ཀྱི་དབང་ཆ་ལག་བསྟར་བྱས་ཏེ། ཏང་གི་བསམ་བློ་དང་མི་དམངས་ཀྱི་འདོད་བློ་བདེ་བླག་ངང་མངོན་འགྱུར་བྱེད་པར་ཁག་ཐེག་བྱས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐག་གཅོད་དབང་ཆ་དང་བསྐོ་འཐེན་དབང་ཆ་དེ་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་ལས་དོན་དབང་ཆ་དོ་དམ་དང་ལག་བསྟར་བྱེད་པའི་མངོན་རྟགས་སུ་བརྩིས་ཏེ། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། དམངས་གཙོ་དར་སྤེལ་གཏོང་བ། ཁྲིམས་ལྟར་གཟབ་ནན་གྱིས་བྱ་བ་བསྒྲུབ་པ་བཅས་བྱས་ཏེ། ཏང་གི་བསམ་བློ་དེ་ཁྲིམས་བཀོད་ཀྱི་གོ་རིམ་བརྒྱུད་ནས་རྒྱལ་ཁབ་ཀྱི་འདོད་བློ་རུ་འགྱུར་བ་དང་། ཏང་རྩ་འཛུགས་ཀྱིས་ངོ་སྤྲོད་བྱས་པའི་འོས་འདེམ་མི་སྣ་དེ་ཁྲིམས་བཀོད་གོ་རིམ་བརྒྱུད་ནས་རྒྱལ་ཁབ་དབང་འཛིན་ལས་ཁུངས་ཀྱི་མགོ་ཁྲིད་མི་སྣར་འགྱུར་བར་ཁག་ཐེག་བྱས། གཅིག་ནས་ཐབས་ཇུས་གལ་ཆེན་ཚན་རིག་ཅན་དུ་འགྱུར་བར་ཁག་ཐེག་བྱས། དོན་དག་གལ་ཆེན་གྱི་གྲོས་བསྡུར་ཐག་གཅོད་ཀྱི་འབྲེལ་ཡོད་གཏན་ཁེལ་དག་ནན་ཏན་གྱིས་ལག་བསྟར་དངོས་འབེབས་བྱས་པ་དང་། ཞིང་ཆེན་སྲིད་གཞུང་གིས་ཐབས་ཇུས་གལ་ཆེན་གཏན་འབེབས་མ་བྱས་སྔོན་དུ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་ཞུ་འབུལ་བའི་བྱེད་ཐབས་འཐུས་ཚང་དུ་གཏོང་བར་མཐུན་སྦྱོར་དང་ལྟ་སྐུལ་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ལས་ཁུངས་བཅོས་སྒྱུར་དང་སྲིད་འཛིན་ས་ཁུལ་སྡེབ་སྒྲིག་སོགས་དོན་དག་གལ་ཆེན་ལ་དམིགས་ནས་ཁྲིམས་ལྟར་གྲོས་ཆོད་འདོན་པ་དང་གྲོས་ཐག་བཅད་ནས། ཏང་ཨུའི་ཐབས་ཇུས་བདེ་བླག་ངང་ལག་ལེན་དུ་བསྟར་བར་ཁག་ཐེག་བྱས། གཉིས་ནས་ཏང་གི་འདོད་བློ་མངོན་འགྱུར་བྱེད་པར་ཁག་ཐེག་བྱས། ཏང་གི་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་དང་ཁྲིམས་ལྟར་བསྐོ་འཐེན་དབང་ཆ་ལག་བསྟར་བྱེད་པ་གཅིག་གྱུར་བྱས་ནས། ལས་བྱེད་བསྐོ་འཐེན་གྱི་བྱ་བ་ལེགས་པོར་བསྒྲུབ་པ་དེ“འདུ་ཤེས་བཞི”བརྟན་མི་བརྟན་གྱི་ཚད་ཐིག་གིས་གཙོ་བོར་གཞལ་ཞིང། རྩ་ཁྲིམས་བཟོ་བཅོས་དང་ལྟ་ཞིབ་སྒྲིག་གཞིའི་འབྲེལ་ཡོད་བླང་བྱ་དང་འཚམ་པར་བྱས་ནས། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣའི་བསྐོ་འཐེན་བྱེད་ཐབས་དང་དམ་བཅའ་འཇོག་པའི་ལམ་ལུགས་ལ་བཟོ་བཅོས་བྱས་པ་མ་ཟད། ཞིང་ཆེན་གྱི་དམངས་ཆེན་འཐུས་མི་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་མི་དམངས་ཀྱི་མངག་བཅོལ་དང་དུ་ལེན་པ་དང་། བློ་གཅིག་སེམས་གཅིག་གིས་ལས་འགན་ལག་བསྟར་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་མི་དོན་གྱི་བྱ་བ་མཐའ་དག་གི་བཀོད་སྒྲིག་བདེ་བླག་ངང་ལེགས་འགྲུབ་བྱས། ལོ་ངོ་གཅིག་གི་རིང་ལ། བསྡོམས་པས་གྲོས་ཆོད་དང་ཐག་གཅོད་བྱས་པ22ཡོད་ལ། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣ་མི་ཐེངས261བསྐོ་འཐེན་བྱས་པས། ས་གནས་ཀྱི་རྒྱལ་ཁབ་ལས་ཁུངས་ཀྱི་རྒྱུན་ལྡན་གྱི་འཁོར་སྐྱོད་དང་ལས་དོན་སྣ་ཚོགས་འཕེལ་རྒྱས་སུ་འགྲོ་བར་རྩ་འཛུགས་ཀྱི་ཁག་ཐེག་འདོན་སྤྲོད་བྱས།

---འཐུས་མིའི་འགན་སྒྲུབ་ཀྱི་ཕན་ནུས་ཇེ་མཐོར་བཏང་ནས། ཞབས་ཕྱིའི་འགན་སྲུང་དང་ལྟ་རྟོག་དོ་དམ་ལ་མུ་མཐུད་དུ་ཤུགས་བསྣན།

རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དམངས་ཆེན་བྱ་བའི་གཙོ་གཞི་ནི་འཐུས་མི་ཡིན་པ་དང། གསོན་ཤུགས་འཐུས་མིའི་སྟེང་དུ་ཡོད་ལ། ཕན་འབྲས་ཐོན་མིན་ཡང་འཐུས་མིར་བལྟ་དགོས་པར་གསལ་ཐག་བཅད་དེ། ཞབས་ཕྱིའི་འགན་སྲུང་དང་ལྟ་རྟོག་དོ་དམ་གཉིས་ཟུང་དུ་འབྲེལ་བ་རྒྱུན་འཁྱོངས་བྱས་ནས། འཐུས་མིའི་གོ་གནས་གཙོ་བོར་བརྩི་བཀུར་དང་འགན་སྒྲུབ་ཀྱི་ནུས་པ་ཇེ་དྲག་ཏུ་བཏང་ལ། ནུས་པ་འདོན་སྤེལ་བྱེད་པར་མཐོང་ཆེན་བྱས་ནས། འཐུས་མིའི་ཁུར་སེམས་འགན་སྒྲུབ་ལ་རྒྱབ་སྐྱོར་བྱས། གཅིག་ནས་འཐུས་མིའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། འགན་སྒྲུབ་དོ་དམ་ཚད་ལྡན་དུ་བཏང་། འཐུས་མིའི་རྒྱུ་སྤུས་དང་། ངོ་བོ། གོ་གནས། ནུས་པ་སོགས་ལ་ངོས་འཛིན་ཟབ་མོ་བྱས་ཏེ། ཧུར་ཐག་གིས་སྤྱི་ཚོགས་ཡོངས་ཀྱིས་འཐུས་མིར་བརྩི་བཀུར་དང་སེམས་ཁུར། རྒྱབ་སྐྱོར་བྱེད་པའི་མཁའ་དབུགས་ཤིག་ཆགས་སུ་བཅུག་ལ། “འཐུས་མི་ནི་མཚན་སྙན་དང་ཡིད་ཆེས་ཤིག་ཡིན་ཞིང། ལས་འགན་དང་འགན་ཁུར་ཞིག་ཀྱང་ཡིན་པའི”འདུ་ཤེས་ཚུགས་སུ་བཅུག་ནས། རྒྱལ་ཡོངས་སུ་ཆེས་ཐོག་མར་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་དམངས་ཆེན་འཐུས་མིའི་འགན་སྒྲུབ་དོ་དམ་བྱ་ཐབས་གཏན་འབེབས་བྱས་པ་དང་། སྒྲིག་སྲོལ་དང་བྱ་བའི་འགྲོ་རིམ་གསར་དུ་བཙུགས་ལ་བླང་བྱའང་བཏོན་ནས། དོ་དམ་ནི་ཞབས་ཕྱིའི་ཁྲོད་དུ་ཡོད་པར་བྱས་ལ། ཁྱད་པར་དུ་དགོངས་ཞུ་དང། གཏམ་བཤད། འགན་བསྒྲུབས་ཞུ་འབུལ། འབྲེལ་གཏུག། དུས་བཅད་གླེང་མོལ། ལས་འབུད་ཁ་ཏ་སོགས་ལ་ཞིབ་ཕྲའི་གཏན་ཁེལ་ནན་མོ་བཏོན་ཏེ། ཚོད་འཛིན་གྱི་རང་བཞིན་ཇེ་དྲག་ཏུ་བཏང་ལ། ལག་བསྟར་གྱི་ཕན་འབྲས་མངོན་གསལ་ཡིན་པ་མ་ཟད། ཨུ་ཡོན་དང་འཐུས་མིའི་ཚོགས་ཞུགས་ཀྱི་ཚད་དང་། ལས་ཀར་ཞུགས་ཚད་མངོན་གསལ་གྱིས་མཐོར་འདེགས་བྱུང་ལ། གཏམ་བཤད་ཀྱི་ཚད100%ལ་སླེབས་ཡོད། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ལགས་ཀྱིས་བྱ་ཐབས་འདིར་ཆོག་མཆན་གནང་བ་མ་ཟད་རྒྱལ་ཡོངས་སུ་འོས་སྦྱོར་བྱས་ལ། ཧྲུའུ་ཅི་ཝང་ཅན་ཅོན་ལགས་ཀྱིས་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡི་ཆོག་མཆན་གྱི་དགོངས་དོན་ལག་བསྟར་བྱེད་པར་བླང་བྱ་གསལ་བོ་བཏོན་ཞིང། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ནན་ཏན་གྱིས་ལག་བསྟར་དང་དངོས་འབེབས་བྱས་ཏེ། “བྱེད་ཐབས་གཉིས”ཡོངས་སུ་ཁེབས་པ་དང་། འཐུས་མི་གསོ་སྦྱོང་ལ་ཞུགས་པ་ཁྱོན་ཡོངས་སུ་ཁེབས་པ། འཐུས་མི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སུ་ཞུགས་པ་ཁྱོན་ཡོངས་སུ་ཁེབས་པ། འཐུས་མིའི་ལས་བསྒྲུབས་ཞུ་འབུལ་དང་དཔྱད་བརྗོད་སྤེལ་བ་ཁྱོན་ཡོངས་སུ་ཁེབས་པ་བཅས་གཏན་འབེབས་དང་མངོན་འགྱུར་བྱས། གཉིས་ནས་འགན་སྒྲུབ་གསོ་སྦྱོང་ལ་ཤུགས་བསྣན་ནས། འཐུས་མིའི་བྱ་འགུལ་ཕུན་སུམ་ཇེ་ཚོགས་སུ་བཏང། འཐུས་མིའི་གསོ་སྦྱོང་འཆར་འགོད་དང་ཇུས་གཞི། ལམ་ལུགས་བཅས་གཏན་འབེབས་དང་འཐུས་ཚང་དུ་བཏང་བ་མ་ཟད། ནན་ཏན་གྱིས་ལག་བསྟར་བྱས་པ་དང། འཐུས་མིའི་གསོ་སྦྱོང་རྣམ་པ་གསར་དུ་བསྐྲུན་ཏེ། ཆེད་བཙུགས་གསོ་སྦྱོང་ལས་ཁུངས་དང་དམངས་ཆེན་གྱི་འབྲེལ་ཡོད་བྱ་བའི་སྡེ་ཁག་ཕན་ཚུན་ཟུང་འབྲེལ་བྱེད་པ་དང་། ཕྱི་རུ་འགྲོ་བ་དང་ནང་དུ་བསུ་བ་ཟུང་འབྲེལ་བྱེད་པ། ཆེད་དོན་འཆད་ཁྲིད་དང་བྱ་བའི་ཉམས་མྱོང་བརྗེ་རེས་བྱེད་པ་ཟུང་དུ་འབྲེལ་བ་བཅས་རྒྱུན་འཁྱོངས་བྱས་ནས། ཞིང་ཆེན་གྱི་དམངས་ཆེན་འཐུས་མིའི་ཐོག་མའི་གསོ་སྦྱོང་གི་འགན་ཁུར་ཡོད་ཚད་ལེགས་འགྲུབ་བྱས་པས། འཐུས་མིའི་འགན་སྒྲུབ་ནུས་པ་མཐོར་འདེགས་བཏང་ལ། ཚད་ལྡན་ཅན་དང་ཆེད་ལས་ཅན་གྱི་བླང་བྱ་ལྟར་དུ། འཐུས་མིའི་ཚན་ཆུང20དང་འཐུས་མིའི་ཆེད་ལས་ཚན་ཆུང6བཙུགས། བྱ་འགུལ་སྣ་ཚོགས་ཕུན་སུམ་ཚོགས་པར་བཏང་བ་དང་། དེའི་ནང་དུ“དམངས་ཆེན་འཐུས་མི་ཞིང་གྲོང་དུ་བསྐྱོད་པ”དང“མང་ཚོགས་ཀྱི་བདེ་ཐང་ལ་སེམས་ཁུར་བྱས་ནས། དམངས་ཡོངས་ཀྱི་ལུས་ཕུང་སྦྱོང་བརྡར་ལ་ཡར་སྐུལ་བྱེད”ཅེས་པ་སོགས་ཀྱི་བྱ་འགུལ་གྱི་རྣམ་པ་གསར་བ་ཡིན་ཞིང་ཕན་འབྲས་མངོན་གསལ་རེད། “ཁང་གཉིས་དང་སྟེགས་བུ་གཅིག”གི་འཛུགས་སྐྲུན་དེ་ཞང་དང་གྲོང་རྡལ་དུ་རྒྱ་བསྐྱེད་ཅིང། དྲ་རྒྱའི་འགན་སྒྲུབ་སྟེགས་བུ་ད་ལྟ་བེད་སྤྱོད་གཏོང་བཞིན་ཡོད། གསུམ་ནས་འབྲེལ་གཏུག་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། གྲོས་གཞིའི་སྐུལ་སྒྲུབ་ལ་ཤུགས་བསྣན། འབྲེལ་གཏུག་བརྒྱུད་ལམ་མུ་མཐུད་ཇེ་ཡངས་དང་འབྲེལ་གཏུག་རྣམ་པ་ཕུན་ཚོགས་སུ་བཏང་ནས། དམངས་ལ་བཤད་ས་ཡོད་པ་དང་རང་ལ་བསྒྲུབ་རྒྱུ་ཡོད་པར་བྱས་ཡོད། “འབྲེལ་གཏུག་གསུམ”གྱི་ལམ་ལུགས་གཏིང་ཟབ་ཏུ་སྤེལ་ནས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་རྟོག་ཞིབ་སྐབས་སུ་འཐུས་མིར་འཚམ་འདྲིར་འགྲོ་བའི་ལམ་ལུགས་བཙུགས་ཤིང་། འཐུས་མི་རེ་ལ་གཏན་འཇགས་ཀྱི་འབྲེལ་གཏུག་མང་ཚོགས3རེ་ཡོད་པར་བྱས་ནས། འབྲེལ་གཏུག་ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་དུ་བཏང། འཐུས་མིའི་གྲོས་གཞི་སྒྲུབ་པར་གཙིགས་ཆེན་བྱས་ཏེ། ཞིང་ཆེན་གྱི་དམངས་ཆེན་འཐུས་མིའི་གྲོས་གཞི་སྒྲུབ་པའི་ཆེད་དོན་ཞིབ་བཤེར་བཞུགས་མོལ་གྲོས་ཚོོགས་དང་སྐུལ་སྒྲུབ་གྲོས་ཚོགས་འཚོགས་ནས། ཞིང་ཆེན་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་འཐུས་མིའི་གྲོས་གཞི་སྒྲུབ་པའི་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་། ཞིང་ཆེན་དམངས་ཆེན་འཐུས་མི་ཚོགས་ཆེན་གྱི་སྐབས་སུ་བཏོན་པའི་གྲོས་གཞི445ཡོད་པ་ཚང་མ་བསྒྲུབས་ཚར་བ་མ་ཟད་འཐུས་མི་རྣམས་ལ་བསྒྲུབས་ལན་སྤྲད། གཙོ་གནད་སྐུལ་སྒྲུབ་གྲོས་གཞིའི་རྗེས་འདེད་དངོས་འབེབས་ལམ་ལུགས་བཙུགས་ནས། ཀྲུའུ་རིན་གྲོས་ཚོགས་ཀྱི་ཁོངས་མིས་སྣེ་འདྲེན་བྱེད་པའི་གཙོ་གནད་སྐུལ་སྒྲུབ་གྲོས་གཞི་དེ་མི་རེས་ལོ་རེར1རེ་སྒྲུབ་པ་ནས3རེར་འཕར་ཡོད་པས། ལས་སྒྲུབ་བྱ་བར་ནུས་ལྡན་གྱིས་སྐུལ་འདེད་བཏང་ཞིང་། འཐུས་མིའི་གྲོས་གཞི་བཏོན་པའི་སྤུས་ཚད་དང་ལས་སྒྲུབ་སྤུས་ཚད་མངོན་གསལ་གྱིས་མཐོར་འདེགས་བཏང་།

---རྒྱུ་སྤུས་མཐོར་འདེགས་དང་ནུས་པ་ཇེ་དྲག་ཏུ་བཏང་སྟེ། རང་ནུས་འཛུགས་སྐྲུན་ནི་ཁྲིམས་དང་ཚན་རིག་ལ་མཐུན་པ། ཚད་ལྡན་དང་གཟབ་ནན་དུ་གཏོང་བར་སྐུལ་འདེད་བཏང། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རང་ནུས་འཛུགས་སྐྲུན་ནི་གཞི་རྩར་བཟུང་བ་དང་། ཁྲིམས་མཐུན་དང། ཚན་རིག ཚད་ལྡན། གཟབ་ནན་བཅས་ཀྱི་འདུ་ཤེས་བཙུགས་པ་མ་ཟད། དངོས་འབེབས་ལ་སྐུལ་འདེད་བཏང་ནས། བྱ་བའི་ནུས་པ་དང་ཕན་འབྲས་མུ་མཐུད་དུ་མཐོར་འདེགས་བཏང། གཅིག་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཛུགས་སྐྲུན་བྱེད་པ་ནས་མགོ་བརྩམས། དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ཡང་དག་པར་རྒྱུས་ལོན་བྱས་པ་དང། གཟབ་ནན་གྱིས་ཏང་སྐྱོང་བ་རྒྱུན་འཁྱོངས་བྱས་ཏེ། ནན་ཏན་གྱིས་འགན་ཁུར་གཙོ་བོ་ལག་ལེན་དུ་བསྟར་ཞིང། ཧུར་ཐག་གིས་མགོ་ཁྲིད་ཚན་ཆུང་དམ་པོར་འཛིན་པ་དང་། དཔུང་ཁག་གི་སྣེ་ཁྲིད་པ། ལམ་ལུགས་འཛུགས་པ། རྒྱུ་སྤུས་མཐོར་འདེགས་བཏང་ནས། མངགས་སྡོད་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཚན་སྐོར་གྱི་བྱ་བར་རྒྱབ་སྐྱོར་བྱས་ལ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་གྲོས་ཚོགས་ལམ་ལུགས་དང་གྲོས་དོན་གླེང་མོལ་སྒྲིག་སྲོལ། ཀྲུའུ་རིན་གྲོས་ཚོགས་ཀྱི་གྲོས་དོན་གླེང་མོལ་སྒྲིག་སྲོལ་སོགས་ལ་བཟོ་བཅོས་བྱས། “སློབ་གཉིས་བྱེད་གཅིག”གི་སློབ་སྦྱོང་སློབ་གསོ་ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་ཏུ་གཏོང་བ་རྒྱུན་འཁྱོངས་བྱས། རང་ནུས་འཛུགས་སྐྲུན་གྱིས་ལས་ཁུངས་ལ་སྣེ་ཁྲིད་པ་དང་གཞི་རིམ་ལ་སྐུལ་འདེད་བཏང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ཁྲོད་དུ་གནས་སྐབས་ཀྱི་ཏང་ཀྲི་པུའུ་བཙུགས་ནས། དངོས་གནས་ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་བྱས་པ་དང་། ལས་ཁུངས་ཏང་རྩ་འཛུགས་ཀྱི་སྒྲིག་གཞི་ལེགས་སྒྲིག་བྱས་པས། གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་མཐོར་འདེགས་སོང་ཞིང་རང་ནུས་འཛུགས་སྐྲུན་ཇེ་དྲག་ཏུ་སོང་། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྩ་འཛུགས་དང་ཞབས་ཕྱི་བྱ་བའི་འགྲོ་རིམ་གཏན་འབེབས་བྱས་པས། ཚད་ལྡན་ཡིན་ཞིང་གོ་རིམ་ཡོད་པ། ཕན་ནུས་མཐོ་བ་བཅས་ཀྱིས་སྒོ་ནས་ཚོགས་ཆེན་བསྒྲུབ་པར་གཞི་འཛིན་ས་འདོན་སྤྲོད་བྱས། གཉིས་ནས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་བྱས། གོམ་གང་མདུན་སྤོས་ཀྱིས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་འགན་ནུས་གཏན་ཁེལ་བྱས་པ་དང་། སྟོབས་ཤུགས་ཆེ་རུ་བཏང་ཞིང་། ལམ་ལུགས་འཐུས་ཚང་དུ་བཏང། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོས་ཞིང་ཆེན་དམངས་ཆེན་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་དམིགས་ནས། སློབ་སྦྱོང་ལ་ཤུགས་བསྣན་པ་དང་། ཁྲིམས་ལྟར་ལས་འགན་བསྒྲུབས་ལ། ཁྲིམས་སྲོལ་འཆར་ཟིན་དང་འབྲེལ་ཡོད་གྲོས་དོན་གྱི་གྲོས་ཞིབ་དང་ཞིབ་བཤེར་བྱ་བ་ནན་ཏན་གྱིས་བསྒྲུབས། ཁྲིམས་བསྟར་ཞིབ་བཤེར་གྱི་ལག་བསྟར་བྱ་བར་རྩ་འཛུགས་བྱས་པ་དང། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཀྱིས་སྤེལ་ནས་དཀའ་གནད་ཧུར་ཐག་གིས་ཐག་བཅད་ལ། ཕན་འབྲས་ཤིན་ཏུ་མཐོ་བའི་བྱ་བ་མང་པོ་ཞིག་བསྒྲུབས་པས་བྱ་བའི་སྣ་སོ་སོ་མངོན་གསལ་གྱིས་ཇེ་མཐོར་སོང་། གསུམ་ནས་དམངས་ཆེན་ལས་ཁུངས་ཀྱི་འཛུགས་སྐྲུན་ལ་སྐུལ་སྤེལ་བཏང་། ལས་ཁུངས་ཀྱི་ཆབ་སྲིད་དང་། བསམ་བློ། སྒྲིག་ཁྲིམས་ཀྱི་སྤྱོད་ཚུལ། ལམ་ལུགས། ནུས་ཤུགས་འཛུགས་སྐྲུན་བཅས་ལ་ཧུར་ཐག་གིས་ཤུགས་བསྣན་ཏེ། སྒྲིག་སྲོལ་ལམ་ལུགས་རབ་དང་རིམ་པར་བཟོ་བཅོས་བྱས་ནས་འཐུས་ཚང་དུ་བཏང་ཞིང། ཁྲིམས་མཐུན་དང། ཚན་རིག ཚད་ལྡན། གཟབ་ནན། ལམ་ལུགས་ཅན་དུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་། སྒྲིག་སྲོལ་དང་ལམ་ལུགས་སྐོར་ཞིག་བཟོ་བཅོས་བྱས་ནས་འཐུས་ཚང་དུ་བཏང་བ་དང་། ཚན་རིག་དང་མཐུན་པའི་ལམ་ལུགས་ཀྱིས་མི་དང་བྱ་བར་དོ་དམ་བྱེད་པ་རྒྱུན་འཁྱོངས་བྱས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཅིག་སྡུད་ཀྱིས་དག་ཐེར་བྱས་ཏེ། “སྤྱོད་ངན་བཞི”རྒྱུན་མཐུད་ཀྱིས་ཡོ་བསྲང་བྱས་པ་དང་། རིམ་པ་བཞིན་དུ་གནོན་ཤུགས་བྱིན་ནས། ལས་ཁུངས་ཀྱི་ལས་བཟོ་བའི་གསོ་སྐྱོང་སློབ་གསོ་དང་རིམ་བགར་དཔྱད་བསྡུར་དོ་དམ་ཇེ་དྲག་ཏུ་བཏང་ལ། ལས་བཟོ་བའི་འཚར་ལོངས་ལ་སེམས་ཁུར་དང་ལས་ཞོར་གྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བས། རང་ཁྱིམ་གྱི་ཚོར་བ་སྦྱིན་ཞིང་སྤོབས་པ་བསྩལ་ཡོད། བཞི་ནས་སྟོབས་ཤུགས་གཅིག་གྱུར་ཡོང་བར་སྐུལ་འདེད་བྱས། དམངས་ཆེན་བྱ་བའི“བསམ་བཀོད་གཅིག”གི་བསམ་བློ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཡོངས་དམངས་ཆེན་གྱི་འབྲེལ་གཏུག་ལ་ཤུགས་བསྣན་ཞིང་། གཞི་རིམ་དམངས་ཆེན་གྱི་མཐུན་སྦྱོར་དང་ཉམས་མྱོང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བས། དམངས་ཆེན་བྱ་བའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང། རྒྱལ་ཡོངས་དམངས་ཆེན་གྱིས་མཚོ་སྔོན་དུ་ཁྲིམས་བསྟར་ཞིབ་བཤེར་དང་ཆེད་དོན་རྟོག་ཞིབ་སྤེལ་བར་རམ་འདེགས་ལེགས་པོ་བྱས་ཏེ། རྒྱལ་ཡོངས་དམངས་ཆེན་གྱིས་འགན་བཅོལ་བྱས་པའི་ཐེ་ཝན་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་ཆེན་འཐུས་མི་མཚོ་སྔོན་དུ་ཕེབས་ནས་རྟོག་ཞིབ་བྱེད་པའི་འགན་ཁུར་ལེགས་འགྲུབ་བྱས་པ་དང་། ནུབ་བྱང་གི་ཞིང་ལྗོངས་ལྔའི་དམངས་ཆེན་གྱི་ནོར་སྲིད་བྱ་བའི་བཞུགས་མོལ་གྲོས་ཚོགས་ལ་རྩ་འཛུགས་བྱས་ནས་འཚོགས་པས། མཚོ་སྔོན་གྱི་སྣང་བརྙན་དང་བྱ་བའི་ཕན་འབྲས་མངོན་ཡོད།

འཐུས་མི་རྣམ་པ། འདས་པའི་ལོ་གཅིག་གི་རིང་ལ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བླངས་པའི་བྱ་བའི་གྲུབ་འབྲས་ནི། ཞིང་ཆེན་ཏང་ཨུའི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་དང་རྒྱལ་ཡོངས་དམངས་ཆེན་གྱི་ཞིབ་ཚགས་མཛུབ་སྟོན་བྱས་པའི་འབྲས་བུ་ཡིན་ལ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་འཐུས་མི་ཡོངས་ཀྱིས་མཉམ་དུ་འབད་བརྩོན་བྱས་པའི་འབྲས་བུ་ཡིན་ཞིང་། སྐབས་རེ་རེའི་དམངས་ཆེན་གྱིས་བཏིང་བའི་རྨང་གཞི་བརྟན་པོའི་སྟེང་དུ་རྒྱུན་མཐུད་ནས་འཕེལ་རྒྱས་བྱུང་བའི་འབྲས་བུའང་ཡིན། ང་ཚོའི་བྱ་བར་ཞིང་ཆེན་སྲིད་གཞུང་དང། ཞིང་ཆེན་སྲིད་གྲོས། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་། ས་ཁུལ་སོ་སོའི་སྡེ་ཁག་དང་སྡེ་ཚན་སོ་སོ་བཅས་ཀྱིས་ཧུར་ཐག་གིས་རམ་འདེགས་བྱས་ལ། ཞིང་ཆེན་སྲིད་གྲོས་དང་རིམ་པ་སོ་སོའི་དམངས་ཆེན། སྤྱི་ཚོགས་ལས་རིགས་ཁག་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་རྣམས་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱས་པས། ངས་འདི་ནས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།

བྱ་བར་སྤྱི་བསྡོམས་དང་གྲུབ་འབྲས་ལ་ཁས་ལེན་བྱེད་པ་དང་མཉམ་དུ། ང་ཚོར་ངོས་ཟིན་ཟབ་མོ་ཞིག་ཡོད་པ་ནི། ད་དུང་བྱ་བའི་ཁྲོད་དུ་གནད་དོན་དང་མི་འདང་ས་ཁ་ཤས་ཡོད་དེ། གཙོ་བོ་ནི། གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་མུ་མཐུད་དུ་ཤུགས་བསྣན་ནས། མང་ཚོགས་ཁྲིམས་འཛུགས་ལ་ཟབ་ཞུགས་བྱེད་པའི་རྣམ་པ་གོམ་གང་མདུན་སྤོས་ཀྱིས་གསར་སྐྲུན་བྱེད་དགོས། ལྟ་རྟོག་བྱེད་སྟངས་མུ་མཐུད་དུ་ལེགས་བཅོས་བྱ་དགོས་ཤིང་། ལྟ་རྟོག་གི་འགྱུར་མེད་རང་བཞིན་དང་ཕན་འབྲས་གོམ་གང་མདུན་སྤོས་ཀྱིས་ཇེ་དྲག་ཏུ་གཏོང་དགོས། འཐུས་མིའི་འགན་སྒྲུབ་དོ་དམ་ལྟ་རྟོག་བསྟུད་མར་ཇེ་དྲག་ཏུ་གཏོང་དགོས། ཞབས་ཕྱི་འགན་སྲུང་གི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་དགོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་དམངས་ཆེན་འཐུས་མིས་འགན་སྒྲུབ་དཔྱད་འཇོག་གི་སྐུལ་འདེད་སྒྲིག་གཞི་རིམ་བཞིན་འཐུས་ཚང་དུ་བཏང་ནས། བཅོས་སྒྱུར་གསར་སྐྲུན་གྱི་འདུ་ཤེས་དང་ནུས་པ་སྔར་བས་སྐུལ་སྤེལ་གཏོང་དགོས། གཞི་རིམ་དམངས་ཆེན་ཁག་ཅིག་གི་འཛུགས་སྐྲུན་དང་ཁྱད་པར་དུ་ཆེད་ལས་ཅན་གྱི་སྟོབས་ཤུགས་མི་འདང་བའི་གནད་དོན་ལ་དངོས་གནས་ཤུགས་སྣོན་པ་དང་ཐག་གཅོད་བྱས་ནས། བྱ་བའི་གོམས་ལོབས་དང་ཕན་འབྲས་མཐོར་འདེགས་གཏོང་དགོས། དེ་བས། རྗེས་ཕྱོགས་ང་ཚོས་མཐོང་ཆེན་ཚད་མཐོན་པོ་བྱས་ཏེ། ཁེངས་སྐྱུངས་ཀྱིས་བསམ་འཆར་ལ་ཉན་པ་དང་། དངོས་གནས་ལེགས་བཅོས་བྱ་དགོས།

འཐུས་མི་རྣམ་པ། 2019ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་ལོ་ངོ་བརྒྱའི་དམིགས་འབེན་དང་པོ་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་ལ། ང་ཚོས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70དང་ས་གནས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་འཁོར40ལོན་པར་བསུ་མ་བྱ་དགོས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཏང་ཨུའི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་འོག་དང། རྒྱལ་ཡོངས་དམངས་ཆེན་གྱི་ཞིབ་ཚགས་མཛུབ་ཁྲིད་འོག་ཏུ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཁྱད་པར་དུ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་འཐུས་ཚང་དང་རྒྱུན་འཁྱོངས་བྱེད་པའི་བསམ་བློ་གལ་ཆེན་སྣེ་ཁྲིད་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་། སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ། ཞིང་ཆེན་ཏང་ཨུ་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ལྔ་བ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དངོས་འབེབས་བྱེད་དགོས་ཤིང་། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་ཡོང་བར་བྱས་ནས། ཞིང་ཆེན་ཏང་ཨུའི་རྗེས་སུ་དམ་པོར་བསྙེགས་ནས། མི་དམངས་ཀྱི་དོ་སྣང་བྱེད་པར་ལན་སློག་པ་དང་། ལྷག་བསམ་དག་པས་རྩ་ཁྲིམས་ཀྱིས་གནང་བའི་འགན་ཁུར་ལག་ལེན་ཏུ་བསྟར་བ། ཧུར་ཐག་གིས་ཁྲིམས་འཛུགས་སྤུས་ཚད་ཐད་དུ་མཐོར་འདེགས་གསར་བ་ཡོད་པ་དང་། ཁྲིམས་ལྟར་ལྟ་རྟོག་ཐད་དུ་གྲུབ་འབྲས་གསར་བ་ཡོད་པ། བསྐོ་འཐེན་ཐག་གཅོད་ཐད་དུ་མདུན་སྐྱོད་གསར་བ་ཡོད་པ། འཐུས་མིིའི་བྱ་བའི་ཐད་དུ་རྒྱ་བསྐྱེད་གསར་བ་ཡོད་པ། རང་ནུས་འཛུགས་སྐྲུན་ཐད་དུ་ཤུགས་སྣོན་གསར་བ་ཡོད་པ་བཅས་བྱེད་དགོས་པ་དང། མུ་མཐུད་དུ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དུས་བསྟུན་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས་ལ། “འཐབ་ཇུས་བཞི་ཅན་ལྔ”ལག་བསྟར་དང“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཧུར་བརྩོན་གྱིས་སྐུལ་སྤེལ་བྱེད་པར་ནུས་ལྡན་གྱིས་འགན་སྲུང་བྱས་ཏེ། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པར་བསུ་མ་བྱེད་དགོས།

གཅིག་ནི་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་བསྣན་ཏེ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྲ་བརྟན་དུ་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་འགན་ཁུར་ཨང་དང་པོར་འཇོག་པ་དང་། ཆབ་སྲིད་ཀྱི་རང་རྟོགས་ཇེ་དྲག་དང་། ཆབ་སྲིད་ཀྱི་གོ་གནས་མཐོར་འདེགས་གཏོང་དགོས་ཤིང། སེམས་དང་བསམ་པའི་གཏིང་དུ་སིམ་པར་བྱས་ཏེ། དངོས་གནས“འདུ་ཤེས་བཞི”ཇེ་དྲག་དང“རང་རྟོན་བཞི”སྲ་བརྟན་དུ་གཏོང་བ་དང “སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་བཅས་བྱེད་དགོས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་ཐད་ཀྱི་བསམ་བློ་གལ་ཆེན་དེ་ཏང་ཙུའུ་གྲོས་ཚོགས་དང་ཀྲུའུ་རིན་གྲོས་ཚོགས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བཅས་ཀྱི་ཐོག་མའི་གྲོས་དོན་དུ་འཇོག་པ་དང། དམངས་ཆེན་གྱི་ལས་འགན་ལག་བསྟར་བྱེད་པའི་གཞི་རྩར་འཛིན་པ། དུས་ཐོག་ཏུ་དེར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བཞུགས་མོལ་གྲོས་ཚོགས་འཚོག་པ་མ་ཟད། སློབ་སྦྱོང་དང་ལག་བསྟར་བྱེད་པའི་བསམ་འཆར་གཏན་འབེབས་དང་འགྲེམས་སྤེལ་བྱས་ཏེ། མུ་མཐུད་དུ་ནུས་ལྡན་གྱི་མངོན་འགྱུར་བྱེད་སྟངས་འཚོལ་ཞིབ་བྱེད་དགོས། ཞིང་ཆེན་ཏང་ཨུར་སྙན་ཞུ་འབུལ་བའི་ལམ་ལུགས་ནན་ཏན་གྱིས་ལག་བསྟར་བྱས་ཏེ། དམངས་ཆེན་གྱི་བྱ་བ་མཐའ་དག་ཐོག་མཐའ་བར་གསུམ་དུ་ཏང་གི་མགོ་ཁྲིད་འོག་ཏུ་སྤེལ་བ་དང་། ས་གནས་དམངས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་འཁོར70ལོན་པའི་ཕྲེང་བསྟར་བྱ་འགུལ་སྤེལ་བར་རྩ་འཛུགས་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་དམངས་ཆེན་སྡེ་ཁག་གི་ཏང་འཛུགས་སྐྲུན་བྱ་བའི་གྲོས་ཚོགས་འཚོག་དགོས་ལ། ཏང་འཛུགས་སྐྲུན་བྱ་བའི་བསམ་འཆར་གཏན་འབེབས་དང་འགྲེམས་སྤེལ་བྱས་ནས། བསམ་བློ་ཆབ་སྲིད་འཛུགས་སྐྲུན་གྱིས་དམངས་ཆེན་བྱ་བར་སྣེ་ཁྲིད་པ་དང་སྐུལ་འདེད་གཏོང་དགོས། རྩ་ཁྲིམས་སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་བྱ་བ་མཐར་ཕྱིན་བྱེད་པ་ལྷོད་མེད་རྒྱུན་འཁྱོངས་སྒོས། རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོའི་བྱ་འགུལ་རྩ་འཛུགས་ལེགས་པོར་བྱེད་པ་དང། སྙན་སེང་ཐོ་འགོད་ཀྱི་ཞིབ་བཤེར་བྱ་བར་ཤུགས་བསྣན་ནས། སྙན་སེང་ཐོ་འགོད་ཀྱི་ཞིབ་བཤེར་ཆ་འཕྲིན་སྟེགས་བུ་སྲ་བརྟན་མཐོར་འདེགས་གཏོང་དགོས་པར་མ་ཟད། གཞི་རིམ་དུ་བསྲིང་བར་སྐུལ་འདེད་གཏོང་དགོས།

གཉིས་ནི་ཐོག་མཐའ་བར་གསུམ་དུ་ལྟེ་བར་དམིགས་ནས་སྤྱི་ཁྱབ་ལ་ཞབས་འདེགས་ཞུས་ཏེ། ཁྲིམས་ལྟར་ཁྱོན་ཡོངས་ནས་འགན་སྒྲུབ་བྱེད་དགོས། ཀྲུང་དབྱང་གི་བླང་བྱ་དམ་པོར་འཛིན་པ་དང་། ཞིང་ཆེན་ཏང་ཨུའི་བཀོད་འདོམས་ཀྱི་རྗེས་སུ་དམ་པོར་འབྲངས་པ། མི་དམངས་ཀྱི་འདོད་བློ་དང་དམ་པོར་འབྲེལ་བ་བཅས་བྱས་ཏེ། རང་འགུལ་གྱིས་ཞིང་ཆེན་ཡོངས་ཀྱི་སྤྱིའི་བྱ་བའི་ཁྲོད་དུ་དམངས་ཆེན་གྱི་བྱ་བར་འཆར་འགོད་བཟོ་བ་དང་སྐུལ་འདེད་གཏོང་དགོས། ཁྲིམས་འཛུགས་བྱ་བའི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་གཏོང་དགོས། ཁྲིམས་འཛུགས་ཐབས་ཇུས་དང་བཅོས་སྒྱུར་ཐབས་ཇུས་གཉིས་ཕན་ཚུན་སྦྲེལ་མཐུད་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དེ་ཁྲིམས་འཛུགས་ཀྱི་བྱ་བའི་ཁྲོད་དུ་བསྲེས་ནས། ཁྲིམས་སྐྱོང་གི་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། “ཞིབ་ཚགས་ཁྲིམས་འཛུགས། ཁྱད་ལྡན་ཁྲིམས་འཛུགས”ཞེས་པ་བརྗོད་བྱ་ཡིན་པའི་ཁྲིམས་འཛུགས་བྱ་བའི་བཞུགས་མོལ་གྲོས་ཚོགས་འཚོག་ནས། གོམ་གང་མདུན་སྤོས་ཀྱིས་ཚན་རིག་ཁྲིམས་འཛུགས་དང་། དམངས་གཙོ་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་ཀྱི་བསམ་འཆར་འདོན་དགོས། ཁྲིམས་འཛུགས་བྱ་བའི་སྒྲིག་གཞི་འཐུས་ཚང་དུ་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་ཁྲིམས་འཛུགས་རིག་ནུས་མཛོད་ཁང་དང་། ཁྲིམས་འཛུགས་རྟེན་གཞི། གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་གནས་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། དམངས་ཆེན་གྱི་ཁྲིམས་འཛུགས་ལ་གཙོ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་བྱེད་པར་གཙིགས་ཆེན་བྱས་ནས། དུས་ལྟར་དུ་ལོ་འཁོར་གྱི་ཁྲིམས་འཛུགས་བྱ་བའི་འཆར་གཞི་བཟོ་དགོས་པ་མ་ཟད་ཧུར་ཐག་གིས་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས་ཤིང། རྩ་འཛུགས་ཀྱི་མཐུན་སྦྱོར་ལ་ཤུགས་བསྣན་ནས། འཛུགས་བཅོས་འདོར་འགྲེལ་མཉམ་སྦྲགས་ཀྱིས་སྤུས་ཚད་ཀྱི་ཕན་ནུས་མཐོར་འདེགས་གཏོང་དགོས། སྔོན་ལ་ཞུགས་པ་རྒྱུན་འཁྱོངས་དང་། མཛུབ་སྟོན་དང་རོགས་རམ་ལ་ཤུགས་བསྣན་ཏེ། དུས་ལྟར་གྲོང་ཁྱེར་དང་རང་སྐྱོང་ཁུལ། རང་སྐྱོང་རྫོང་བཅས་ཀྱི་ཁྲིམས་སྲོལ་སྲོལ་ཡིག་ལ་ཞིབ་བཤེར་དང་ཆོག་མཆན་བཀོད་ནས། ཁྲིམས་འཛུགས་ཀྱི་དོན་ཚན་སོ་སོ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དགོངས་དོན་དང་མཐུན་ཞིང་། མི་དམངས་ཀྱི་འདོད་བློ་མཚོན་ལ། མཚོ་སྔོན་གྱི་དོན་དངོས་དང་འཚམ་པར་ཧུར་བརྩོན་བྱེད་དགོས། ལྟ་རྟོག་བྱ་བའི་འགྱུར་མེད་རང་བཞིན་ཇེ་དྲག་དང་ཕན་འབྲས་ལ་གཙིགས་ཆེན་བྱ་དགོས། ཁྲིམས་ཀྱི་རྩ་དོན་བརྩི་སྲུང་ནན་མོ་བྱས་ཏེ། གོམ་གང་མདུན་སྤོས་ཀྱིས་ལྟ་རྟོག་ལམ་ལུགས་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་། ཞིང་ཆེན་དམངས་ཆེན་གྱི་ལྟ་རྟོག་བྱ་བའི་གྲོས་ཚོགས་འཚོག་སྟེ། ལྟ་རྟོག་བྱ་བར་སྔར་བས་ཇེ་དྲག་ཏུ་གཏོང་བའི་བསམ་འཆར་འདོན་དགོས། གནད་དོན་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། གཙོ་བོར“འགག་སྒྲོལ་གཡུལ་འཐབ་ཆེན་པོ་གསུམ”ལ་དམིགས་ནས་མུ་མཐུད་དུ་དམ་འཛིན་བྱེད་པ་དང། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་བཅོས་སྒྱུར་དང“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་བཏང་ནས། གནད་དུ་འཁེལ་ཞིང་ནུས་པ་ལྡན་པའི་ལྟ་རྟོག་བྱ་དགོས་ལ། “ལོ་ལྔ་ཚན་བཅུ་གསུམ་པའི”རྩ་གནད་ལག་བསྟར་ལ་དོ་སྣང་ཆེན་པོ་བྱེད་པ་དང་། སྲིད་གཞུང་ལ་རྒྱབ་སྐྱོར་བྱས་ཏེ་ཕྱི་རོལ་ཡུལ་གྱི་ཁོར་ཡུག་དང་འགན་ཁུར་གྱི་བླང་བྱའི་འགྱུར་ལྡོག་གསར་བར་ལྟ་རྟོག་བྱས་ཏེ། གཅིག་སྡུད་ཀྱིས་དམིགས་འབེན་འགན་ཁུར་མཐའ་དག་གི་དངོས་འབེབས་བྱེད་པ་དམ་འཛིན་བྱ་དགོས། དཔལ་འབྱོར་བྱ་བ་དང་སྔོན་རྩིས་དང་ངེས་རྩིས་ཀྱི་ཞིབ་བཤེར་ལྟ་རྟོག་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་དབང་རྒྱུ་ནོར་དོ་དམ་གནས་ཚུལ་གྱི་སྙན་ཞུར་ཉན་ནས་གྲོས་ཞིབ་བྱེད་པ་དང། དམངས་ཆེན་གྱི་སྔོན་རྩིས་ཞིབ་བཤེར་ལྟ་རྟོག་གི་གཙོ་གནད་རྒྱ་བསྐྱེད་བཅོས་སྒྱུར་གཏོང་བར་སྐུལ་གཏང་དགོས་ལ། སྔོན་རྩིས་དྲ་བར་སྦྲེལ་བའི་ལྟ་སྐུལ་མ་ལག་གིས་སྔོན་རྩིས་ཀྱི་བརྒྱུད་རིམ་ཡོངས་སུ་ལྟ་སྐུལ་དང་དོ་དམ་བྱེད་པའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། དུས་ལྟར་ལྟ་ཞིབ་སྒྲིག་གཞི་བཅོས་སྒྱུར་དང་ལྟ་ཞིབ་བཅའ་ཁྲིམས་ཀྱི་ལག་བསྟར་གནས་ཚུལ་ལ་རྗེས་འདེད་རྒྱུས་ལོན་བྱེད་དགོས་ལ། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི“ལག་བསྟར་བྱེད་དཀའ་བའི་གནད་དོན་ཕལ་ཆེར་ཐག་བཅད་པ”དང་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི་སྤྱི་ཕན་གཏུག་བཤེར་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་ནས་གྲོས་ཞིབ་བྱས་ཏེ། ལས་ཁུངས་བཅོས་སྒྱུར་རྗེས་ཀྱི་ཐད་གཏོགས་དོ་དམ་ལས་ཁུངས་ཀྱིས་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་བྱས་པའི་གནས་ཚུལ་གྱི་ལྟ་རྟོག་ལ་ཤུགས་སྣོན་དགོས་ཤིང་། སྙན་སེང་ཐོ་འགོད་ཞིབ་བཤེར་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ཉན་ནས། སྙན་སེང་ཐོ་འགོད་ཞིབ་བཤེར་གྱི་སྟེགས་བུའི་ནུས་པ་འདོན་སྤེལ་བྱེད་པ་དང་། སྒྲིག་གཞི་འཐུས་ཚང་དང་ཚད་ལྡན་དུ་གཏོང་བར་ཤུགས་སྣོན་དགོས་ལ། རང་འགུལ་སྒོས་ཞིབ་བཤེར་དང་ཆེད་དོན་ཞིབ་བཤེར། ལྟ་སྐུལ་ཡོ་བསྲང་གི་ཤུགས་ཆེ་རུ་གཏོང་དགོས། ཐག་གཅོད་དང་བསྐོ་འཐེན་བྱ་བའི་ཕྱོགས་སུ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་འདོམས་དངོས་འབེབས་བྱེད་པར་མཐོང་ཆེན་བྱེད་དགོས། དོན་དག་གལ་ཆེན་གྱི་གྲོས་བསྡུར་ཐག་གཅོད་ལམ་ལུགས་ནན་ཏན་གྱིས་ལག་བསྟར་བྱེད་པ་དང་། སྲིད་གཞུང་གིས་ཐབས་ཇུས་གལ་ཆེན་མ་བཏོན་སྔོན་ལ་རིམ་པ་དེ་གའི་དམངས་ཆེན་ལ་སྙན་ཞུ་འབུལ་བར་ཁྲིམས་ལྟར་ལྟ་སྐུལ་བྱས་ནས། དུས་ལྟར་ཏང་གི་ཐབས་ཇུས་ཀྱི་ལྟ་བ་དེ་ས་གནས་ཀྱི་རྒྱལ་ཁབ་དབང་ཤུགས་ལས་ཁུངས་ཀྱི་གྲོས་ཆོད་དང་ཐག་གཅོད་དུ་བསྒྱུར་ཏེ། བཅོས་སྒྱུར་འཕེལ་རྒྱས་དང་། སྐྱེ་ཁམས་སྲུང་སྐྱོང་། དམངས་ཚིས་ལེགས་བཅོས། ཁྲིམས་སྐྱོང་འཛུགས་སྐྲུན་སོགས་ཀྱི་གྲོས་ཆོད་དང་ཐག་གཅོད་ལག་བསྟར་བྱས་པའི་གནས་ཚུལ་ལ་རང་འགུལ་གྱིས་རྗེས་འདེད་ལྟ་རྟོག་བྱེད་དགོས། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པ་དང་དམངས་ཆེན་གྱི་ཁྲིམས་ལྟར་བསྐོ་འཐེན་བྱེད་པ་གཉིས་གཅིག་གྱུར་བྱས་ཏེ། མི་དོན་བསྐོ་འཐེན་གྱི་གོ་རིམ་འཐུས་ཚང་དང་གཟབ་ནན་བྱེད་དགོས་ལ། བྱེ་བྲག་དང་དོན་དངོས་ཀྱི་ལས་འགུལ་ལས་ཆབ་སྲིད་ལ་དོ་སྣང་བྱེད་པའི་བླང་བྱ་མངོན་པར་བཏོན་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་མི་དོན་བཀོད་སྒྲིག་གི་འདོད་བློ་བདེ་བླག་ངང་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱེད་དགོས།

གསུམ་ནི་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་ལ་སྲུང་སྐྱོབ་བྱས་ཏེ། འཐུས་མིའི་བྱ་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། འཐུས་མིའི་བྱ་བ་ནི་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་བསམ་བློ་མཚོན་པ་དང་དམངས་ཆེན་བྱ་བའི་ཕན་ནུས་མཚོན་པའི་ཕྱོགས་གལ་ཆེན་ཞིག་ཡིན་པ་རྒྱུན་འཁྱོངས་བྱས་ནས། གསར་བཟོ་དང་། ཞིབ་ལས། ལེགས་སྒྲུབ་བཅས་ཀྱི་སྟེང་ཤུགས་འདོན་དགོས། འཐུས་མིའི་བྱ་བའི་ཁྱབ་རྒྱ་ལ་སྤུས་འདེགས་ནུས་འཕེལ་ཡོང་བར་སྐུལ་སྤེལ་གཏོང་དགོས། “བྱེད་ཐབས་གཉིས”ལག་ལེན་མཐར་ཕྱིན་བྱེད་པ་མུ་མཐུད་དུ་ལེགས་པོར་བཟུང་ནས། འཐུས་མི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བར་ཞུགས་པ་མུ་མཐུད་རྒྱ་བསྐྱེད་པ་དང། འཐུས་མི་གདན་དྲངས་ནས་ཚོགས་འདུར་ཟུར་ཞུགས་བྱེད་པ་དང་། ཁྲིམས་འཛིན་ཞིབ་བཤེར་དང་བརྟག་དཔྱད་ཞིབ་འཇུག་སོགས་ཀྱི་བྱ་འགུལ་ལ་ཞུགས་པར་བྱས་ཏེ། སྔོན་རྩིས་ཞིབ་བཤེར་འབྲེལ་གཏུག་གི་འཐུས་མིའི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་དགོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་འཐུས་མིའི་འབྲེལ་གཏུག་ལ་ཤུགས་བསྣན་ནས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་གཞི་རིམ་དམངས་ཆེན་གྱི་འཐུས་མིར་འབྲེལ་གཏུག་འདྲི་རྟོག་བྱེད་པ་དང་དམངས་ཆེན་ཀྲུའུ་རིན་གྱི་འཐུས་མི་སྣེ་ལེན་ཉིན་མོའི་བྱ་འགུལ་སྤེལ་བར་སྐུལ་འདེད་བཏང་ནས། འཐུས་མིའི་བསམ་འཆར་ལ་ཉན་པ་དང་། གཞི་རིམ་གྱི་གནས་ཚུལ་རྒྱུས་ལོན་ཐུབ་པའ“ཤར་སྐྱོད་སྟེགས་བུ”སྒྲིག་བཀོད་བྱ་དགོས། འཐུས་མིའི་གྲོས་གཞི་གྲོས་འཆར་སྒྲུབ་པའི་སྒྲིག་གཞི་འཐུས་ཚང་དུ་བཏང་ནས། འགྲོ་ལུགས་བསྒྲུབ་པའི་ཕན་འབྲས་ཇེ་མཐོར་གཏོང་དགོས། འཐུས་མིའི་ཚན་ཆུང་བྱ་འགུལ་གསར་སྐྲུན་བྱེད་པ་དང་། བྱ་འགུལ་གྱི་རྣམ་པ་དང་ནང་དོན་མུ་མཐུད་དུ་ཕུན་ཚོགས་སུ་བཏང་ནས། འཐུས་མིས་མི་དམངས་མང་ཚོགས་ལ་འབྲེལ་གཏུག་ཟབ་མོ་བྱེད་དགོས། འཐུས་མིའི་བསམ་བློའི་བྱ་སྤྱོད་འཛུགས་སྐྲུན་ལ་ཤུགས་བསྣན་ནས། འཐུས་མིའི་འགན་སྒྲུབ་བརྗོད་བྱ་ཡིན་པའི་གསོ་སྦྱོང་སྤེལ་ཏེ། འཐུས་མིའི་ལྟ་སྐུལ་ལས་འགན་ལག་བསྟར་ཇེ་དྲག་ཏུ་གཏོང་བ་དང་། ཞིང་ཆེན་དམངས་ཆེན་གྱི་འཐུས་མི་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱིས་ལས་བསྒྲུབས་སྙན་ཞུ་འབུལ་བའི་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། འཐུས་མིའི་འགན་སྒྲུབ་གནས་ཚུལ་ལ་ཐོ་འགོད་སྙན་སེང་ཞུ་བ་མ་ཟད་དཔྱད་དཔག་བྱེད་པ་དང་འོས་འཚམ་གྱིས་ཁྱབ་སྒྲོག་བྱེད་དགོས་ལ། འཐུས་མིས་ཁྲིམས་ལྟར་འགན་སྒྲུབ་པར་ཡར་སྐུལ་གཏོང་དགོས།

བཞི་ནི་ཐོག་མཐའ་བར་གསུམ་དུ་ཁྲིམས་མཐུན་དང་། ཚན་རིག ཚད་ལྡན། གཟབ་ནན་བཅས་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ནས་རང་ནུས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅོན་ལགས་ཀྱིས་བཏོན་པའི་དམངས་ཆེན་གྱི་ལམ་ལུགས་དང་བྱ་བ། འཛུགས་སྐྲུན་བཅས་ལ་མཉམ་གཅིག་ཏུ་སྐུལ་འདེད་གཏོང་བ་དང། དམངས་ཆེན་གྱི་འཐུས་མི་དང་རྒྱུན་ཨུ། ལས་བྱེད་བཅས་ཀྱི་རང་ནུས་འཛུགས་སྐྲུན་མཉམ་གཅིག་ཏུ་འཛིན་པ། ཆབ་སྲིད་དང་སྤྱོད་སྟངས། ནུས་པ་བཅས་མཉམ་གཅིག་ཏུ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བླང་བྱ་ལྟར་དུ། གོམ་གང་མདུན་སྤོས་ཀྱིས་རང་ནུས་མཐོར་འདེགས་དང་། བྱང་ཚད་མཐོར་འདེགས། ནུས་པ་ཇེ་དྲག་ཏུ་གཏོང་དགོས། ཆབ་སྲིད་ལས་ཁུངས་དང་བྱ་བའི་ལས་ཁུངས། འཐུས་མིའི་ལས་ཁུངས་བཅས་ཀྱི་དམིགས་འབེན་ལས་འགན་འཛུགས་སྐྲུན་ལ་དམིགས་ནས། བསམ་བློ་ཆབ་སྲིད་འཛུགས་སྐྲུན་བྱེད་པ་གོ་གནས་དང་པོར་འཇོག་པ་དང་། འབད་བརྩོན་ལྷོད་མེད་ཀྱིས་གཞུང་ལུགས་སློབ་སྦྱོང་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་ལ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཀྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་སྒྲིག་ལམ་དང་སྒྲིག་སྲོལ་གཟབ་ནན་གྱིས་སྲུང་ཞིང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། དངོས་གནས་ཏང་གི་སྲིད་སྐྱོང་དབང་ཟིལ་དང་རྩ་ཁྲིམས་བཅའ་ཁྲིམས་ཀྱི་དབང་ཟིལ་གཅིག་གྱུར་བྱེད་པ། ཁྲིམས་བཀོད་ལས་འགན་ལག་བསྟར་བྱེད་པ་དང་འགན་སྒྲུབ་བྱ་སྤྱོད་ཚད་ལྡན་གཏོང་བ་གཉིས་གཅིག་གྱུར་བྱས་ནས། ཆབ་སྲིད་ཀྱི་རྒྱུ་སྤུས་དང་འགན་སྒྲུབ་ནུས་པ་མུ་མཐུད་དུ་མཐོར་འདེགས་གཏོང་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་གྲོས་ཞིབ་སྤུས་ཚད་མཐོར་འདེགས་གཏོང་བའི་གཏན་ཁེལ་གཏན་ལ་ཕབ་ནས་བསམ་བློའི་འགུལ་སྐྱོད་གཅིག་གྱུར་དང་འཐབ་འཛིང་གི་སྙིང་སྟོབས་གསོ་སྐྱོང་བྱེད་དགོས། ཆེད་དོན་ཨུ་ཡོན་ལྷན་ཁང་གི་འཛུགས་སྐྲུན་ལ་ཤུགས་སྣོན་ཞིང་། དམངས་ཆེན་བྱ་བའི་ཞིབ་འཇུག་དང་དྲིལ་སྒྲོག་གཏིང་ཟབ་ཏུ་སྤེལ་ཏེ། དམངས་ཆེན་བཅོས་སྒྱུར་དང་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བྱ་བར་ཏན་ཏིག་གིས་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་དམངས་ཆེན་དང་ཕྱོགས་སོ་སོའི་འབྲེལ་འདྲིས་རམ་འདེགས་ལ་མུ་མཐུད་དུ་ཤུགས་བསྣན་ཏེ། ཕྱི་ཕྱོགས་ཀྱི་སློབ་སྦྱོང་བརྗེ་རེས་དང་འབྲེལ་འདྲིས་ལ་མཐོང་ཆེན་བྱེད་པ་དང་། གཞི་རིམ་གྱི་དམངས་ཆེན་བྱ་བའི་མཛུབ་ཁྲིད་ལ་ཤུགས་སྣོན་པ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་གསོ་སྦྱོང་འཛིན་གྲྭ་ལེགས་པོར་བསྒྲུབ་དགོས། “ཞང་དང་གྲོང་རྡལ་དམངས་ཆེན་གྱི་འཛུགས་སྐྲུན་ལོ”དང་གཞི་རིམ་དམངས་ཆེན་བྱ་བའི་བལྟ་སྦྱོང་བརྗེ་རེས་བྱ་འགུལ་སོགས་སྤེལ་ཏེ། ཉམས་མྱོང་བཟང་བོ་དང་བྱེད་ཐབས་ལེགས་པོ་ནན་ཏན་གྱིས་སྤྱི་བསྡོམས་བྱེད་པ་དང་། ཁྱབ་གདལ་དྲིལ་སྒྲོག་བྱས་ཏེ་གཞི་རིམ་དམངས་ཆེན་གྱི་བྱ་བ་དང་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་དགོས། སློབ་སྦྱོང་ཅན་དང་ཞབས་ཕྱི་ཅན། གསར་སྐྲུན་ཅན། ཕན་འབྲས་ཅན་བཅས་ཀྱི་ལས་ཁུངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ལས་བྱེད་གསོ་སྐྱོང་བརྗེ་རེས་ཀྱི་ནུས་ཤུགས་ཆེ་རུ་བཏང་ནས། ལས་བྱེད་ཀྱི་ལས་སྒྲུབ་ལས་བཏོད་དང་འབད་བརྩོན་ཡར་བསྐྱེད་ཀྱི་སྤྲོ་སེམས་དང་གསོན་ཤུགས་སློང་དགོས།

འཐུས་མི་རྣམ་པ། དུས་རབས་གསར་བས་སྒུལ་ཤུགས་གསར་བ་སྦྱིན་ལ། དམིགས་འབེན་གསར་བར་ལས་སྟངས་གསར་བ་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་ནས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུའི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་འོག་ཏུ། བློ་དཀར་འགན་སྒྲུབ་དང་བྱ་བ་ཏན་ཏིག་གིས་བསྒྲུབ་སྟེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་དང་ཧུར་ཐག་གིས་མཚོ་སྔོན་གྱི་འཛུགས་སྐྲུན་ལ་རྣམ་པ་གསར་བ་བསྐྲུན་པར་དམངས་ཆེན་གྱི་སྟོབས་ཤུགས་འབུལ་དགོས་ལ། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར70ལོན་པར་བསུ་མ་བྱེད་དགོས།