དམངས་སྲིད་སྡེ་ཁག་གིས་ཡུལ་ཤུལ་གནོད་ཐེབས་ས་ཁུལ་གྱི་དཀའ་ཁག་ཆེ་བའི་མང་ཚོགས་ལ་ཁ་གསབ་རོགས་དངུལ་སྒོར་ཁྲི9119གནང་བ།

དགུན་དཔྱིད་འདྲེས་མཚམས་ཀྱི་གྲང་ངར་ཆེ་བའི་གནམ་གཤིས་དང་ཁ་བ་མུ་མཐུད་དུ་བབས་པའི་ཤུགས་རྐྱེན་གྱིས་རང་ཞིང་གི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་གཅིག་དང་རྫོང་ལྔ་ལྷག་ལ་གནོད་འཚེ་ཐེབས་པའི་ཤུགས་རྐྱེན་དང་ཚད་གཞི་གཏན་ནས་མི་འདྲ་བ་རེད། 2018ལོའི་ཟླ12པའི་ཟླ་མཇུག་ལ་ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་ནོར་སྲིད་ཐིན་ལ་གྲོས་སྡུར་བྱས་པ་བརྒྱུད་ཡུལ་ཤུལ་ཁུལ་གྱི2019ལོར་དཀའ་ཁག་ཆེ་བའི་མང་ཚོགས་ལ་རོགས་སྒྲུབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར3.39གནང་བ་རེད། དེ་ལྟར2019ལོའི་ཟླ2ཚེས21ཉིན། ཡུལ་ཤུལ་ཁུལ་དམངས་སྲིད་སྡེ་ཁག་གིས་དཀའ་ཁག་ཆེ་བའི་མང་ཚོགས་དག་ལ་རོགས་སྒྲུབ་ཁ་གསབ་མ་དངུལ་སྒོར་ཁྲི9119གནང་ཞིང་། གནོད་འཚེ་མྱངས་བཞིན་པའི་དཀའ་ཁག་ཅན་གྱི་མང་ཚོགས་ཁྲི8.8ལ་ཕན་བདེ་བསྐྲུན་ནས་གནོད་ཁུལ་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་འཚོ་བར་འགན་ནུས་ངེས་ཅན་ཞིག་ཐོན་ཡོད། དེ་དང་ཆབས་ཅིག་ཡུལ་ཤུལ་ཁུལ་དམངས་སྲིད་སྡེ་ཁག་གིས་གནོད་ཐེབས་རོགས་སྒྲུབ་ཆེད་སྤྱོད་མ་དངུལ་སྒོར་ཁྲི990ལག་བསྟར་དངོས་འབེབས་བྱས་ཤིང་། རིན་ཐང་སྒོར་ཁྲི838ཡོད་པའི་རོགས་སྐྱོར་དངོས་ཟོག་ཡང་གནང་བ་རེད། ད་ལྟ་གནོད་ཐེབས་ས་ཁུལ་གྱི་སྤྱི་ཚོགས་བརྟན་འཇགས་དང་གནོད་ཐེབས་མི་དམངས་ཀྱི་འཚོ་བ་ལ་ཡང་གོ་རིམ་ལྡན་པ་རེད།

གནོད་འཚེ་དོན་རྐྱེན་བྱུང་རྗེས་ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གནོད་འཚེ་སྔོན་འགོག་དང་གནོད་སེལ་རྒུད་སྐྱོབ་བྱ་བའི་ཐད་ཀྱི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་རབ་དང་རིམ་པ་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ཤིང་། དུས་ལྟར་ཆེད་དོན་གྲོས་ཚོགས་བསྡུས་ཏེ་བྱ་བའི་ཇུས་གཞི་ལ་ཞིབ་འཇུག་གཏན་ཁེལ་གསལ་པོ་བྱས། དེའི་མི་ཚད་ཆེད་དོན་བྱ་བའི་ཚོ་ཆུང་མར་མངགས་ནས་གནོད་ཁུལ་གྱི་རིམ་པ་དང་པོའི་གནོད་ཐེབས་གནས་ཚུལ་ལ་རྩད་གཅོད་དང་རྒྱུས་ལོན་གསལ་པོ་བྱས་ཏེ། ཁྱོན་ཡོངས་ནས་གཞི་རིམ་དམངས་སྲིད་སྡེ་ཁག་གི་སྐབས་བསྟུན་མྱུར་སྐྱོབས་དང་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་གསལ་པོ་བྱས། ཁུལ་དང་རྫོང་། ཤང་བཅས་ཀྱི་གནོད་ཐེབས་མྱུར་སྐྱོབས་དངོས་རྫས་གསོག་འཇོག་མར་སྟེར་བ་དང་གནོད་འཚེ་རྗེས་ཀྱི་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་ཐད་ཀྱི་བྱ་བར་འགན་སྲུང་ཐེབས་ཡོད། དེ་དང་ཆབས་ཅིག་གནོད་ཁུལ་རིམ་པ་སོ་སོའི་འགོ་ཁྲིད་དང་གནོད་ཐེབས་མང་ཚོགས་ཀྱིས་གནོད་འཚེ་བྱ་བའི་གནས་ཚུལ་ལ་དབྱེ་ཞིབ་ཞིབ་འཇུག་དཔྱད་སྡུར་དང་བསམ་འཆར་ཡང་བཏོན་པ་རེད།

རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། ཞིང་ཆེན་དམངས་སྲིད་ཐིན་གྱིས་མུ་མཐུད་དུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་གནོད་ཁུལ་གནོད་འཚེ་ཡི་བབ་བསྟུན་བྱ་བའི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་དུ་སྤེལ་ནས། གནོད་ཐེབས་ཀྱི་གནས་ཚུལ་ལ་ལྟ་རྟོག་ནན་མོ་དང་སྔ་མོ་ནས་ཇུས་འདོན་པ། བཀོད་སྒྲིག་བྱེད་པ། བྱ་བའི་ཤུགས་ཚད་ཆེས་ཆེར་གཏོང་བ། ཞིང་ཆེན་རིམ་པའི་སྐབས་བསྟུན་བདག་དོམ་ཐིན་ལ་འབྲེལ་འདྲིས་བྱེད་པར་ཤུགས་སྣོན་པ། མུ་མཐུད་དུ་ནུས་ཤུགས་གང་ཡོད་ཀྱིས་བྱ་བའི་སྟོབས་ཤུགས་གཞི་གཅིག་ཏུ་བསྡུས་སྟེ། གནོད་ཁུལ་དུས་སྐབས་ཀྱི་རྒུད་སྐྱོབས་དང་གནོད་སེལ། མྱུར་སྐྱོབས་བཅས་ཀྱིས་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་ཐད་ཀྱི་བྱ་བ་སོ་སོར་འགན་སྲུང་གང་ལེགས་བྱས་ཏེ། གནོད་སེལ་རྒུད་སྐྱོབས་ཀྱིས་གྱོང་གུད་ཀྱི་ཚད་གཞི་དེ་ཆེས་དམའ་བའི་ཚད་གཞི་ལ་སླེབས་པར་འགན་བཅོལ་བྱས་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།