རང་ཞིང་གིས་མཚོ་སྔོན་ཞིང་ལས་ཐོན་རྫས་ཁུལ་ཡོངས་ཀྱིས་བཀོལ་བའི་ཚོང་རྟགས16ཁྱབ་སྒྲོག་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་སྔོན་ཁུལ་དང་གྲོང་ཁྱེར་སོ་སོས་འོས་སྦྱོར་སྙན་ཞུ་བརྒྱུད། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ཆེད་མཁས་པ་རྩ་འཛུགས་སྒོས་དཔྱད་གླེང་ཞིབ་སྡུར་བྱས་ཏེ་ཞིང་ཆེན་སྲིད་གཞུང་ལ་སྙན་ཞུ་ཞུས་པར་ཆོག་མཆན་ཐོབ་པས། རང་ཞིང་གི་ཞིང་ལས་ཐོན་རྫས16མངའ་ཁོངས་ཀྱི་སྤྱི་སྤྱོད་ཚོང་རྟགས་སུ་ཁྱབ་བསྒྲགས་བྱས་པ་དང་། དེས་རང་ཞིང་གི་ཞིང་ཕྱུགས་ལས་རིགས་ཀྱི་ཁྱད་ལྡན་ཐོན་ཁུངས་དང་གནས་བབ་ལེགས་པོ། ཐོན་ལས་ཀྱི་ལེགས་ཆ། ཞིང་ལས་རིག་གནས་སོགས་མཚོན་ཡོད།

མཚོ་སྔོན་གྱི་ཞིང་ལས་ཐོན་རྫས16གི་མངའ་ཁོངས་སྤྱི་སྤྱོད་ཚོང་རྟགས་དེ་དག་སོ་སོ་ནི་རྟ་ཐང་གི་ནོར་གནག་དང་སྐུ་འབུམ་གྱི་ཡུག་པོ། ཧོར་གྲོང་གི་ཕག་རྒོད། ལུང་མདོའི་སྒོག་དམར། གསེར་ཆེན་གྱི་ནས། ལུང་གཡང་འགག་གི་སན་ཝུན་ཉ་མོ། རྒྱ་མདོ་རྫོང་གི་ཀེ་ཚེ། མདོ་ལའི་བོད་ལུག ཚྭ་འདམ་གཞོང་གི་འཕང་འབྲས། དབུས་ལམ་ཚྭ་ཁའི་ལུག སུའུ་ཧུའུ་ཡི་ལུག་ཨོ་ལ། རེབ་གོང་གི་ཆང་བ་ལི་སེར་པོ། གཅིག་སྒྲིལ་གྱི་ནོར་གནག རྨ་སྟོད་ཀྱི་བོད་ལུག ཡུལ་ཤུལ་གྱི་ནོར་གནག ཡུལ་ཤུལ་གྱི་ནས་ནག་བཅས་རེད།

ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། མཚོ་སྔོན་ཞིང་ལས་ཐོན་རྫས་ཀྱི་ཁྱབ་ཁོངས་སྤྱི་སྤྱོད་ཚོང་རྟགས་ཁྱབ་བསྒྲགས་ནི”སྔོན་འགྲོ་མཐོ་བ་གཅིག་དང་མཐོ་བ་གཉིས”ཀྱི་འཕེལ་རྒྱས་འཐབ་ཇུས་ལག་ལེན་མཐར་ཕྱིན་དུ་སྤེལ་བ་ཡིན་ལ། དཔེར་མཚོན་ཚོང་རྟགས་འདོན་སྤེལ་ལ་སྣེ་ཁྲིད་བྱེད་པའི་ནུས་པ་ལྡན། མཚོ་སྔོན་རྟགས་ཅན་གྱི་ཞིང་ལས་ཐོན་རྫས་མངའ་ཁོངས་སྤྱི་སྤྱོད་ཚོང་རྟགས་གསར་སྐྲུན་བྱས་ཏེ། ལྗང་མདོག་གི་ཞིང་ལས་དར་རྒྱས་སུ་གཏོང་བ་མངོན་འགྱུར་དང་རྒྱུ་སྤུས་ལེགས་པོ་ལྡན་པའི་ཞིང་ལས་སྟོབས་ལྡན་དུ་གཏོང་བའི་བྱེ་བྲག་གི་བྱེད་ཐབས་གལ་ཆེན་ཞིག་ཡིན། དེའི་མི་ཚད་རང་ཞིང་གི་ཞིང་ལས་ཐོན་རྫས་ཀྱི་ཚོང་རྟགས་གསར་སྐྲུན་ལོ་རྒྱུས་སྟེང་གི་དོན་ཆེན་ཞིག་ཀྱང་ཡིན་ངེས། གལ་ཏེ་ཕྱིར་འཁྱེར་རན་ཡོད་པ་དང་མཚན་སྙན་ངེས་ཅན་ལྡན་པའི་གསེར་མདོག་གི་ཚོང་རྟགས་འདི་དག་ལ་གསབ་སྦྱོང་དང་ལེགས་པོར་སྒྲུབ་པ་ན། ད་བཟོད་རང་ཞིང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་དེ་ཞིང་ཆེན་ལས་ཕྱིར་འབུད་ཐུབ་ལ། རྒྱལ་ཁབ་ཀྱི་སྒོ་ཆེན་བརྒྱུད་དེ་ཕྱི་རྒྱལ་དུ་ཡང་འགྲོ་ཐུབ། དེའི་མི་ཚད་ཕུལ་བྱུང་གི་རིན་ཐང་མངོན་འགྱུར་བྱེད་ཐུབ་ལ། མཚོ་སྔོན་གྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་ཤུགས་ཡང་སྔར་ལས་མཐོར་འདེགས་སུ་གཏོང་ཐུབ་ངེས།

ལོ་ཙཱ་བ། ལྷ་དཔལ་སྐྱབས།