མཚོ་སྔོན་ཞིང་ཆེན་གྱི 2018 ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང 2019 ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ།

མཚོ་སྔོན་ཞིང་ཆེན་གྱི 2018 ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང 2019 ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ།

—2019ལོའི་ཟླ1པོའི་ཚེས27ཉིན་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་།


མཚོ་སྔོན་ཞིང་ཆེན་གོང་སྤེལ་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་།

ཞིང་ཆེན་མི་དམངས་སྲིད་གཞུང་གི་མངག་བཅོལ་ལྟར། ད་ལྟ2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་གྲོས་ཞིབ་གནང་བར་ཕུལ་བ་དང་། སྲིད་གྲོས་ཨུ་ཡོན་དང་གྲོས་ཚོགས་ལ་ཟུར་ཞུགས་མཛད་པའི་བློ་མཐུན་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་ཞུ།

གཅིག 2018ལོའི་ཞིང་ཆེན་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ།

2018ལོར། རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་སྣེ་མང་རྙོག་འཛིང་ཆེ་ལ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་སྔར་བྱུང་མ་མྱོང་བའི་དཀའ་ཁག་དང་འཕྲད་ཅིང་། ཞིང་ཆེན་ཏང་ཨུའི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་འོག་དང་། ཞིང་ཆེན་དམངས་ཆེན་དང་ཞིང་ཆེན་སྲིད་གྲོས་ཀྱི་ལྟ་སྐུལ་དང་རྒྱབ་སྐྱོར་འོག ཞིང་ཆེན་གྱི་གོང་འོག་བར་གསུམ་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཤིང་། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བའི་བཀོད་སྒྲིག་ལྟར།“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དངོས་འབེབས་བྱས་པ་དང་། འཕེལ་རྒྱས་གསར་པའི་འདུ་ཤེས་བརྟན་པོ་ཆགས་པར་བྱས་ཤིང་། བརྟན་པོའི་ངང་ཡར་རྒྱས་བརྩོན་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་ནི་གཙོ་གནད་དུ་བཟུང་ནས། “འཐབ་ཇུས་བཞི་ཅན་ལྔ”ལག་བསྟར་གཏིང་ཟབ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་ཤུགས་ཆེན་པོས་སྐུལ་སྤེལ་བྱས་ཤིང་། འཕར་སྣོན་བརྟན་པོ་ཡིན་པ་དང་། བཅོས་སྒྱུར་ལ་སྐུལ་འདེད། སྒྲིག་གཞི་ལེགས་སྒྲིག དམངས་ཚིས་ལ་ཕན་ཁེ་སྐྲུན་པ། ཉེན་ཁ་སྔོན་འགོག་བྱེད་པ་བཅས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་གཏན་འཁེལ་བྱས་པའི་དམིགས་འབེན་དང་ལས་འགན་དག་ཅུང་ལེགས་པོས་ཡོངས་འགྲུབ་བྱས་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྤྱིའི་ཆ་ནས་བརྟན་འཇགས་ཡིན་པ་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཡོད་ལ། སྒྲིག་གཞི་ལེགས་འགྱུར་དང་རྗེས་ཤུགས་ཇེ་དྲག སྤུས་ཀ་མཐོར་འདེགས་དང་དམངས་ཚིས་ལེགས་བཅོས་བཅས་ཀྱི་རྣམ་པ་བཟང་བོ་མངོན་ཞིང་། མཚོ་སྔོན་སྤུས་ཀ་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་ཡོད།

-----དཔལ་འབྱོར་འཁོར་རྒྱུག་སྤྱིའི་ཆ་ནས་བརྟན་འཇགས་ཡིན། ལོ་ཧྲིལ་བོའི་ས་ཁུལ་གྱི་ཐོན་སྐྱེད་སྤྱི་གོང་སྒོར་དུང་ཕྱུར2865.2མངོན་འགྱུར་བྱས་ཤིང7.2%འཕར་བ་དང་། ཞིང་ཕྱུགས་ལས་ཀྱི་ཐོན་འབབ་བཟང་བ་དང་། ཐོན་ལས་དང་པོ4.5%འཕར་ཞིང་། འབྲུ་སྣུམ་ཐོན་ཚད་བརྟན་འཇགས་ཡིན་ལ། སྔོ་ཚལ་དང་ཤའི་རིགས་ཀྱི་ཐོན་ཚད་ཅུང་འཕར་ཡོད་པ་དང་། ཆུ་འཁྱགས་ཉ་བརྟན་པོའི་ངང་འཕར་ཡོད། བཟོ་ལས་ནི་གཞི་རྩའི་ཆ་ནས་བརྟན་འཇགས་ཡིན་ལ། གཞི་ཁྱོན་ལྡན་པ་ཡན་གྱི་བཟོ་ལས8.6%འཕར་བ་དང་། ལས་རིགས་ཆེ་བ33ཡི་ཁྲོད་དུ་ལས་རིགས21ཡིས་འཕར་སྣོན་རྒྱུན་འཁྱོངས་བྱས་ཡོད་ལ། བཟོ་ལས་གློག་བཀོལ་ཚད་དང་ཟོང་སྐྱེལ་གྱི་ཚད་སོ་སོར7.1%དང5.4%འཕར་ཡོད། ཞབས་ཕྱི་ལས་རིགས6.9%འཕར་ཞིང་དེས་བསྡུར་ཚད47.1%ཟིན་ཡོད། ཡུལ་སྐོར་མི་གྲངས་དང་སྤྱིའི་ཡོང་སྒོ20%འཕར་བ་དང་། གློག་འཕྲིན་ལས་སྒོའི་ཚད་ལྡབ1.6འཕར་ཡོད། ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ10.8%འཕར་བ་དང་། གཞི་ཁྱོན་ལྡན་པ་ཡན་གྱི་ཁེ་ལས་ཀྱི་ཁེ་སྤོགས18.7%འཕར། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམ་སྤྱོད་འཐུས་ཡོང་སྒོའི་འཕར་ཚད9.2%ཡིན། ནོར་སྲིད་དངུལ་རྩའི་འདེགས་སྐྱོར་ནུས་པ་མངོན་པར་གསལ་ཞིང་། སྤྱི་པའི་ནོར་སྲིད་ཀྱི་འགྲོ་སོང་སྒོར་དུང་ཕྱུར1647.5ཡིན་ལ། གཙོ་གནད་ལས་གཞི་དང་ལས་འགན་གལ་ཆེན་གྱི་མ་དངུལ་གྱི་དགོས་མཁོར་ནུས་ལྡན་སྒོས་འགན་སྲུང་བྱས་པ་དང་། དངུལ་རྩའི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འགག་གཏོར་འཐབ་འཛིང་གི་ལོ་གསུམ་གྱི་བྱ་བའི་ཇུས་གཞི་དཔར་འགྲེམ་བྱས་ཤིང་། མཐུན་སྦྱོར་བསྲེས་དངུལ་སྒོར་དུང་ཕྱུར160ལྷག་གིས་གནད་སའི་ཁེ་ལས་ཀྱི་བུ་ལོན་གྱི་འཛིན་བསྟན་དངུལ་སྤྲོད་ཀྱི་ཉེན་ཁ་ཐག་གཅོད་བྱས། དངུལ་རྩའི་ལས་ཁུངས་ཀྱི་མི་དམངས་དངུལ་སྒོར་གྱི་དངུལ་བུན་ལྷག་ཚད་སྒོར་དུང་ཕྱུར6582.4ཡན་ཡིན་ལ། བཟོ་ལས་དངུལ་བུན་དང་། ཁེ་ལས་ཕྲ་ཆུང་གི་དབུལ་བུན་བརྟན་འཇགས་ངང་འཕར་ཞིང་། ལྗང་མདོག་དངུལ་རྩའི་བུན་འཛིན་ཐོག་མ་བདེ་བླག་ངང་འགྲེམ་སྤེལ་བྱས་པ་དང་། ནུས་འདུས་ཐའེ་ལས་ནི“པང་གསུམ་གསར་པའི”སྟེང་བསྐྱོད་པ་དང་། རིན་གོང་འཁོར་རྒྱུག་བརྟན་འཇགས་ཡིན་ལ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད2.5%ནང་ཚོད་འཛིན་བྱས་ཡོད།

-----འདོན་སྤྲོད་སྒྲིག་གཞི་བསྟུད་མར་ལེགས་སྒྲིག་བྱས། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་དང་སྒྲིག་ཆས་ཀྱི་བཟོ་སྐྲུན་ལས་རིགས་སོ་སོར35.5%དང21.2%འཕར་ཞིང་། པི་ཡ་ཏི་ལིས་ལྡན་གློག་གཡིས་སྐབས་དང་པོ་དང་མཚོ་སྔོན་ཟངས་ལས་ཀྱི་ལྡོག་སྣེའི་ཟངས་ཏུན་ཁྲི10སོགས་གཙོ་གནད་ལས་གཞི་ལེགས་པར་གྲུབ་སྟེ་ཐོན་སྐྱེད་བྱེད་མགོ་ཚུགས་པ་དང་། རྒྱལ་ཁབ་གློག་དྲ་ཡིས་མ་དངུལ་གཏོང་བའིNརིགས་གློག་གཡིས་དང་ཆེས་མཛེས་སོལ་ལས་ཀྱི་མཇུག་རླངས་ཀྱིས་ཞིས་ཐིན་བཟོ་བ་སོགས་གནད་སའི་ལས་གཞི132ལ་མགྱོགས་མྱུར་གྱིས་སྐུལ་སྤེལ་བྱས་ཤིང་། ལིས་ལྡན་སྒུལ་ཤུགས་གློག་གཡིས་དང་ལྕགས་རིགས་བསྲེས་ལྕགས། འོད་གློག རྫས་འགྱུར་བཟོ་ལས་གསར་གྲས། འོད་ཝོལ་བཟོ་སྐྲུན། གློག་རྡུལ་ཆ་འཕྲིན་བཅས་དུམ་ཁག་ཆེན་པོ་ལྔ་གཙོ་བོ་ཡིན་པའི་རྒྱུ་ཆ་གསར་པའི་ཐོན་ལས་མ་ལག་ཐོག་མའི་ཆ་ནས་གྲུབ་ཡོད། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་འཆར་འགོད་ལ་ཆོག་མཆན་ཐོབ་པ་དང་། རྒྱལ་ནང་གི་ཁེར་ཕུང་གསོག་ནུས་ཆེས་ཆེ་བའི་གློག་ཚིགས་ཐོག་མ་དྲ་བར་སྦྲེལ་ནས་འཁོར་སྐྱོད་བྱས། ནུས་ཁུངས་གསར་པའི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་སྟོང་ཝ་ཁྲི1200བརྒལ་བ་དང་། ནུས་ཁུངས་གསར་པའི་གློག་འདོན་ཚད50.9%འཕར། མཚོ་སྔོན་གྱི་གློག་ཅང་སུའུ་དང་ཧུའུ་པེར་སྐྱེལ་བའི་གན་རྒྱར་མིང་རྟགས་བཀོད་ཅིང་། “གཙང་གློག་ཉིན9”ཡི་ནུས་ཁུངས་གཙང་མས་བསྟུད་མར་གློག་འདོན་ཚད་ཀྱིས་ཡང་བསྐྱར་འཛམ་གླིང་གི་ཟིན་ཐོ་བསྐྲུན། ཚན་རྩལ་གསར་གཏོད་བྱེད་པར་མུ་མཐུད་དུ་ཤུགས་བསྣན་པ་དང་། གནད་སའི་ཚོད་ལྟ་ཁང3གསར་དུ་འཕར་ཞིང་། ཚན་རྩལ་གྲུབ་འབྲས་རྣམ་གྲངས518ཐོ་འགོད་བྱས། ཆེད་ཁེ་ལ་རེ་ཞུ་ཕུལ་ཚད43.7%འཕར་བ་དང་། ཚན་རྩལ་རིགས་ཀྱི་ཁེ་ལས415ལ་སླེབས་ཤིང་། དཔེ་གཞི་རྐྱང་བའི་འོད་རྒྱུས་ཀྱི་སྔོན་བཟོས་ཤེལ་དབྱུག་སོགས་གནད་འགག་གི་ལག་རྩལ་སྐོར་ཞིག་ལ་འཕེལ་རྒྱས་གསར་པ་བྱུང་། ཚྭ་མཚེའུ་ཁིལ་འགྱུར་ལིས་ཀྱི་བཞུས་ཚྭ་གློག་འབྱེད་ཐབས་ཀྱིས་ལྕགས་རིགས་ལིས་ལེན་པའི་ཐོན་སྐྱེད་སྒྲུབ་རིམ་ཁོང་དུ་ཆུད་ཅིང་། གཏེར་ལེན་ཁའི་ཉི་དྲོད་གློག་འདོན་ལས་གཞིས་རང་རྒྱལ་གྱི་གཞི་ཁྱོན་ཆེ་བའི་གསེག་དབྱིབས་ཉི་དྲོད་གློག་འདོན་ལག་རྩལ་གྱི་སྟོང་ཆ་བསྐངས་ཡོད། ཞབས་ཕྱི་ལས་རིགས་ཀྱི་རིགས་སྒྱུར་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། ལུས་རྩལ་དང་བདེ་ཐང་། རྒན་གསོ། ཆ་འཕྲིན་སོགས་ཐོན་ལས་བརྟན་པོའི་ངང་འཕར། ཞིང་ཕྱུགས་ལས་ནི་ཐོན་སྤེལ་ནས་སྤུས་ཀ་མཐོ་བའི་ཕྱོགས་སུ་བསྒྱུར་བ་དང་། སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་དང་འཕང་འབྲས། ནོར་གནག སན་ཝིན་ཉ་བཅས་ཐོན་ལས་མནའ་འབྲེལ་བཙུགས་ཤིང་། ཆེད་ལས་མཉམ་འབྲེལ་ཁང་ནི་སྲིད་འཛིན་སྡེ་བ་ཡོངས་ལ་ཁེབས་པ་མངོན་འགྱུར་བྱུང་། སྐབས་དང་པོའི་ཞིང་པའི་ལོ་ལེགས་དུས་ཆེན་ལེགས་སྒྲུབ་བྱས་པ་དང་། མིན་ཡོན་དང་ཧུའུ་ཀྲུའུ་སོགས་རྫོང6ནི་རྒྱལ་ཡོངས་ཀྱི་ཞིང་ལས་ལོ་ཏོག་གཙོ་བོའི་ཐོན་སྐྱེད་གོ་རིམ་འཕྲུལ་ཆས་ཅན་དུ་འགྱུར་བ་གཞི་རྩའི་སྟེང་མངོན་འགྱུར་བྱུང་བའི་དཔེ་སྟོན་རྫོང་དུ་གཏན་འཁེལ་བྱས། ཞིང་ཕྱུགས་ཐོན་ལས་ལས་སྣོན་གཞན་སྒྱུར་གྱི་ཚད56%ལ་སླེབས་ཤིང་། མཐོ་སྒང་དང་ལྗང་མདོག སྐྱེ་ལྡན། སེལ་མོད་པ་སོགས་ཟོང་རྟགས་ཀྱི་ཕན་ནུས་མངོན་པར་གསལ་ཞིང་། “ཚོང་རྫས་གསུམ་དང་མཚོན་རྟགས་གཅིག”གི་ཐོན་རྫས་རིགས880ལ་སླེབས་ཡོད།

-----དངུལ་གཏོང་དང་འཛད་སྤྱོད་ལ་མཉམ་དུ་སྐུལ་ཁྲིད་བྱས། ཟླ་རེ་བཞིན་དངུལ་གཏོང་ལས་འགན་དབྱེ་ཕྲལ་རྩད་འདེད་བྱས་ཏེ། གཅིག་བསྡུས་ཀྱིས་ལྟ་སྐུལ་དང་དམིགས་བཙུགས་སྒོས་སྲིད་ཇུས་ལག་བསྟར་བྱས། གནད་སའི་ལས་གཞི་འགག་གཏོར་བྱེད་པ་ཇེ་མགྱོགས་སུ་གཏོང་བའི་འགུལ་སྐྱོད་དང“ལས་གཞི་གྲུབ་པའི་ལོའི”བྱ་འགུལ་གཏིང་ཟབ་སྒོས་ལག་བསྟར་བྱས་པ་དང་། “སྒོར་དུང་ཕྱུར་ཁྲི་ཅན་གྱི་ལས་གཞི་བརྒྱ”ཡི་ལས་གྲྭ་གལ་ཆེན་ཇུས་འགོད་དང་གསོག་འཇོག་བྱས། དམངས་ཁྲོད་ཀྱི་དངུལ་གཏོང་ལ་སྔར་བས་གསོན་ཤུགས་རྒྱས་སུ་བཅུག་ནས་དཔལ་འབྱོར་རྒྱུན་མཐུད་བདེ་ཐང་ངང་གོང་སྤེལ་གཏོང་བར་སྐུལ་སྤེལ་གཏོང་བའི་ལག་བསྟར་ཇུས་གཞི་དངོས་སུ་བཏོན་པ་དང་། གཏན་འཇགས་རྒྱུ་ནོར་ཀྱི་དངུལ་གཏོང་ཚད7.3%འཕར། ན་གོར་མོ་ནས་ཏུན་ཧོང་བར་གྱི་ལྕགས་ལམ་དང་མཚོ་བོད་ལྕགས་ལམ་ལས་ན་གོར་མོ་ནས་ལྷ་ས་བར་གྱི་ནུས་བསྐྱེད་བསྒྱུར་བཀོད་ཀྱི་གཙོ་གཞིའི་ལས་གྲྭ་ལེགས་པར་གྲུབ་ཅིང་། ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་གྱི་དུས་མགོའི་བྱ་བར་གོང་འཕེལ་ཆེན་པོ་ཕྱིན་པ་དང་། གཙན་ཚ་ནས་གུང་ཧོ་དང་། སྤེན་མདོ་ཉག་ག་ནས་མིན་ཡོན་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་གཞུང་ལམ་སྐོར་ཞིག་ལས་མགོ་བརྩམས། དར་ལག་ནས་པདྨ་བར་གྱི་གཞུང་ལམ་དང་། ཟི་ལིང་ནས་སྐུ་འབུམ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་བསྐྱར་བཟོ་རྒྱས་སྐྲུན་དང་ཟི་ལིང་གྲོང་སྐོར་གཞུང་ལམ་གྱི་ཏ་ཐུང་དང་སྟོང་སྐོར། ཕིན་ཨན་བཅས་ཀྱི་དུམ་མཚམས། ཟི་ལིང་ཁྱུང་རིའི་མྱུར་ལམ་སོགས་གཞུང་ལམ་སྐོར་ཞིག་ལེགས་པར་གྲུབ་ཅིང་། “ཤར་གཏོང་ཟི་ལིང”ལོ་གསུམ་འགག་གཏོར་འགུལ་སྐྱོད་འཆར་གཞི་ཡོངས་འགྲུབ་བྱས། བསྐྱར་སྐྲུན་དང་གསར་དུ་བསྐྲུན་པའི་ཞིང་སྡེའི་གཞུང་ལམ་སྤྱི་ལེ6871དང་དམངས་བདེ་ཟམ་པ204ཡོད་ལ། ཞིང་སྡེའི་གཞུང་ལམ་གྱི་ཤར་གཏོང་གི་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་ཕྱིན། ཁྲི་ཀའི་སྤྱི་སྤྱོད་གནམ་གྲུ་ཐང་ལས་མགོ་བརྩམས་པ་དང་མདོ་ལའི་གནམ་གྲུ་ཐང་དངོས་སུ་འཁོར་སྐྱོད་བྱས། འཛམ་གླིང་སྟེང་གི་ནུས་ཁུངས་གཙང་མའི་མཐོ་གནོན་ལམ་ཆེན་ལས་མཚོ་སྔོན་ནས་ཧི་ནན་བར་གྱི་མཐོ་གནོན་ཐད་རྒྱུག་ལས་གྲྭ་ལས་མགོ་བརྩམས་པ་དང་། མཚོ་ནུབ་དང་མཚོ་ལྷོའི“སྟོང་ཝ་བྱེ་བ་རིམ་པའི”བསྐྱར་སྐྱེ་ནུས་ཁུངས་རྟེན་གཞི་གཉིས་ཀྱི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། མཚོ་ནུབ་ནས་མཚོ་སྔོན་གྱི་སྟོང་ཝ750ཡི་གློག་སྐྱེལ་རྒྱུ་ལམ་གཙོ་བོའི་ནུས་པ་མཐོར་འདེགས་ལས་གྲྭ་ལེགས་པར་གྲུབ་ཅིང་། མཚོ་ལྷོའི་སྟོང་ཝ750ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་ལས་མགོ་བརྩམས། “རྨ་ཆུ་ཟི་ལིང་དུ་འདྲེན་པ”ནི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་གནད་སའི་ལས་གྲྭའི་ནང་བཞག་པ་དང་། འཇུ་ལག་ཆུ་ཙོང་ཆུར་འདྲེན་པའི་མ་ཡུར་ནུབ་མ། ཙོང་ཆུའི་མ་ཡུར་བྱང་མའི་ལས་གྲྭ་སྐབས་གཉིས་པ། ཞོས་ཅི་འགག་དང་ན་ལིན་ཀེ་ལིའུ་ཆུ་བེད་ལྟེ་གནས་སོགས་ལས་གྲྭ་གལ་ཆེན་གྱི་འཛུགས་སྐྲུན་མྱུར་ཚད་ཇེ་མགྱོགས་སུ་བཏང་ལ། བཏུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་འདེགས་དང་ཆུ་བོ་ཆུང་འབྲིང་གི་བཅོས་སྐྱོང་སོགས་དམངས་ཚིས་ཆུ་བེད་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱས་ཤིང་། རྨ་ཆུའི་གཞུང་རྒྱུན་གྱི་ཆུ་ལོག་སྔོན་འགོག་ལས་གྲྭ་དང་རྨ་ཆུའི་འགྲམ་རྒྱུད་ཆུ་མཛོད་ཆེན་པོ་བཞིའི་ཞིང་ཆུ་གཏོང་ཡུལ་གྱི་གཙོ་གཞིའི་ལས་གྲྭ་གཞི་རྩའི་སྟེང་ཡོངས་སུ་གྲུབ། འཛད་སྤྱོད་ཀྱི་རྨང་གཞིའི་བྱེད་ནུས་འདོན་སྤེལ་ལ་གཙིགས་ཆེན་བྱས་ཏེ། ཆ་འཕྲིན་འཛད་སྤྱོད་རིམ་པ་སྤར་བ་དང་རྒྱ་བསྐྱེད་པ། མཁོ་སྤྲོད་སྦྲེལ་ཐག་གསར་གཏོད་བྱེད་པར་སྐུལ་སྤེལ་བྱེད་པ་སོགས་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་པ་དང་། འཛད་སྤྱོད་རིམ་སྤར་འགུལ་སྐྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ཤིང་། ཤང་ཀང་དུ“མཚོ་སྔོན་ཚོང་འདུས་ཁྲོམ་ཆེན”སྤེལ་བ་དང་། ཅིན་ཏུང·མཚོ་སྔོན་དབུལ་སྐྱོར་ཁང་སོགས་ཞིང་ཆེན་རིམ་པའི་གློག་ཚོང་ལས་སྟེགས་བཙུགས། ཟི་ལིང་ནས་ནན་ཅིན་བར་གྱི་འཁྱགས་སྦྲེལ་དཔེ་སྟོན་ལམ་ཐིག་ཤར་གཏོང་བྱས་ཤིང་། འཛད་སྤྱོད་ལས་རྣམ་སྣ་མང་ཞིང་མཁོ་སྤྲོད་ཕུན་སུམ་ཚོགས་ལ། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་ཀྱི་སིལ་འཚོང་བསྡོམས་འབོར6.7%དང་། གློག་ཚོང་བསྡོམས་འབོར24.2%། དྲ་རྒྱའི་སིལ་འཚོང་བསྡོམས་འབོར26.9%བཅས་འཕར།

-----ལྗང་མདོག་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པར་གསལ། ཀྲུང་དབྱང་ཁོར་སྲུང་ལྟ་ཞིབ་གནད་དོན་དག་ཐེར་ལེགས་བཅོས་བྱ་བར་ཏན་ཏིག་གིས་སྐུལ་སྤེལ་བྱས་ཏེ། དག་ཐེར་ལེགས་བཅོས་བྱ་དགོས་པ52ཡོད་པ་ལས24ཡོངས་འགྲུབ་བྱས། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་པའི་སྤྱིའི་ཇུས་གཞི་གཏན་འཁེལ་བྱས་ཤིང་། གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་ལག་བསྟར་བྱས་པ་དང་། ཀྲུང་གོ་ཚན་རིག་གླིང་དང་མཉམ་འབྲེལ་སྒོས་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ཁང་བཙུགས་ལ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ལ་དངོས་སུ་སྒོ་བྱང་བཀལ། ཆུ(མཚེའུ)བདག་ལམ་ལུགས་ཀྱི་བཅོས་སྒྱུར་ལས་འགན་དུས་བཅད་ལས་ལོ་གཅིག་གི་སྔོན་ལ་ཡོངས་འགྲུབ་བྱས་པ་དང་། རིམ་པ་ལྔ་ཡི་ཆུ(མཚེའུ)བདག་ལམ་ལུགས་ཀྱི་མ་ལག་ཕྱོགས་ཡོངས་ནས་བཙུགས། སྐྱེ་ཁམས་དམར་ཐིག་དབྱེ་འབྱེད་གཏན་འབེབས་ཇུས་གཞི་ལ་རྒྱལ་ཁབ་ཀྱི་ལག་རྩལ་ཞིབ་འབེབས་ཁྲོད་ཁས་ལེན་ཐོབ་ཅིང་། རྫོང་རིམ་པའི་ས་ཞིང་བཀོལ་སྤྱོད་ཀྱི་སྤྱིའི་འཆར་འགོད་ཡོངས་སུ་ལེགས་སྒྲིག་བྱས་ཚར་བ་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་གཏེར་ལས་དབང་ཆ་ཚང་མ་ཐོ་ཁོངས་ནས་གསུབ། སྐྱེ་ཁམས་ཁོར་ཡུག་གུན་གསབ་ལམ་ལུགས་ཚོད་ལྟ་བྱས་པ་དང་། བཙོག་འབུད་ཆོག་འཐུས་ལམ་ལུགས་བཅོས་སྒྱུར་ལ་ཏན་ཏིག་གིས་སྐུལ་སྤེལ་བྱས། “གནམ་ས་གཞི་གཅིག་ཅན”གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་ཉེན་བརྡའི་མ་ལག་བཙུགས་པ་དང་། གཙང་གསུམ་མགོ་ཁུངས་སྐབས་གཉིས་པ་དང་མདོ་ལ་རི་བོའི་རི་ཆུ་རྩྭ་ནགས་ཞིང་དང་མཚེའུ་སླར་གསོ། རང་བྱུང་ནགས་སྲུང་སྐྱོབ། ས་ཆུ་སྲུང་འཛིན་སོགས་སྐྱེ་ཁམས་ལས་གྲྭ་གལ་ཆེན་གྱི་འཕེལ་རིམ་བཟང་ཞིང་། རྒྱལ་ཡོངས་ཀྱིས་གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ལྗང་སྒྱུར་ལ་སྐུལ་སྤེལ་བྱེད་པའི་ཡུལ་དངོས་ཚོགས་འདུ་འཚོགས་པ་དང་། ཙོང་ཆུའི་འབབ་རྒྱུད་ཀྱི་གཞི་ཁྱོན་ཅན་གྱི་ནགས་ར་འཛུགས་སྐྲུན་ཚོད་ལྟ་མགོ་བརྩམས་ཏེ། ས་མུའུ་ཁྲི406ལ་སྡོང་འཛུགས་ནགས་སྐྲུན་བྱས་ཤིང་། ནགས་ཚལ་གྱིས་ཁེབས་ཚད7.26%ལ་སླེབས་ཡོད་པ་དང་། ཆུ་ངོས་དང་བརླན་ས། ནགས་ཚལ་སྤངས་ལྗོངས་ཀྱིས་ཆུ་དང་ལྗང་སའི་བར་སྟོང་བཟུང་བའི་བསྡུར་ཚད་ནི70%བརྒལ་ཡོད། གནད་སའི་ལས་རིགས་ཀྱི་ནུས་ཆོད“སྔོན་སྐྱོད་པའི”ཆེད་དམིགས་འགུལ་སྐྱོད་མགོ་བརྩམས་ལ། སོལ་ཐབ་ཆུང་བ་ཏུན789མེད་པར་བཟོས་ཤིང་། ནུས་སྲི་སྙིགས་འཕྲིའི་ལོ་འཁོར་གྱི་དམིགས་འབེན་ཡོངས་འགྲུབ་བྱས་ཏེ། གྲོང་ཁྱེར་གཙོ་གྲས་ཀྱི་མཁའ་དབུགས་སྤུས་ཚད་ལེགས་པའི་ཚད83.4%ལ་སླེབས་ཤིང་། ཙོང་ཆུ་ཞིང་ཆེན་ལས་བརྒལ་བའི་བཅད་ཁའིIVརིགས་ཀྱི་ཆུ་གཤིས་ཕྱོགས་ཡོངས་ནས་ཚད་ཐོན་བྱུང་བ་དང་། རླུང་ཁམས་ཆེན་པོ་དང་ཆུའི་ཁོར་ཡུག་གི་སྤུས་ཚད་ཇེ་མཐོར་ཕྱིན་ཡོད།

-----འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་དྲག་ཏུ་ཕྱིན། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་སྤེལ་བཏང་ནས། ཏུན་ཁྲི69ཡི་རྡོ་སོལ་ཐོན་ནུས་སྒོ་བརྒྱབ་པ་དང་། འཕར་གནས་གསར་པ་སྐོར་ཞིག་གསོ་སྐྱོང་དང་རྒྱ་ཆེ་རུ་བཏང་ཞིང་། ཁྲལ་དངུལ་སྣ་ཚོགས་སྒོར་དུང་ཕྱུར105.3ཉུང་འཕྲི་བྱས། “གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཞིང་ཆེན་དང་། གྲོང་ཁྱེར།(ཁུལ) རྫོང་རིམ་པ་གསུམ་གྱི་སྲིད་གཞུང་སྡེ་ཁག་གི་འགན་དབང་ཞིབ་ཐོ་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས།“དྲ་ཚིགས་གཅིག་ནས་ཡོངས་སུ་སྒྲུབ་པ་དང་གནས་གཅིག་ནས་ཡོངས་སུ་སྒྲུབ་པའི”སྲིད་དོན་ཞབས་ཕྱི་སྤེལ་བ་དང་། ཞིང་ཆེན་རིམ་པའི་སྡེ་ཁག་དང་ལས་ཁུངས་ཀྱི“མྱུར་དུ་སྒྲུབ་པ། དྲ་ཐོག་ནས་སྒྲུབ་པ། ཐག་ཉེ་ནས་སྒྲུབ་པ། ཐེངས་གཅིག་ལ་སྒྲུབ་པའི”མཆན་འགོད་ཞབས་ཕྱིའི་རྣམ་གྲངས་ཀྱི་དཀར་ཆག་ཁྱབ་བསྒྲགས་བྱས་ཤིང་། ཞིང་ཆེན་སྲིད་གཞུང་སྡེ་ཁག་གི་མཆན་འགོད་རྣམ་གྲངས67%ཉུང་འཕྲི་བྱས་པ་ནི་ནུབ་བྱང་ཁུལ་དུ་ཆེས་ཉུང་ཤས་ཡིན་ལ། སྲིད་འཛིན་མ་ཡིན་པའི་ཆོག་འཐུས་མཆན་འགོད་ཚང་མ་མེད་པར་བཟོས། ཞིང་ཆེན་རིམ་པའི་སྲིད་གཞུང་སྡེ་ཁག་གི་ལས་ཁུངས་བཅོས་སྒྱུར་གཞི་རྩའི་ཆ་ནས་ཡོངས་འགྲུབ་བྱས་ཏེ། ལས་ཁུངས་སྒྲིག་འཛུགས་དང་འགན་ནུས་བཀོད་སྒྲིག་སྔར་ལས་ཇེ་ལེགས་སུ་བཏང་། བཟོ་ཚོང་ཐོ་འགོད་ཐད“དཔང་ཡིག་ཞེ་གཅིག་གཅིག་ཏུ་སྒྲིལ་བ”མངོན་འགྱུར་བྱུང་ཞིང་། ཚོང་གཉེར་ཁོར་ཡུག་བསྟུད་མར་ལེགས་བཅོས་བྱུང་བ་དང་། གཞི་ཁྱོན་ལྡན་པ་ཡན་གྱི་ཁེ་ལས44དང་ཁེ་ལས་ཕྲ་ཆུང་དང་འབྲིང་བ1010གསར་དུ་འཕར། ཞིང་ཆེན་ཁོང་གཏོགས་ཁེ་ལས་ཀྱི“3+10”ཡི་བཅོས་སྒྱུར་ཚོད་ལྟ་དང་དབང་བའི་ལམ་ལུགས་འདྲེས་མའི་ཁེ་ལས་ཀྱི་ལས་བཟོ་བའི་རྐང་འཛིན་ཚོད་ལྟ། ལམ་ལུགས་རྣམ་གསུམ་གྱི་བཅོས་སྒྱུར་ཚོད་ལྟ་བཅས་ལ་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བྱས་ནས། ཁེ་ལས་བཅོས་སྒྱུར་དཀའ་སྒྲོལ་གྱི་གྲུབ་འབྲས་མངོན་པར་གསལ། ནོར་སྲིད་ཀྱི་ཐིག་རྨང་སྔོན་རྩིས་དང་གསོག་ཉར་མ་དངུལ“ཐིག་བསྒྱུར”འགུལ་སྐྱོད་ལ་སྐུལ་སྤེལ་བཏང་ཞིང་། གནད་སའི་འགྲོ་སྒོའི་སྦྲེལ་མཐུད་རྐྱེན་སྲོལ་ལ་གཙང་བཤེར་དང་ཚད་ལྡན་དུ་བཏང་། སྤྱི་ཕན་དངུལ་རྩའི་ཕྱོགས་བསྡུས་དཔེ་སྟོན་ཁུལ་གྱི་ཚོད་ལྟ་ལེགས་པོར་སྤེལ། ས་རྒོད་ཕྲུ་སློག་བཅོས་སྒྱུར་དང་ས་ཞིང་གི་བདག་དབང་གཏན་འཁེལ་བཅོས་སྒྱུར། རྒྱལ་དབང་ནགས་རའི་བཅོས་སྒྱུར་བཅས་གནད་སའི་ལས་འགན་ཡོངས་འགྲུབ་བྱས་པ་དང་། ཐུན་མོང་རྒྱུ་དབང་ལམ་ལུགས་བཅོས་སྒྱུར་དང་སྡེ་བའི་ཐུན་མོང་དཔལ་འབྱོར་མེད་པའི་སྟོང་ཆ་བསྐངས་བའི་ལས་གྲྭར་བརྟན་འཇགས་སྒོས་སྐུལ་སྤེལ་བྱས། 《“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་སྤུས་ཀ་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏིང་ཟབ་བྱེད་པའི་ལག་བསྟར་བསམ་འཆར》བཏོན་པ་དང་། ཟི་ལིང་གི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དང་། མཚོ་རྒྱུད་དང་མཐའ་རྒྱུད་ས་ཁུལ་གྱི་འགག་གཏོར་མཉམ་ལས་རྐྱེན་སྲོལ་བཙུགས་ཤིང་། མང་ནེ་དང་ལིན་ཧུའུ་སྲིད་འཛིན་ཆུས་ནི་གྲོང་ཁྱེར་དུ་བསྒྱུར་བ་དང་། རྒྱལ་སྤྱིའི་སྐམ་མཚོ་ཚོང་དོན་རྒྱུ་ལམ་གསར་པ་སྟེ་ལྕགས་ལམ་དང་མཚོ་ཐོག་མཉམ་འབྲེལ་གྱི་སྐྱེལ་འདྲེན་གཏོང་མགོ་ཚུགས་པ་དང་། ཧ་སག་སི་ཐན་ནས་མཚོ་སྔོན་གྱི་ཚོང་རྟགས་ཅན་གྱི་ཚོང་རྫས་འགྲེམ་སྟོན་ཚོགས་འདུ་བསྡུས་ཤིང་། རང་གཉེར་ཐོན་རྫས་ཕྱིར་གཏོང་བྱས་པ21%འཕར། “ཕྱི་རུ་སྐྱོད་པ་དང་ནང་དུ་འདྲེན་པར”ཤུགས་བསྣན་ཏེ། མཚོ་སྔོན་དཔལ་འབྱོར་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་བོད་ཀྱི་ས་གདན་འགྲེམ་སྟོན་འདུ་ཚོགས་སོགས་ལེགས་པོར་སྤེལ་ཞིང་། སྐབས་ཐོག་མའི་བཤམས་སྟོན་འདུ་ཚོགས་ལ་ཞུགས་ཏེ་གྲུབ་འབྲས་བཟང་བོ་བླངས་པ་དང་། ཚོང་འགུགས་དངུལ་འདྲེན་གྱི་ལག་འབྱོར་མ་དངུལ་སྒོར་དུང་ཕྱུར750ཡིན། ཁ་གཏད་མཚོ་སྐྱོར་བྱ་བར་ཤུགས་བསྣན་ཏེ། ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་འཐབ་ཇུས་མཉམ་ལས་གན་རྒྱར་མིང་རྟགས་བཀོད་ཅིང་ལག་བསྟར་བྱས་པ་དང་། མཚོ་སྔོན་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར16དངོས་འབེབས་བྱས་ཤིང་། རོགས་སྐྱོར་ལས་གཞི400ཙམ་ལ་བུད་ཡོད།

-----དམངས་ཚིས་བདེ་སྐྱིད་ཇེ་ཆེར་ཕྱིན། ལོ་འཁོར་གྱི་དམངས་ཚིས་དོན་དངོས་ལས་གྲྭ་ལེགས་པར་གྲུབ་སྟེ། ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ཁས་ལེན་བྱས་པ་ཚང་མ་དོན་ཐོག་ཏུ་འཁྱོལ། དབུལ་ཕོངས་རྫོང12ཀྱིས་དབུལ་ཕོངས་ཞྭ་མོ་ཕུད་པ་དང་། དབུལ་ཕོངས་སྡེ་བ526དང་དབུལ་བོ་མི་གྲངས་ཁྲི17.6དབུལ་སྒྲོལ་འབྱུང་བར་རེ་བ་ཡོད་ཅིང་། གནས་གཞན་དུ་སྤར་ནས་དབུལ་སྐྱོར་བྱས་པ“ལོ་ལྔ་ཚན་བཅུ་གསུམ”པའི་ལས་གྲྭ་སྤྱི་ལས97%ཡོངས་འགྲུབ་བྱས། ལས་ཞུགས་སྤྱི་ཡོངས་ནས་བརྟན་འཇགས་ཡིན་ལ། མཁར་གྲོང་དུ་གསར་དུ་ལས་ཀར་ཞུགས་པའི་མི་གྲངས་ཁྲི6.2འཕར་བ་དང་། མཁར་གྲོང་གི་ལས་ཤོར་ཐོ་འགོད་བྱས་ཚད3%ནང་ཚོད་འཛིན་བྱས་ཡོད་ཅིང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་མི་ཐེངས་ཁྲི113.9གནས་སྤོར་ལས་ཞུགས་བྱས། སྤྱི་ཚོགས་འགན་སྲུང་གི་གཞི་རྒྱ་བསྐྱེད་པའི་ལས་འགན་ཕྱོགས་ཡོངས་ནས་ཡོངས་འགྲུབ་བྱས་པ་དང་། བས་མཐའི་དཀའ་ཁག་ཆེ་བའི་ས་ཁུལ་གྱི་གསབ་དངུལ་ལེགས་སྒྲིག་དང་ཇེ་མཐོར་བཏང་ཞིང་། ཁེ་ལས་ལས་བཟོ་བའི་ཟླ་ཕོགས་ཀྱི་ཚད་གཞི་སྔར་བས་འཐུས་ཚང་དུ་བཏང་བ་དང་།གླ་རྒྱག་ཞིང་པའི་ཟླ་ཕོགས་ཆད་པ་གཙང་སྤྲོད་བྱེད་པའི་འགུལ་སྐྱོད་སྤེལ། འགན་བབས་སློབ་གསོའི་བྱོལ་འགོག་སློབ་སྲུང་བྱ་བ་དམ་འཛིན་བྱས་ཏེ། མཚོ་སྔོན་ལྷོ་ཕྱོགས་ཀྱི་སློབ་གསོར་རྒྱབ་སྐྱོར་བྱེད་པའི་བྱ་བ་དང་། འགན་བབས་སློབ་གསོའི་སྲ་བརྟན་ཚད96.8%རུ་ཇེ་མཐོར་བཏང་། སློབ་སྔོན་ལོ་གསུམ་གྱི་བྱིས་སྐྱོང་ཁང་དང་མཐོ་འབྲིང་དུས་རིམ་གྱི་སློབ་ཞུགས་ཚད་སོ་སོར3.8%དང4%ཇེ་མཐོར་སོང་ཞིང་། དེང་རབས་སློབ་གསོའི་མ་ལག་མགྱོགས་མྱུར་སྒོས་བསྐྲུན་པ་དང་།“པུའུ་དང་ཞིང་ཆེན་གཉིས་ཀྱིས་མཉམ་དུ་བསྐྲུན”པའི་མཚོ་སྔོན་སློབ་ཆེན་དང“ཞིང་ཆེན་དང་སློབ་གྲྭ་གཉིས་ཀྱིས་མཉམ་དུ་བསྐྲུན”པའི་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དཔེ་དབྱིབས་གསར་པ་མགོ་བརྩམས་ཤིང་། ཞིང་ཆེན་ཐད་གཏོགས་དངོས་གཞིའི་མཐོ་རིམ་སློབ་ཆེན་དཀྱུས་མར་འབུམ་རམས་པའི་བསླབ་གནས་བཙུགས་པ་ཡོངས་སུ་ཁེབས། ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་བྱ་བ་གཏིང་ཟབ་ཅིང་ཕྱོགས་ཡོངས་ནས་སྤེལ་བ་དང་། མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་སྨན་བཅོས་རྒྱབ་སྐྱོར་བྱ་བ་གཏིང་ཟབ་སྒོས་སྤེལ། རིམ་བགོས་སྨན་བཅོས་བརྟག་དཔྱད་ལམ་ལུགས་འཐུས་ཚང་དུ་བཏང་ཞིང་། སུམ་ཆ་གཉིས་ཡན་གྱི་རྫོང་དུ་ས་གནས་རང་དུ་སྨན་བཅོས་བྱེད་ཚད80%ཡན་ལ་སླེབས་ཡོད། ཐུམ་འབུའི་ནད་སོགས་རིམས་ནད་ཚབས་ཆེན་དང་ས་གནས་ནད་ཀྱི་འགོག་བཅོས་བྱས་པའི་ཕན་ནུས་མངོན་པར་གསལ། ལུས་རྩལ་ཁང་ཆེ་གྲས་ལ་རིན་མི་ལེན་པ་དང་རིན་དམའ་མོས་སྒོ་ཕྱེས་ཡོད་པ་དང་། རིག་གནས“སྡེ་བ་དང་ཁྱིམ་ཚང་ལ་སྐྱོད་པའི”ལས་གྲྭར་ཏན་ཏིག་གིས་སྐུལ་སྤེལ་བྱས། མཚོ་བསྐོར་འགྲན་རྒྱུགས་དང་རྒྱལ་སྤྱིའི་འཁྱགས་ལྟིར་ཕུལ་བྱུང་འགྲན་སྡུར་དང་ཞིང་ཆེན་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་སྤེལ་བ་དང་། རྣམ་གྲངས12ནི་རྒྱལ་ཡོངས་རྩེ་འདེམས་ལུས་རྩལ་ཐོན་ལས་མིང་ཐོའི་ནང་བཀོད། མཐོ་སྒང་གི་མཛེས་པའི་གྲོང་གསེབ300དང་མཛེས་པའི་མཁར་གྲོང16ལེགས་པར་གྲུབ་ཅིང་། མཁར་གྲོང་སྤྱི་ཁྱིམ་ཁུལ་གྱི་ཁང་པ་ཁྲི3.05བསྒྱུར་བཀོད་བྱེད་མགོ་བརྩམས་པ་དང་། སྡོད་ཁུལ་རྙིང་བའི་ཁང་པ་ཁྲི2ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་ཤིང་། རོང་འབྲོག་པའི་ཉེན་ཁང་དང་ཁང་རྙིང་ཁྲི6བསྒྱུར་བཀོད་བྱས་ལ། “སྤྱོད་ཁང་བཅོས་སྒྱུར”ཐད་ནས་ལོ་འཁོར་གྱི་ལས་འགན་ཚད་བརྒལ་གྱིས་ཡོངས་འགྲུབ་བྱས། ཟས་རིགས་དང་སྨན་རྫས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་བརྟན་ཅིང་ལེགས་ལ། སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡིན།

གནས་བབ་སྣེ་མང་རྙོག་འཛིང་ཆེ་ཞིང་དཀའ་ཁག་ཇེ་མང་དུ་སོང་བ་དང་། གནོན་ཤུགས་སྔོན་དཔག་ལས་བརྒལ་བའི་གནས་ཚུལ་འོག གྲུབ་འབྲས་འདི་འདྲ་ཞིག་བླངས་པ་ནི་ལས་སླ་མོ་ཞིག་མིན་ཏེ། འདི་ནི་ཞིང་ཆེན་ཏང་ཨུ་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་གྱི་སྣེ་ཁྲིད་དེ་ངེས་ཤུགས་རྒྱུན་འཁྱོངས་དང་། གནོན་ཤུགས་ལ་མཐའ་གཅིག་ཏུ་གདོང་གཏད་པ། གསོན་ཤུགས་སྐུལ་སློང་། ཚན་རིག་དང་མཐུན་པའི་ཇུས་གཅོད། ནན་འཛིན་ནན་སྒྲུབ་བཅས་བྱས་པའི་གྲུབ་འབྲས་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་གྲོས་ཞིབ་བྱས་ཏེ་ཆོག་མཆན་ཐོབ་པའི《སྲིད་གཞུང་བྱ་བའི་སྙན་ཞུ》དང《འཆར་གཞིའི་སྙན་ཞུ》ནན་ཏན་གྱིས་ལག་བསྟར་དང་། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཞིབ་བཤེར་བསམ་འཆར་དངོས་གནས་དངོས་འབེབས་བྱས་ཏེ། དམིགས་འབེན་ལ་དམིགས་པ་གཅིག་ཏུ་བསྡུ་བ་དང་། དཀའ་བ་གདོང་གིས་བསུས་ཏེ་མདུན་དུ་བསྐྱོད་པ། འགན་འཁྲི་ཁག་འཁུར་བྱས་པའི་གྲུབ་འབྲས་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་སྟོབས་ཤུགས་མཉམ་འདོན་དང་། བསྟུད་མར་འགག་གཏོར་བྱས་པ། བློ་རྩ་བརྟན་པོས་ཡར་རྒྱས་ལྷུར་ལེན་བྱས་པའི་གྲུབ་འབྲས་ཡིན། ལོ་ངོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་དམིགས་འབེན་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་པ། རང་འགུལ་གྱིས་སྒྲུབ་པར་གཙིགས་ཆེན། བྱ་བ་དངོས་འབེབས་བྱེད་པ་དམ་འཛིན། བྱ་བའི་རང་འགུལ་གྱི་དབང་ཆ་དམ་པོ་བཟུང་ཡོད་དེ། སྔ་འཛིན་ནན་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ནས། དཔལ་འབྱོར་འཁོར་རྒྱུགས་བརྟན་འཇགས་ཡིན་པ་སྟེ། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གནས་བབ་དབྱེ་ཞིབ་ཚོགས་འདུ་བསྟུད་མར་ཐེངས་གཉིས་ལ་འཚོགས་ཏེ་ཞིབ་འཇུག་བཀོད་སྒྲིག་བྱས་ནས། དམིགས་འབེན་ལས་འགན་སྐུལ་འདེད་ཚན་ཆུང་བཙུགས་པ་དང་། ས་ཁུལ་དང་སྡེ་ཁག་གི་དངོས་འབེབས་ཞིབ་ཐོ་གཏན་འཁེལ་བྱས་ཏེ། ཟླ་བ་རེ་རེ་བཞིན་དུས་ཚིགས་གཅིག་གི་དམིགས་འབེན་ཡོངས་འགྲུབ་དང་དུས་ཚིགས་རེ་རེ་བཞིན་ལོ་གཅིག་གི་དམིགས་འབེན་ཡོངས་འགྲུབ་བྱས་ཤིང་། དམིགས་ཚད་སྣ་ཚོགས་བརྟན་པོའི་ངང་ཡར་འཕར་བར་ཤུགས་ཆེན་པོས་སྐུལ་སྤེལ་བྱས། གནད་དོན་འཛིན་ཕྱོགས་རྒྱུན་འཁྱོངས་བྱས་ནས། དངོས་འབེབས་ལ་ལྟ་སྐུལ་སློབ་སྟོན་བྱེད་པར་ཤུགས་བསྣན་པ་སྟེ། མགོ་ཁྲིད་གཙོ་བོས་འགན་འཁྲི་ཁག་འཁུར་བྱེད་པ་ཇེ་དྲག་ཏུ་བཏང་ནས། བཀོད་འདོམས་སྔོན་ནས་བྱས་པ་དང་། ས་ཁུལ་སོ་སོར་དངོས་སུ་སོང་ནས་ལྟ་སྐུལ་དང་རྟོག་དཔྱོད་གནང་ཞིང་ཡུལ་དངོས་ནས་ཞིབ་འཇུག་བཀོད་སྒྲིག་བྱས་པ་དང་། ཞིབ་བཤེར་མཛུབ་སྟོན་ཟབ་མོ་བྱས་ཤིང་། འགན་འཁྲི་ནན་མོར་དཀྲིས་ཏེ། ཞིང་ཆེན་ཡོངས་ཀྱི་བསམ་ཇུས་གཅིག་པ་དང་། རིམ་པ་བཞིན་དུ་འཛིན་ཅིང་། རིམ་པ་བཞིན་དུ་དངོས་འབེབས་དམ་འཛིན་བྱེད་པའི་བྱ་བའི་གནས་སྟངས་ཤིག་ཆགས། སྤྱོད་སྟངས་བསྒྱུར་བ་རྒྱུན་འཁྱོངས་བྱས་ནས། བྱ་བའི་བྱེད་ཐབས་ལེགས་བཅོས་བྱས་པ་སྟེ། “710”བྱ་བའི་རྐྱེན་སྲོལ་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ནས། “ཉིན་བརྒྱའི་འགག་གཏོར”དང“དུས་ཚིགས་བཟང་བོའི་མཉམ་འཐབ”། “སྟོན་དབྱར་གཉིས་ཀྱི་ཕར་རྒོལ”། “མཇུག་ལེགས་པོར་བསྡུ་བ་དང་མགོ་ལེགས་པོར་རྩོམ་པ”བཅས་ཀྱི་ཆེད་དམིགས་འགུལ་སྐྱོད་རྩ་འཛུགས་ཞིབ་མོར་བྱས་ཤིང་། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས“བསྙེགས་ཏེ་འགྲོ་བ་བཞི”ཡི་དམ་འཛིན་དངོས་འབེབས་བྱ་འགུལ་སྤེལ་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེན་མོའི་གོ་སྐབས་དམ་འཛིན་སྒོས་དཀའ་གནད་སེལ་བ་དང་། གོ་རིམ་ལྡན་ལ་ནུས་ཤུགས་ཡོད་པ་དང་གནད་དུ་འཁེལ་བའི་སྒོ་ནས་བྱ་བར་སྐུལ་འདེད་བྱས་ཏེ་གྲུབ་འབྲས་མངོན། དམངས་ཆེན་གྱི་བཅའ་ཁྲིམས་ལྟ་སྐུལ་དང་བྱ་བའི་ལྟ་སྐུལ། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་བཅས་རང་རྟོགས་ཀྱིས་དང་ལེན་བྱས་ཏེ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལྷན་ཁང་ལ་རེ་ཞུ་ཞུས་ནས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ4གཏན་འཁེལ་བྱས་ཤིང་། དམངས་ཆེན་འཐུས་མིའི་བསམ་འཆར་དང་གྲོས་གཞི438དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི327ཚང་མ་དུས་ལྟར་བསྒྲུབས་ཚར།

གཉིས། 2019ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁོར་ཡུག་དང་དམིགས་འབེན་གཙོ་བོ།

2019ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བ་དང་མཚོ་སྔོན་བཅིངས་གྲོལ་བྱས་ནས་ལོ70འཁོར་བའི་ལོ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་དངོས་འབེབས་བྱེད་པ་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པ། བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་བཅས་ཀྱི་གནད་འགག་གི་ལོ་ཡིན་པས། ལོ་ཧྲིལ་བོའི་བྱ་བ་ལེགས་པོར་བསྒྲུབ་པའི་དོན་སྙིང་ཆེ་ཞིང་འགན་འཁྲི་ལྕི། རང་ཞིང་གི་འཕེལ་རྒྱས་ལ་མཐུན་རྐྱེན་མི་ཉུང་བ་ཞིག་ཡོད་པ་ནི། གཅིག་ནས་རང་རྒྱལ་གྱི་འཕེལ་རྒྱས་དེ་ད་དུས་ཡུན་རིང་བོ་ཞིག་ཏུ་འཐབ་ཇུས་གོ་སྐབས་གལ་ཆེན་གྱི་དུས་སྐབས་སུ་གནས་པ་དང་། དཔལ་འབྱོར་སྤྱིའི་ཆ་ནས་བརྟན་བརླིང་དང་བརྟན་པོའི་ངང་གོང་དུ་འཕེལ་བའི་གནས་བབ་མི་འགྱུར་ཞིང་། རྒྱལ་ཁབ་ཀྱིས“རྒྱུད་གཅིག་ལམ་གཅིག”དང་། འབྲི་ཆུའི་དཔལ་འབྱོར་རྒྱུད། ལན་གྲུ་དང་ཟི་ལིང་གི་ཡུག་འབྲེལ་གྲོང་ཚོགས། གྲོང་གསེབ་དར་སྤེལ། ཤར་ནུབ་ཁུལ་གྱི་དབུལ་ཐར་རོགས་རེས། རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ། ཞིང་ཆེན་བཞིས་བོད་ཁུལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་ཁྱབ་ཁོངས་སུ་སྲིད་ཇུས་ཀྱི་གོ་སྐབས་གསར་པའི་བརྡ་རྟགས་རྒྱུན་མི་ཆད་པར་གཏོང་བཞིན་ཡོད། ལྷག་པར་དུ་རྨང་གཞིའི་སྒྲིག་བཀོད་ཀྱི་མི་འདང་ས་ཁ་གསབ་བྱེད་པར་མུ་མཐུད་དུ་ཤུགས་བཏོན་ནས། རང་ཞིང་གི་སྤུས་ཀ་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པར་སྒུལ་ཤུགས་དྲག་པོ་ཞིག་བསྩལ་ཡོད། གཉིས་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བས་གཏན་འཁེལ་བྱས་པའི“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”འཐབ་ཇུས་བཀོད་སྒྲིག་དང“མཐོ་འཛེགས་རྒྱང་གཟིགས། ཡིད་རྟོན་སྒོ་འབྱེད། མཐུན་སྒྲིལ་གཞན་འབུལ། ཧུར་བརྩོན་འབད་འཐབ”ཀྱི་མཚོ་སྔོན་གསར་པའི་སྙིང་སྟོབས་ནི། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་མཚོ་སྐྱོང་སྲིད་གཉེར་གྱི་དུས་བསྟུན་མདུན་སྐྱོད་ཐེངས་ཤིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་སྔར་ལས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་པ་བསྐྲུན་པའི་སྟོབས་ཤུགས་གཅིག་དྲིལ་བྱས་ཡོད། གསུམ་ནས་རང་ཞིང་གི་འཕེལ་རྒྱས་རྨང་གཞི་བསྟུད་མར་སྲ་བརྟན་དུ་སོང་བ་དང་། འཕར་སྣོན་སྒུལ་ནུས་མགྱོགས་མྱུར་སྒོས་བསྒྱུར་ཅིང་། བཅོས་སྒྱུར་གྱི་ཁེ་བཟང་མུ་མཐུད་དུ་རེག་བཞིན་ཡོད་ལ། ཕྱི་ཕྱོགས་སུ་སྒོ་འབྱེད་པ་རྒྱ་བསྐྱེད་པའི་རིམ་པ་ཇེ་མཐོར་དང་། ཐོན་ཁུངས་དང་མ་རྩ། ངལ་རྩོལ་ནུས་ཤུགས་ཀྱི་བཀོད་སྒྲིག་ལས་ཆོད་བསྟུད་མར་ལེགས་སྒྱུར་བྱས་ཤིང་། སྡོད་དམངས་ཀྱི་ཡོང་སྒོ་འཕར་སྣོན་ནི་བསྟུད་མར་ལོ་མང་པོར་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་ཞིང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་གསོན་ཤུགས་དྲག་པོ་ཞིག་རྒྱས་པ་རྒྱུན་འཁྱོངས་བྱས་ཡོད།

འོན་ཀྱང་། དེ་དང་ཆབས་ཅིག ཡུན་རིང་དང་དུས་ཐུང་། ནང་ཁུལ་དང་ཕྱི་རོལ་སོགས་ཀྱི་རྒྱུ་རྐྱེན་སྣ་མང་གི་དབང་གིས། རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ནི་དཀའ་ཁག་དང་འགྲན་སློང་མང་པོ་ཞིག་ལའང་འཕྲད་ཡོད་དེ། དེ་དག་ལས་གཙོ་བོ་ནི། བཟོ་ལས་སྒྲིག་གཞིའི་ལེགས་སྒྲིག་ཐད་ཀྱི་དཀའ་གནད་འབུར་དུ་ཐོན་པ་དང་། དངོས་གཞིའི་དཔལ་འབྱོར་ཐད་དཀའ་ཁག་ཅུང་མང་ལ། གསར་གཏོད་འཕེལ་རྒྱས་ཀྱི་ནུས་པ་ཞན་པ་དང་། ཐོན་ལས་གསར་པ་དང་ལས་རྣམ་གསར་པ། དཔེ་དབྱིབས་གསར་པ་བཅས་ནི་ད་དུང་འགོ་ཚུགས་མ་ཐག་པའི་དུས་རིམ་དུ་གནས་ཡོད། ཕན་ནུས་ལྡན་པའི་དགོས་མཁོར་འདེགས་སྐྱོར་མེད་པ་དང་། དངུལ་གཏོང་དང་འཛད་སྤྱོད་མགྱོགས་མྱུར་ངང་འཕར་སྣོན་གཏོང་བར་གནོན་ཤུགས་ཆེ་ཞིང་། ནོར་སྲིད་ཀྱི་གཏོང་ཡོང་གི་འགལ་བ་འབུར་ཐོན་ཡིན་པ་དང་། དངུལ་རྩའི་ཁྱབ་ཁོངས་ཀྱི་མངོན་མེད་ཉེན་ཁ་སྣང་མེད་དུ་བསྐྱུར་མི་རུང་། ཐོན་ཁུངས་ཁོར་ཡུག་གི་ཚོད་འཛིན་ཉིན་རེ་བཞིན་ཇེ་དམ་དུ་འགྲོ་བ་དང་། སྐྱེ་ཁམས་རིན་ཐང་དང་སྦས་ཤུགས་ད་དུང་སྔོག་འདོན་གང་ལེགས་བྱ་དགོས་ཤིང་། སྡོད་དམངས་ཀྱི་ཡོང་སྒོ་འཕར་བའི་ཐབས་ལམ་སྣ་རྐྱང་ཡིན་ལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཕྱི་དོ་མཉམ་ཅན་གྱི་ཆུ་ཚད་ད་དུང་ཇེ་མཐོར་གཏང་དགོས། དེ་ལས་གཞན། ཀྲུང་ཨ་བར་གྱི་དཔལ་འབྱོར་ཉོ་ཚོང་ཕོག་ཐུག་གི་ཤུགས་རྐྱེན་གྱིས་རང་ཞིང་གི་ཕྱི་ཕྱོགས་ཉོ་ཚོང་དང་ལས་ཞུགས་ཐད་གནོན་ཤུགས་གསར་པ་བསྐྱལ་འོང་ངེས་པས། ང་ཚོས་དཀའ་ངལ་ལ་མཐོང་ཆེན་དང་གནད་དོན་ལ་ཐད་ཀར་གདོང་གཏད་དེ། འགལ་བ་གཙོ་བོ་འཛིན་ཐུབ་པ་དང་། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་ཐག་གཅོད་དགོས།

རྒྱལ་ཁབ་ཕྱི་ནང་གི་འཕེལ་རྒྱས་ཀྱི་གནས་བབ་ལ་ཕྱོགས་བསྡུས་ཀྱིས་ཞིབ་འཇུག་དང་བརྡར་ཤ་གཅོད་པ་དང་། འཕར་སྣོན་གྱི་སྒུལ་ཤུགས་ལ་དབྱེ་ཞིབ་བྱེད་པ། འཕེལ་རྒྱས་ཀྱི་དགོས་མཁོ་དང་འཕེལ་རྒྱས་འབྱུང་སྲིད་པའི་གནས་ཚུལ་གཉིས་ཀར་འདང་བརྒྱབ་པའི་རྨང་གཞིའི་སྟེང་། ཞིབ་འཇུག་བྱས་ཏེ་ཐག་བཅད་པའི་ད་ལོའི་དཔལ་འབྱོར་སྤྱི་ཚོགས་ཀྱི་བྱ་བའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་ཏང་འཐུས་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ལྔ་བའི་བཀོད་སྒྲིག་ལྟར། “གནས་ལྔ་གཞི་གཅིག” གི་སྤྱིའི་བཀོད་ཁྱབ་ལ་གཅིག་གྱུར་སྒོས་སྐུལ་སྤེལ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཁྱབ་ལ་མཐུན་སྦྱོར་ངང་སྐུལ་སྤེལ་བྱས་ནས། བརྟན་པོའི་ངང་འཕེལ་རྒྱས་བརྩོན་པའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས། སྤུས་ཀ་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པ་རྒྱུན་འཁྱོངས་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས། ཁྲོམ་ར་ཅན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་བསྐྱེད་པ་རྒྱུན་འཁྱོངས་བྱེད་ཅིང་། “འཐབ་ཇུས་བཞི་ཅན་ལྔ”ལག་བསྟར་གཏིང་ཟབ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཤུགས་ཆེན་པོས་སྐུལ་སྤེལ་བྱེད་པ། བརྟན་པོའི་ངང་འཕར་བ་དང་བཅོས་སྒྱུར་ལ་སྐུལ་འདེད། སྒྲིག་གཞི་ལེགས་སྒྲིག དམངས་ཚིས་ལ་ཕན་པ། ཉེན་ཁ་སྔོན་འགོག བརྟན་བརླིང་སྲུང་སྐྱོབ་བཅས་ཀྱི་བྱ་བར་གཅིག་གྱུར་གྱིས་སྐུལ་སྤེལ་དང་། སྔར་ལས་ལྷག་པའི་སྒོ་ནས་ལས་ཞུགས་བརྟན་པ་དང་། དངུལ་རྩ་བརྟན་པ། ཕྱི་ཚོང་བརྟན་པ། ཕྱི་དངུལ་བརྟན་པ། སྔོན་དཔག་བརྟན་ཅིང་། འགག་གཏོར་གཡུལ་འཐབ་ཆེན་པོ་གསུམ་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལེན་པར་སྐུལ་འདེད་དང་། བཅོས་སྒྱུར་སྒོ་འབྱེད་སྔར་ལས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད། སྤྱི་ཚོགས་བཅོས་སྐྱོང་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་འབྱུང་བར་སྐུལ་འདེད་དང་། མི་དམངས་ཀྱི་འཚོ་བ་མུ་མཐུད་དུ་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་ཇེ་མཐོར་བཏང་ནས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ཐག་གཅོད་རང་བཞིན་གྱི་རྨང་གདིང་བ་དང་། གྲུབ་འབྲས་གཡུར་དུ་ཟ་བས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བ་དང་། མཚོ་སྔོན་བཅིངས་གྲོལ་བྱས་ནས་ལོ70འཁོར་བར་བསུ་མ་བྱ་དགོས།

2019ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོའི་གྲོས་གཞི་ནི། ས་ཁུལ་གྱི་ཐོན་སྐྱེད་སྤྱི་གོང6.5%ནས7%འཕར་བ་དང་གཏན་འཇགས་མ་དངུལ་གཏོང་ཚད7%ཡས་མས་འཕར་བ། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་འཚོང་གི་བསྡོམས་འབོར8%ཡས་མས་འཕར་བ། ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཡོང་སྒོ་དང་ས་ཁུལ་གྱི་ཐོན་སྐྱེད་སྤྱི་གོང་མཉམ་དུ་འཕར་བ། སྡོད་དམངས་ཡོངས་ཀྱི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་སྒོ་བསྟུད་མར་དཔལ་འབྱོར་འཕར་བའི་མྱུར་ཚད་ལས་མགྱོགས་པ་དང་འཕར་ཚད8%སླེབས་པར་བརྩོན་པ། མཁར་གྲོང་དུ་གསར་དུ་ལས་ཀར་ཞུགས་པའི་མི་གྲངས་ཁྲི6འཕར་བ་དང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་མི་ཐེངས་ཁྲི105གནས་སྤོར་ལས་ཞུགས་བྱེད་པ། མཁར་གྲོང་གི་ལས་ཤོར་ཐོ་འགོད་བྱས་ཚད3.5%ནང་ཚོད་འཛིན་བྱ་རྒྱུ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཆག3%ནང་ཚོད་འཛིན་དང་། གྲོང་ཁྱེར་གཙོ་བོའི་མཁའ་དབུགས་ཀྱི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད80%ཡན་རྒྱུན་འཁྱོངས་བྱ་རྒྱུ། ཆུའི་སྐྱེ་ཁམས་ཉམས་གསོ་དང་ཆུའི་ཁོར་ཡུག་སྲུང་སྐྱོབ། ཆུའི་ཐོན་ཁུངས་ལ་དོ་དམ་བྱེད་པ་བཅས་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། ཙོང་ཆུ་ཞིང་ཆེན་ལས་བརྒལ་བའི་བཅད་ཁའིIVརིགས་ཀྱི་ཆུ་གཤིས་རྒྱུན་འཁྱོངས་བྱེད་པ་དང་། ནུས་སྲི་ཐཱན་འཕྲི་དང་བཙོག་དངོས་ཉུང་འཕྲིའི་དམིགས་ཚད་ནི་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་དམིགས་འབེན་ནང་ཚོད་འཛིན་བྱ་དགོས།

དམིགས་འབེན་འདི་དག་མངོན་འགྱུར་བྱ་དགོས་ན་རྨང་གཞིའི་བྱ་བ་མང་པོ་ཞིག་བསྒྲུབ་དགོས་ལ། དཀའ་ངལ་ཁྱད་བསལ་དང་ངེས་མེད་ཀྱི་རྒྱུ་རྐྱེན་མང་པོ་ཞིག་ལ་གདོང་གཏད་དགོས་པས་ན། གནོན་ཤུགས་ཆེ་ལ་དཀའ་ཁག་མི་ཆུང་བས། དཀའ་སྤྱད་སྡུག་རུས་དེ་ལས་མང་པོ་ཞིག་བརྒྱག་དགོས་པ་རེད།

གསུམ། 2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་དང་བྱེད་ཐབས་གཙོ་བོ།

2019ལོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ལྕི་ཞིང་སྣེ་མང་ལ་བླང་བྱ་མཐོ་བས། ངེས་པར་དུ་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག་བྱ་དགོས། གནས་བབ་བརྟན་འཇགས་ཡོང་བར་བྱས་ཏེ། ཀྲུང་དབྱང་གི“བརྟན་པ་དྲུག”གི་བླང་བྱ་དངོས་ནས་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། དཔལ་འབྱོར་མར་ཆག་པའི་གནོན་ཤུགས་ལ་ནུས་ལྡན་སྒོས་ཁ་གཏོད་དགོས་པ་དང་། གོ་སྐབས་དམ་འཛིན་བྱས་ཏེ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”འཐབ་ཇུས་ཕྱོགས་ཡོངས་ནས་དངོས་འབེབས་དང་། མཚོ་སྔོན་གསར་པའི་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབ་པར་སྐུལ་འདེད་བྱ་དགོས་ལ། གཙོ་བོ་གཤམ་གྱི་བྱ་བ་དག་ལེགས་པོར་གཟུང་དགོས།

(གཅིག)འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཇེ་ཟབ་ཏུ་གཏང་དགོས།

སྲོལ་རྒྱུན་ཐོན་ལས་ཀྱི་རིགས་སྒྱུར་རིམ་སྤར་ལ་སྐུལ་སྤེལ་བྱ་དགོས། “སྲ་བརྟན་དུ་གཏོང་བ། ཤུགས་སྣོན་པ། མཐོར་འདེགས་གཏོང་བ། ཤར་སྐྱོད་ཐུབ་པའི”བྱེད་ཕྱོགས་ལྟར། “གསུམ་དོར་གཅིག་གཅོག་གཅིག་གསབ”ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཕྲ་མཐོང་དཔལ་འབྱོར་གྱི་གཙོ་གཞིའི་གསོན་ཤུགས་ཇེ་དྲག་ཏུ་གཏོང་ཞིང་། ནུས་ལྡན་སྒོས་ཐོན་ལས་སྦྲེལ་ཐག་གི་ཆུ་ཚད་ཇེ་མཐོར་གཏོང་བ་དང་ཁེ་ལས་ཀྱི་དཀའ་ཁག་བསལ་ནས། དངོས་གཞིའི་དཔལ་འབྱོར་གྱི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་སྤེལ་བྱེད་པ། ཀྲུང་གོའི་བཟོ་སྐྲུན2025ལོའི་མཚོ་སྔོན་འགུལ་སྐྱོད་ཇུས་གཞི་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་ཞིང་། ས་ཞིང་དང་དངུལ་རྩ། གསར་གཏོད། འཇོན་མི་སོགས་རྒྱུ་རྐྱེན་གཙོ་བོ་དག་སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་མཐོར་འདེགས་གཏོང་བའི་སྟེང་འདུ་བར་སྣེ་ཁྲིད་བྱ་དགོས། བཟོ་སྐྲུན་ལས་རིགས་ཀྱི་ལག་རྩལ་བསྒྱུར་བཀོད་དང་རིགས་སྒྱུར་རིམ་སྤར་གྱི་ལས་གྲྭ་གཙོ་བོ་སྐོར་ཞིག་ལག་བསྟར་བྱེད་ཅིང་། ཟོང་འབྲེལ་དྲ་བ་དང་སྤྲིན་རྩིས། གཞི་གྲངས་ཆེན་མོ། མིས་བཟོས་རིག་སྟོབས་སོགས་མཐོ་གསར་ལག་རྩལ་བེད་སྤྱོད་དང་། སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་མཐོར་འདེགས། ཐོན་སྐྱེད་དང་དོ་དམ། ཚོང་གཉེར་བྱེད་སྟངས་བསྒྱུར་བར་སྐུལ་སྤེལ་བྱ་དགོས། ཚྭ་མཚེའུ་ཐོན་ཁུངས་ཀྱི་ཕྱོགས་བསྡུས་གསར་སྤེལ་དང་བཀོལ་སྤྱོད་ཀྱི་འཆར་འགོད་བཟོས་ཏེ། ཚྭ་མཚེའུ་རྫས་འགྱུར་བཟོ་ལས་འཕེལ་རིམ་ཅན་དང་སྤུས་ལེགས་ཅན། སྣ་མང་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱས་ཏེ། ཐོན་ལས་སྦྲེལ་ཐག་ཡོངས་ཀྱི་འགྲན་རྩོད་ནུས་ཤུགས་ཇེ་མཐོར་གཏོང་བ་དང་། འཐབ་ཇུས་རང་བཞིན་གྱི་གཏེར་རྫས་རྩད་དཔྱོད་དང་སྣུམ་རླངས་ཐོན་ཁུངས་རྩད་ཞིབ་གསར་སྤེལ་བྱེད་པ་ཇེ་མགྱོགས་སུ་གཏོང་བ། ཚྭ་མཚེའུ་ཚོགས་པའི་ཅཱ་ལུད་ཏུན500ཡི་སྦས་ནུས་སྔོག་འདོན་རྒྱ་བསྐྱེད་དང་བསྒྱུར་བཀོད་དང་། “2+3”ཐཱན་སྐྱུར་ལིས། ཞིས་ཐིན་ཏུན་ཁྲི60། ཤ་རུ་ཧ་མུའུ་ནིག་ཁོབ་གཏེར་ཁ་སྔོག་འདེམས་སོགས་གནད་སའི་ཐོན་ལས་ལས་གཞི་སྐོར་ཞིག་ཤུགས་ཆེན་པོས་ལག་བསྟར་བྱ་དགོས། མཐོ་སྒང་གི་ཁྱད་ལྡན་ཡང་བའི་བཟོ་ལས་དར་སྤེལ་འཆར་གཞི་ལག་བསྟར་བྱས་ཏེ། ནས་ཆང་དང་སྤུས་ལེགས་ལུག་ཤ་དང་ནོར་ཤ། འཕང་འབྲས། བོད་ཀྱི་ས་གདན། མི་རིགས་རྒྱན་གོས་དང་ཆེད་མཁོའི་དངོས་རྫས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་ནས། ཁྱད་ལྡན་ཡང་བའི་བཟོ་ལས་ཀྱི་སྤུས་ཀ་ཇེ་མཐོ་དང་གནས་རིམ་འཕར་བ། གཞི་ཁྱོན་རྒྱ་བསྐྱེད་པ་བཅས་ལ་སྐུལ་སྤེལ་བྱ་དགོས། ཁྱད་ཡོན་ལྡན་པའི་ཁེ་ལས་སྐོར་ཞིག་ཤུགས་ཆེན་པོས་རྒྱ་བསྐྱེད་པ་དང་། འཕེལ་རྒྱས་ཀྱི་སྦས་ཤུགས་ཆེ་བའི་ཁེ་ལས་ཕྲ་ཆུང་དང་འབྲིང་སྐོར་ཞིག་ལ་རྒྱབ་སྐྱོར་བྱེད་པ། ཕྱོགས་བསྡུས་ཕན་འབྲས་བཟང་བའི་ཐོན་ལས་སྦྲེལ་ཐག་གི་རྒྱུན་བསྲིངས་དང་ཁ་གསབ་ལས་གཞི་སྐོར་ཞིག་དོན་ཐོག་ཏུ་འཁྱོལ་ནས། གཞི་ཁྱོན་ལྡན་པ་ཡན་གྱི་ཁེ་ལས40དང་ཁེ་ལས་ཆུང་འབྲིང1000གསར་དུ་འཕར་བ་བརྩོན་ལེན་བྱ་དགོས་པ་དང་། ཁེ་ལས་ཀྱི་ལེགས་རྒྱས་ཞན་འདོར་ལ་སྐུལ་སྤེལ་བཏང་ནས། སྲོག་མེད་ཁེ་ལས་ཐག་གཅོད་བྱེད་པ་ཇེ་མགྱོགས་སུ་གཏང་དགོས།

འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཛུགས་སྐྱོང་དང་རྒྱ་ཆེ་རུ་གཏང་དགོས། དྭངས་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་ཤུགས་ཡོད་རྒུས་བསྐྲུན་པ་དང་། མཚོ་སྔོན་ནས་ཧི་ནན་གྱི་ཁྱད་དམིགས་མཐོ་གནོན་ཐད་རྒྱུག་ལས་གྲྭ་དང་མཚོ་ལྷོ་དང་མཚོ་ནུབ་ཀྱི“སྟོང་ཝ་བྱེ་བ་རིམ་པའི”དྭངས་གཙང་ནུས་ཁུངས་ཐོན་སྐྱེད་རྟེན་གཞི་ཆེན་པོ་གཉིས་མགྱོགས་མྱུར་སྒོས་བསྐྲུན་པ། མཚོ་སྔོན་ནས་ཀྲུང་ཧྭ་ཤར་རྒྱུད་ཁྱད་དམིགས་མཐོ་གནོན་ཕྱི་སྐྱེལ་རྒྱུ་ལམ་གྱི་དུས་མགོའི་བྱ་བ་དང་། ཉིང་རྡུལ་ནུས་པའི་གསར་སྤེལ་བཀོལ་སྤྱོད་ཀྱི་དུས་མགོའི་བྱ་བ་མགོ་བརྩམ་དགོས་ལ། འོད་ཝོལ་བསྒྱུར་ཚད་དང་ཉི་དྲོད་གསོག་ནུས་ཀྱི་དུས་ཡུན་བསྲིང་བ། གཞི་ཁྱོན་ཆེ་བ་དང་བར་ཐག་རིང་བའི་དྭངས་གཙང་ནུས་ཁུངས་གློག་སྐྱེལ་སོགས་ལག་རྩལ་གལ་ཆེན་རིགས་མཐོར་འདེགས་བཏང་སྟེ། ཆུ་རླུང་ཉི་འོད་དང་ཉིང་རྡུལ་ཚ་དྲོད་བཅས་ཕན་ཚུན་གསབ་པའི་དྭངས་གཙང་ནུས་ཁུངས་མ་ལག་བསྐུན་རྒྱུ། དྭངས་གཙང་ནུས་ཁུངས་ཀྱི་དྲོད་འདོན་ལ་ཞིབ་འཇུག་སྐུལ་འདེད་དང་། ཡུལ་བབ་དང་བསྟུན་པ། རང་བྱུང་སོལ་རླངས་དང་ཉི་ནུས་སོགས་དྭངས་གཙང་ནུས་ཁུངས་སྣ་ཚོགས་གཅིག་གྱུར་སྒོས་བཀོལ་སྤྱོད་བྱས་ཏེ། ནུས་ཁུངས་འཛད་སྤྱོད་སྒྲིག་གཞི་བསྟུད་མར་ལེགས་སྒྱུར་བྱ་དགོས། སྐམ་ཚ་བྲག་དང་རྡོ་གཡམ་རང་བྱུང་སོལ་རླངས་སོགས་ནུས་ཁུངས་གསར་པ་གསར་སྤེལ་བཀོལ་སྤྱོད་ཞིབ་འཇུག་བྱ་བ་ལེགས་པོར་བསྒྲུབ་པ་དང་། འབར་ཐུབ་འཁྱགས་རོམ་གྱི་ཚན་རིག་ཞིབ་འཇུག་བྱ་བ་མུ་མཐུད་དུ་སྤེལ་བ། ལྕགས་རིགས་འདྲེས་ལྕགས་དང་སྐྱེ་ལྡན་རྫས་འགྱུར་བཟོ་ལས། གློག་རྡུལ་ཆ་འཕྲིན། སྒུལ་ཤུགས་གསོག་ནུས། འོད་གློག་བཅས་ཀྱིས་གཙོས་པའི་རྒྱུ་ཆ་གསར་པའི་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་ནས། འགུལ་ནུས་ཅན་གྱི་ཕྱོགས་སུ་རྒྱ་བསྐྱེད་པར་སྐུལ་འདེད་བྱ་རྒྱུ་དང་། པི་ཡ་ཏི་སྐབས་གཉིས་པའི་ཅི་ཝ14སྒུལ་ཤུགས་གློག་གཡིས་དང་མཚོ་ཤར་ཅི་ཝ8སྒུལ་ཤུགས་ལིས་ལྡན་གློག་གཡིས་དང་བར་སྐྱི་སྲབ་ཤོག་སོགས་ལས་གཞི་ལས་མགོ་འཛུགས་པ། ཁྱད་ལྡན་སྐྱེ་དངོས་ཐོན་ལས་ལས་སྣོན་ལ་སྐུད་འདེད་བཏང་ནས། བདེ་ཐང་ཐོན་རྫས་དང་སྨན་རྫས་གཙོར་བྱས་ཏེ། མཐོ་སྒང་ཁྱད་ལྡན་སྐྱེ་དངོས་ཐོན་ལས་འདུས་འཛོམས་བསྐྲུན་དགོས། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་བཀོད་སྒྲིག་དང་བྱ་བའི་རྐྱེན་སྲོལ་ལ་ཞིབ་འཇུག་བྱེད་པ་ཇེ་མགྱོགས་སུ་བཏང་ནས། གྲངས་འཛིན་ཐོན་ལས་གསོ་སྐྱོང་རྒྱ་བསྐྱེད་དང་གྲངས་འཛིན་ཞབས་ཕྱི་གསར་གཏོད་བྱེད་པ། གྲངས་འཛིན་བཟོ་ལས་ཀྱི་དཔེ་སྟོན་ཚོད་ལྟ། གྲངས་འཛིན་སྲིད་དོན་གྱི་ཁྱབ་སྤེལ་བེད་སྤྱོད་སོགས་ལས་གཞི་ཆེན་པོ་སྐོར་ཞིག་ལག་བསྟར་བྱེད་པ་དང་། བཟོ་ལས་འབྲེལ་དྲའི་སྟེགས་བུ་འཛུགས་སྐྲུན་དང་བཟོ་ལས་འབྲེལ་དྲ་མཉམ་འདྲེས་བཀོལ་སྤྱོད་སོགས་ཀྱི་ཁྱབ་ཁོངས་སུ་ཚད་ཤིང་བསྐྲུན་ཅིང་། ནུས་ཁུངས་གསར་པའི་གཞི་གྲངས་ཆེན་མོའི་གསར་གཏོད་སྟེགས་བུ་དང་། མཛེས་སྡུག་མཚོ་སྔོན་སྐྱེ་ཁམས་སྤྲིན་སྟེགས་དང་ཁུ་ནུ་ཉེན་རྟོག་ལས་དོན་སྤྲིན་སྟེགས་གཟུགས་པ་དང་། རྒྱལ་ཁབ་རིམ་པའི་གཞི་གྲངས་ཆེན་མོའི་གནོད་འགོག་གྲ་སྒྲིག་ལྟེ་གནས་ལག་བསྟར་བྱེད་པར་བརྩོན་ལེན་བྱ་དགོས། 5Gཚོང་བཀོལ་ཚོད་ལྟར་ཧུར་ཐག་གིས་སྐུལ་སྤེལ་དང་། དྲ་རྒྱའི་མྱུར་ཚད་ཇེ་མགྱོགས་དང་རིན་ཇེ་དམའ་རུ་གཏོང་བ་མངོན་འགྱུར་བྱེད་པ། དམངས་དམག་མཉམ་འདྲེས་ཁེ་ལས་གསོ་སྐྱོང་ལས་གྲྭ་ལག་བསྟར་བྱས་ནས་དམངས་དམག་གཉིས་ཀས་བཀོལ་བའི་མཐོ་རིམ་འཁོར་སྟེགས་དང་ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ས་ཁུལ་གྱི་དམིགས་བསལ་གློག་ཁུངས་སོགས་ཐོན་ལས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏང་དགོས།

ཚན་རྩལ་གསར་གཏོད་ནུས་པ་ཇེ་མཐོར་གཏང་དགོས། ཚན་རྩལ་གདེང་འཇོག་དང་ཡིད་རྟོན་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཞིབ་འཇུག་གསར་གཏོད་གྲོན་དངུལ་གྱི་སྣོན་རྩིས་ཉུང་འཕྲི་སོགས་ཀྱི་སྲིད་ཇུས་དངོས་འབེབས་ལེགས་པོར་བྱེད་ཅིང་། ཞིབ་འཇུག་གླིང་དང་དོན་ལས་སྡེ་ཁག་གི་དོ་དམ་མི་སྣ་དང་ཞིབ་འཇུག་པའི་མ་རྐང་དབང་ཆ་བརྒྱུད་སྐོར་བྱ་ཆོག་པ། ཚན་རྩལ་གྲུབ་འབྲས་ཆ་འཕྲིན་མཉམ་འདུས་སྟེགས་བུ་གཟུགས་པ་དང་། ཚན་རྩལ་གྲུབ་འབྲས་ཐོན་ལས་ཅན་དུ་བསྒྱུར་བར་སྐུལ་འདེད་བྱེད་པ། སྲིད་གཞུང་གི་ཉོ་སྒྲུབ་ལམ་ལུགས་འཐུས་ཚང་གཟུགས་པ་དང་། སྒྲིག་ཆས་གལ་ཆེན་དང་ཐོན་རྫས་གཙོ་བོར་རྒྱབ་སྐྱོར་བྱེད་པར་ཤུགས་བསྣན་ནས། སྲིད་ཇུས་དོན་ཐོག་ཏུ་འཁྱོལ་དགོས། གསར་གཏོད་འཕེལ་རྒྱས་འགུལ་སྐྱོད་དང“གསར་གཏོད་འགག་གཏོར་གྱི་ལས་གཞི་བརྒྱའི”ལས་གྲྭ་ལག་བསྟར་དང་། གནད་སའི་ཚན་རྩལ་ཆེད་དམིགས་ཁག་ཅིག་མགོ་རྩོམ་པ། ལིས་ཐོན་ལས་དང་ཚྭ་མཚེའུ་ཐོན་ཁུངས་ཕྱོགས་བསྡུས་བཀོལ་སྤྱོད་བྱེད་པ་སོགས་ཀྱི་གསར་གཏོད་ལྟེ་གནས་མགྱོགས་མྱུར་གྱིས་གཟུགས་པ་དང་། སྐར་མ་མིག་དམར་ལད་ཟློས་རྟེན་གཞི་དང་རྒྱལ་ཁབ་གནམ་རིག་རྒྱང་ཤེལ་སོགས་ལས་གཞི་ལ་ཤུགས་ཆེན་པོས་སྐུལ་སྤེལ་དང་། མདོ་དབུས་མཐོ་སྒང་གི་ཚན་རིག་རྟོག་དཔྱོད་བྱ་འགུལ་ཐེངས་གཉིས་པའི་ཁྲོད་ཧུར་ཐག་གིས་ཞུགས་དགོས། ལོ་འདིའི་ནང་ཚན་རྩལ་རིགས་ཀྱི་ཁེ་ལས40དང་མཐོ་གསར་ལག་རྩལ་ཁེ་ལས20། ཚན་རྩལ་ཁེ་ལས་སྟོབས་ཆེན་ཆུང་བ5འཛུགས་སྐྱོང་དང་། ཞིང་ཆེན་རིམ་པའི་ཁེ་ལས་ལག་རྩལ་ལྟེ་གནས3ནས5གསར་དུ་འཕར་བ། “གཉིས་བསྐྲུན”སྟེགས་བུ་སྣ་ཚོགས་རིམ་སྤར་བྱེད་པ་དང་། ཚན་རྩལ་མི་སྣ་དང་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ། དམག་ཁོངས་ནས་བུད་པའི་དམག་མི། གླ་རྒྱག་ཞིང་པ་སོགས་ཀྱི་གསར་སྐྲུན་ལས་གཏོད་ལ་རྒྱབ་སྐྱོར་བྱེད་ཅིང་། ལས་བཏོད་དང་དངུལ་གཏོང་གིས “གཉིས་བསྐྲུན”ལ་འདེགས་སྐྱོར་སྣེ་ཁྲིད་བྱེད་པ་ཇེ་དྲག་ཏུ་གཏོང་བ། “ཁུ་ནུ་ཕུལ་བྱུང་འཇོན་མི”དང“མཚོ་སྔོན་གྱི་མཁས་པ།” “གསར་གཏོད་འཇོན་མི་རྩེ་གྲས་སྟོང་ཕྲག་འཆར་གཞི”ལག་བསྟར་བྱེད་པ་དང་། སྡོད་ཁང་དང་སྨན་བཅོས། སྤྱི་ཚོགས་འགན་སྲུང་། བུ་བུ་མོ་སློབ་གྲྭར་ཞུགས་པ་སོགས་འགན་སྲུང་ཞབས་ཕྱིའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། འཇོན་མིའི་སྤྱི་གཞིས་འཆར་འགོད་དང་འཛུགས་སྐྲུན་བྱ་དགོས།

ཁེ་ལས་ཀྱི་མ་གནས་ནུས་ལྡན་སྒོས་ཇེ་དམའ་རུ་གཏང་དགོས། མ་གནས་གཅོག་པ་དང་ཕན་འབྲས་འཕར་བའི་ཆེད་དམིགས་འགུལ་སྐྱོད་སྤེལ་བ་དང་། སྲིད་འཛིན་མཆན་འགོད་ཉུང་འཕྲི་དང་། ཁོར་སྲུང་དང་མེ་གསོད། ཁྲལ་དོན། ཁྲོམ་ར་ལྟ་སྐུལ་སོགས་ཀྱི་ཁྲིམས་བསྟར་བྱེད་ཐབས་ལེགས་སྒྱུར་དང་། ཁེ་ལས་ཀྱི་ལུགས་མཐུན་མ་གནས་ཇེ་དམའ་རུ་གཏོང་བ། ཕྲ་ཆུང་ཁེ་ལས་དང་ཐོག་མར་བཏོད་པའི་ཚན་རྩལ་རིགས་ཀྱི་ཁེ་ལས་ལ་ཀུན་ཕན་རང་བཞིན་གྱི་ཁྲལ་བསྡུ་ཉུང་འཕྲི་ལག་བསྟར་བྱེད་ཅིང་། སྤྱི་ཚོགས་འགན་སྲུང་གྲོན་དངུལ་སྤྲོད་ཚད་ཇེ་དམའ་རུ་གཏོང་བ་དང་། གྲོན་དངུལ་སྤྲོད་སྟངས་བརྟན་འཇགས་སུ་གཏོང་བ། ས་གནས་ཀྱི་གྲོན་དངུལ་བསྡུ་བའི་རྣམ་གྲངས་ལ་གཙང་བཤེར་དང་ཚད་ལྡན་དུ་གཏོང་བ་དང་། གྲོན་དངུལ་གང་འདོད་དུ་བསྡུ་བར་ཞིབ་བཤེར་དང་བཅོས་སྐྱོང་བྱེད་པར་ཤུགས་སྣོན་ཅིང་། དཔེ་མཚོན་ལྡན་པའི་གྱོད་དཔེ་ཡོངས་བསྒྲགས་བྱེད་པ། དངུལ་རྩའི་ལས་ཁུངས་ཀྱི་སྤོབས་སྐྱེད་བྱེད་ཐབས་ལེགས་སྒྱུར་ལ་སྐུལ་ལྕག་གཏོང་བ་དང་། དམངས་གཉེར་ཁེ་ལས་དང་ལྷག་པར་དུ་ཁེ་ལས་ཆུང་འབྲིང་གི་དངུལ་བསྲེས་མ་གནས་ཇེ་དམའ་རུ་གཏང་དགོས། གློག་ཤུགས་ཉོ་འཚོང་ཁྲོམ་ར་ཅན་དུ་འགྱུར་བའི་ཚད་ཇེ་མཐོར་གཏོང་བ་དང་། གློག་འདོན་གློག་བགོད་བཅོས་སྒྱུར་ལ་སྐུལ་སྤེལ་བྱེད་པ་ཇེ་མགྱོགས་སུ་གཏང་ཞིང་། གློག་དྲའི་མ་གནས་ཀྱི་ལྟ་སྐུལ་དོ་དམ་བྱེད་སྟངས་ལེགས་བཅོས་དང་། “མཚོ་སྔོན་གྱི་གློག་ཤུགས་ཁྱད་ཁུལ”ཆགས་པར་སྐུལ་སྤེལ་བྱ་དགོས། ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱའི་ཕན་ནུས་ཇེ་མཐོར་གཏོང་བ་དང་། གཞུང་ལམ་དང་གནམ་གྲུ་ཐང་། ལྕགས་ལམ་སོགས་ཀྱི་གྲོན་དངུལ་བསྡུ་ཚད་ཇེ་དམའ་རུ་བཏང་སྟེ་ཟོང་སྐྱེལ་མ་གནས་ཇེ་དམའ་རུ་གཏང་དགོས།

(གཉིས)འགག་གཏོར་གཡུལ་འཐབ་ཆེན་པོ་གསུམ་བསྟུད་མར་ལེགས་པོར་བརྒྱག་པ།

ཉེན་ཁ་སྣ་ཚོགས་ནུས་ལྡན་སྒོས་སྔོན་འགོག་བྱ་དགོས། སྒྲིག་གཞི་རང་བཞིན་གྱི་འཇའ་ཤིང་འདོར་བའི་གཞི་རྩའི་རིག་ལམ་རྒྱུན་འཁྱོངས་དང་། རྒྱལ་དབང་ཁེ་ལས་ཀྱི་འཇའ་ཤིང་འདོར་བ་གཙོར་འཛིན་པ། ཁེ་ལས་ཀྱི་མ་རྩའི་བཀོད་སྒྲིག་ལེགས་སྒྱུར་བྱེད་ཅིང་། “ཁེ་ལས་གཅིག་ལ་སྲིད་ཇུས་གཅིག་གི”ཉེན་ཁ་ཐག་གཅོད་ཇུས་གཞི་དོན་འཁྱོལ་བྱས་ཏེ། ཁྲོམ་ར་ཡོད་ཅིང་དོ་དམ་ལེགས་པ། སྲིད་ཇུས་དང་མཐུན་པའི་ཁེ་ལས་ལ་ཡིད་རྟོན་དངུལ་བུན་གཏོང་བར་ཤུགས་སྣོན་ཅིང་། ཁྲོམ་ར་ཅན་དང་ཁྲིམས་ལུགས་ཅན་གྱི་བུན་འཛིན་མ་རྐང་དུ་བསྒྱུར་བ་དང་ཁེ་ལས་བཅོས་སྒྱུར་ལ་སྐུལ་སྤེལ་བྱས་ནས། གནད་སའི་ཁེ་ལས་ཀྱི་བུ་ལོན་སྤྲོད་མི་ཐུབ་པའི་ཉེན་ཁ་གཞི་རྩའི་སྟེང་ཐག་གཅོད་བྱེད་པ། དངུལ་ཁང་གི་ཉེན་གནས་མ་རྩར་དོགས་ཟོན་དང་། དངུལ་རྩ་དང་འབྲེལ་བའི་ཁྱབ་ཁོངས་སུ་ཡིད་རྟོན་མེད་པའི་གནད་དོན་ལ་ཆེད་དམིགས་བཅོས་སྐྱོང་བྱེད་པ། ཁྲིམས་འགལ་སྒྲིག་འགལ་གྱི་དངུལ་རྩའི་བྱ་འགུལ་ལ་མཐའ་གཅིག་ཏུ་རྡུང་རྡེག་བྱས་ནས། ས་ཁོངས་རང་བཞིན་དང་མ་ལག་རང་བཞིན་གྱི་ཉེན་ཁ་མཐའ་གཅིག་ཏུ་འགོག་དགོས། ས་གནས་བུ་ལོན་གྱི་སྔོན་འགོག་ཐག་གཅོད་ཀྱི་སྲིད་ཇུས་དང་བྱེད་ཐབས་དངོས་འབེབས་དང་། འཕར་ཚད་ལ་ཚོད་འཛིན་བྱེད་ཅིང་། གསོག་ཚད་གཙང་སེལ་དང་ཚད་ཐིག་ལེགས་པོར་འཛིན་དགོས། སྲིད་གཞུང་གི་དངུལ་གཏོང་ལས་གཞི་དོ་དམ་ལ་ཤུགས་སྣོན་པ་དང་། གལ་ཆེ་ཆུང་དང་སྔ་གཞུག་གི་རིམ་པ་བགར་ཏེ། འཛུགས་སྐྲུན་འཆར་འགོད་ཀྱི་འགག་སྒོ་དང་། ལས་གཞི་ཞིབ་འབེབས་ཀྱི་འགག་སྒོ། དངུལ་གཏོང་འཆར་གཞིའི་འགག་སྒོ་བཅས་དམ་འཛིན་བྱེད་པ། “ཁང་པ་ནི་འདུག་སྡོད་དུ་སྤྱོད་པ་ལས་ཡོང་སྒོ་འཚོལ་བྱེད་མིན”པའི་གནས་ཁེལ་རྒྱུན་འཁྱོངས་དང་། ས་ཁང་ཐོན་ལས་ཚོང་རའི་སྔོན་དཔག་དང་ཁང་ཉོའི་བྱ་སྤྱོད་ལ་ལུགས་མཐུན་སྒོས་ཁྲིད་སྟོན་གནང་སྟེ། ཁང་བའི་རིན་གོང་རྒྱུན་ལྡན་མིན་པའི་འཕར་ཆག་འབྱུང་བ་འགོག་དགོས།

གནད་འཁེལ་དབུལ་སྐྱོར་བྱ་བ་ནན་ཏན་གྱིས་བསྒྲུབ་པ། “སྐོར་ཁག་བརྒྱད” དང “ཆེད་དམིགས་བཅུ”ལ་དམིགས་པ་གཅིག་ཏུ་བསྡུས་ནས་ཤུགས་འདོན་པ་རྒྱུན་འཁྱོངས་དང་། དབུལ་སྐྱོར་དང་བློ་སྐྱོར་རིག་སྐྱོར་བཅས་ཕན་ཚུན་ཟུང་འབྲེལ་བྱེད་པར་གཙིགས་ཆེན་བྱེད་པ། “སེམས་ཁུར་མེད་པ་གཉིས་དང་འགན་སྲུང་གསུམ”ཐད་འཕྲད་པའི་གནད་དོན་འབུར་ཐོན་ཅན་གཙོ་གནད་དུ་བཞག་ནས་ཐག་གཅོད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ལྷག་མའི་དབུལ་ཕོངས་རྫོང17གྱིས་དབུལ་ཕོངས་ཀྱི་ཞྭ་མོ་འཕུད་པ་དང་། དབུལ་ཕོངས་སྡེ་བ170དང་དབུལ་ཕོངས་མི་གྲངས་ཁྲི7.7ཡོད་པ་ཚང་མ་དབུལ་ཐར་བྱས་ནས། ལྟོས་མེད་ཀྱི་དབུལ་ཕོངས་མི་གྲངས་གཅིག་ཀྱང་མེད་པ་མངོན་འགྱུར་བྱ་དགོས། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གིས་དབུལ་ཐར་འགག་གཏོར་གྱི་ཆེད་དམིགས་སྐོར་ཞིབ་ཁྲོད་རྙེད་པའི་གནད་དོན་དག་ཐེར་ལེགས་བཅོས་ལེགས་པོར་བྱེད་པ་དང་། ཆེས་དབུལ་སར་དམིགས་པ་གཅིག་ཏུ་བསྡུས་ནས། མ་དངུལ་དང་ལས་གཞི། སྲིད་ཇུས་ཀྱི་བྱེད་ཐབས་གཅིག་བསྡུས་སྒོས། སྤྱི་པའི་ཞབས་ཕྱི་དང་རྨང་གཞིའི་སྒྲིག་བཀོད། གཞི་རྩའི་སྨན་བཅོས་བཅས་འགན་སྲུང་ཡོད་པའི་གནད་དོན་གཙོར་བཟུང་ནས་ཐག་གཅོད་དགོས་ལ། ནོར་གནག་དང་ནས། འོད་ཝོལ། གྲོང་གསེབ་ཡུལ་སྐོར། མི་རིགས་ལག་ཤེས་བཟོ་རྩལ་སོགས་དབུལ་སྐྱོར་ཐོན་ལས་ཆེན་པོ་ལྔར་སྐུལ་སྤེལ་དང་། གྲོང་གསེབ་ཡུལ་སྐོར་ལས་གཞི50ལག་བསྟར་བྱ་དགོས། དམིགས་བསལ་དབུལ་ཕོངས་མི་གྲངས་ལ་གནད་དུ་འཁེལ་བའི་དབུལ་སྐྱོར་བྱེད་པ་དང་། དམིགས་བསལ་རིགས་ཀྱི་དབུལ་ཕོངས་ཁྱིམ་ཚང་གི་ཡུན་ཕན་དབུལ་ཐར་དཀའ་སེལ་རྐྱེན་སྲོལ་འཚོལ་ཞིབ་དང་གསར་འཛུགས་བྱེད་པ། ཡུལ་གཞན་དུ་གནས་སྤར་ནས་དབུལ་སྐྱོར་བྱེད་པའི་རྗེས་མཐུད་བྱེད་ཐབས་ཇེ་དྲག་ཏུ་བཏང་ནས་ནང་སྐྱེས་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ། དབུལ་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དུ་བཏང་ནས། དབུལ་ཕོངས་ཀྱི་ཞྭ་མོ་འཕུད་པ་ལས་སྲིད་ཇུས་སྔར་བཞིན་མི་འགྱུར་བ་དང་། དབུལ་ཕོངས་ཀྱི་ཞྭ་མོ་འཕུད་པ་ལས་འགན་འཁྲི་སྔར་བཞིན་གནས་པ། དབུལ་ཕོངས་ཀྱི་ཞྭ་མོ་འཕུད་པ་ལས་རོགས་སྐྱོར་སྔར་བཞིན་བྱེད་པ་དང་། དབུལ་ཕོངས་ཀྱི་ཞྭ་མོ་འཕུད་པ་ལས་ལྟ་སྐུལ་དོ་དམ་སྔར་བཞིན་བྱེད་ཅིང་། ཞིབ་འཇུག་བྱས་ཏེ་དབུལ་ཕོངས་དང་ཉེ་བར་བཅར་བའི་ཁྱིམ་ཚང་གི་རོགས་སྐྱོར་བྱེད་ཐབས་བཟོ་དགོས།

སྦག་བཙོག་འགོག་བཅོས་ལ་ཕན་འབྲས་གསར་པ་ལེན་པར་སྐུལ་འདེད་བྱ་དགོས། རྒྱལ་ཁབ་ཀྱི《ལྗང་མདོག་ཐཱན་དམའ་འཁོར་སྐྱོད་འཕེལ་རྒྱས་དཔལ་འབྱོར་མ་ལག་འཐུས་ཚང་འཛུགས་པའི་ཐད་ཀྱི་མཛུབ་སྟོན་བསམ་འཆར》དང《ལྗང་མདོག་གསར་འཛུགས་འགུལ་སྐྱོད་ཀྱི་སྤྱིའི་ཇུས་གཞི》དངོས་འབེབས་ལེགས་པོ་བྱེད་པ་དང་། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་ཁེ་ལས་ནི་གཙོ་གཞི་བྱེད་པ། མང་ཚོགས་རྒྱ་ཆེར་ཞུགས་པའི་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་ཚང་གཟུགས་པ། ཀྲུང་དབྱང་ཁོར་སྲུང་ལྟ་ཞིབ་ཀྱིས་བཏོན་པའི་གནད་དོན་དག་ཐེར་ལེགས་བཅོས་བྱེད་པ་དམ་པོར་བཟུང་ནས། ཁོར་སྲུང་འགན་འཁྲི་དངོས་འབེབས་དང་། མཚོན་རྟགས་རང་བཞིན་གྱི་གཡུལ་འཐབ་བརྒྱད་ལེགས་པོར་བརྒྱབ་ནས། སྦགས་བཙོག་བཙན་གྱིས་བཅོས་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། གནམ་སྔོན་སྲུང་འཐབ་ཀྱི་ལོ་གསུམ་གཡུལ་འགྱེད་ལ་རྒྱལ་ཁ་ལེན་པའི་འཆར་གཞི་ལག་བསྟར་བྱས་ཏེ། མཉམ་འགོག་ཚོད་འཛིན་ཇེ་དྲག་ཏུ་གཏོང་བ་དང་། ཏུན10མན་གྱི་སོལ་ཐབ་འོས་འཚམ་གྱིས་མེད་པར་བཟོ་བ། ཡུལ་བབ་དང་བསྟུན་ནས“རྡོ་སོལ་གློག་ཏུ་བསྒྱུར་བ་དང་རྡོ་སོལ་རང་བྱུང་སོལ་རླངས་ལ་བསྒྱུར་བ”སོགས་དྭངས་གཙང་དྲོད་འདོན་ལ་སྐུལ་འདེད་དང་། འཕྲུལ་འཁོར་རིགས་ཀྱི་མཇུག་རླངས་སྦག་བཙོག་བཅོས་སྐྱོང་ལ་ཤུགས་སྣོན་དགོས། བཟོ་ལས་ཀྱི་སྦག་བསླད་འབྱུང་ཁུངས་ཀྱི་བཙོག་འབུད་ཚད་ལོངས་དོ་དམ་བྱ་བ་སྤེལ་ནས། མཁའ་དབུགས་སྤུས་ཀ་བརྟན་པོའི་ངང་མཐོར་འདེགས་འབྱུང་བར་ཁག་ཐེག་བྱ་དགོས། ཆུའི་སྦག་བཙོག་འགོག་བཅོས་འགུལ་སྐྱོད་ཀྱི་འཆར་གཞི་གཏིང་ཟབ་སྒོས་ལག་བསྟར་བྱས་ཏེ། “ཆུ་བདག་ལམ་ལུགས”དང“མཚེའུ་བདག་ལམ་ལུགས”དངོས་འབེབས་བྱེད་པ་དང་། བཏུང་ཆུའི་མགོ་ཁུངས་ཀྱི་དོ་དམ་སྲུང་སྐྱོང་ལ་ཤུགས་བསྣན་ནས། མཁར་གྲོང་བཙོག་ཆུ་གཙང་བཟོའི“སྤུས་མཐོ་ནུས་འཕར”གྱི་ལོ་གསུམ་འགུལ་སྐྱོད་སྤེལ་བ་དང་། གྲོང་ཁྱེར་གྱི་བཙོག་རུལ་ཆུའི་བཅོས་སྐྱོང་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་གཏང་དགོས། ས་གཤིས་སྦག་བཙོག་འགོག་བཅོས་ཀྱི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱས་ཏེ། ས་གཤིས་སྦག་བཙོག་བཟོ་བར་དོ་དམ་ཚོད་འཛིན་དང་ཉམས་གསོ་བྱེད་པར་ཤུགས་སྣོན་དགོས། “ལྗང་མདོག་ཕྲ་ཕུང་ལས་གྲྭ”ཏན་ཏིག་གིས་སྤེལ་བ་དང་། ལྗང་མདོག་འཛུགས་སྐྲུན་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། ནུས་ཁུངས་གསར་པའི་རླངས་འཁོར་ཁྱབ་གདལ་གཏོང་བ་དང་ལྗང་མདོག་འགྲོ་འོང་ལ་སྐུལ་ལྕག་གཏང་དགོས། སྲ་གཟུགས་ཟོག་རོ་རིགས་བགར་ནས་ཕྱིར་བསྡུ་བ་དང་སྐྱེལ་འདྲེན། ཐག་གཅོད། འཁོར་རྒྱུག་བེད་སྤྱོད་བཅས་བྱེད་པའི་མ་ལག་འཛུགས་པ་དང་། འཚོ་བའི་གད་སྙིགས་རིགས་བགར་ཚོད་ལྟའི་བྱ་བ་སྤེལ་ནས། གྲོང་ཁྱེར་གྱི་གད་སྙིགས་བསྲེགས་པ་ཐག་གཅོད་པའི་ལས་གཞི་མགོ་རྩོམ་དགོས་པ་དང་། ས་ཁོངས་སུ་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་དང་རྫོང་འཛུགས་དགོས་ལ། ཞིང་ཆེན་མན་གྱི་སྐྱེ་ཁམས་ཁོར་ཡུག་ལས་ཁུངས་ཀྱི་ལྟ་ཞིབ་ཚད་ལེན་དང་ལྟ་ཞིབ་ཁྲིམས་བསྟར་གྱི་ཐད་ཀའི་དོ་དམ་ལམ་ལུགས་བཅོས་སྒྱུར་བྱེད་པ་ཡོངས་འགྲུབ་བྱ་དགོས།

(གསུམ)གྲོང་གསེབ་དར་སྤེལ་ལ་ཏན་ཏིག་གིས་སྐུལ་འདེད་གཏང་དགོས།

ཞིང་ཕྱུགས་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཇེ་ཟབ་ཏུ་གཏང་དགོས། གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་ལག་བསྟར་བསམ་འཆར་དང་འཆར་འགོད་རྩ་འཛུགས་སྒོས་ལག་བསྟར་བྱེད་པ་དང་། འགུལ་སྐྱོད་འཆར་གཞི་ཆེན་མོ་བཅུ་ལ་སྐུལ་སྤེལ་བྱས་ཏེ། སྡེ་བ27ལ་ཚོད་ལྟ་བྱེད་པའི་བྱ་བ་ལེགས་པོར་བཟུང་བའི་རྨང་གཞིའི་སྟེང་། ད་དུང་རོགས་སྐྱོར་བྱ་ཡུལ་སྡེ་བ25གཏན་འཁེལ་བྱས་ནས་དཔེ་སྟོན་འཛུགས་པར་ཚོད་ལྟ་བྱེད་པ། འབྲུ་རིགས་ཀྱི་ཐོན་སྐྱེད་ནུས་པ་བརྟན་འཇགས་དང་། འབྲུ་རིགས་གསོག་འཇོག་ནི་ཞིང་སར་བརྟེན་པ་དང་འབྲུ་རིགས་གསོག་འཇོག་ནི་ལག་རྩལ་ལ་བརྟེན་པ་དངོས་འབེབས་བྱེད་ཅིང་། རྒྱང་བསྟེན་གསོག་འཇོག་ཇེ་དྲག་ཏུ་བཏང་ནས། འབྲུ་རིགས་ཀྱི་ཁྲོམ་རའི་མཁོ་སྤྲོད་ལ་ཁག་ཐེག་བྱ་དགོས། གྲོང་གསེབ་དཔལ་འབྱོར་འཕེལ་རྒྱས་དུམ་ཁུལ་ཚན་རིག་དང་མཐུན་པར་བགོས་ཏེ། ཤར་རྒྱུད་ཀྱི་ཕན་འབྲས་མཐོ་བའི་ཁྱད་ལྡན་འདེབས་གསོ་དཔེ་སྟོན་ཁུལ་དང་མཚོ་སྔོན་པོ་མཐའ་སྐོར་གྱི་ཞིང་ཕྱུགས་ལས་སྣོལ་འདྲེས་སྔོན་སྐྱོད་ཁུལ། མཚོ་སྔོན་ལྷོ་ཕྱོགས་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་སྲུང་སྐྱོབ་འཕེལ་རྒྱས་ཁུལ། ཉ་ལས་ཐོན་ཁུངས་སྲུང་སྐྱོབ་དང་འོས་འཚམ་གསར་སྤེལ་རྒྱུད་བཅས་གནད་སར་བཞག་ནས་བསྐྲུན་པ་དང་། ས་ཁོངས་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་པ། “སྒོར་ཐེར་འབུམ་ཅན་བཞིའི”ཐོན་ལས་མུ་མཐུད་དུ་བསྐྲུན་པ་དང་། རྒྱལ་ཁབ་རིམ་པའི་ཐོན་ལས་གླིང་གཅིག་དང་ཞིང་ཆེན་རིམ་པའི་དེང་རབས་ཞིང་ཕྱུགས་ལས་ཐོན་ལས་གླིང5གཏན་འཁེལ་བྱ་རྒྱུ། ལུད་རྫས་དང་ཞིང་སྨན་གྱི་ཚད་ཇེ་ཉུང་དང་ཕན་ནུས་ཇེ་མཐོར་གཏོང་བའི་འགུལ་སྐྱོད་ཕྱོགས་ཡོངས་ནས་སྤེལ་བ་དང་། “ཚོང་རྫས་གསུམ་དང་མཚོན་རྟགས་གཅིག”དཔང་བདེན་ར་སྤྲོད་དང་ཚད་གཞི་ཅན་གྱི་འདེབས་གསོ་ཁྱབ་སྤེལ་གཏང་བ་དང་། ཞིང་ཕྱུགས་ཉ་བཅས་ཀྱི་ཚད་ལྡན་ཅན་གྱི་ལྗང་མདོག་ཐོན་སྐྱེད་ལག་བསྟར་བྱེད་པ། ནོར་གནག་དང་བོད་ལུག་སོགས་ཞིང་ཕྱུགས་ཐོན་རྫས་གཙོ་བོའི་སྤུས་ཀའི་ཁུངས་འདེད་ཚོད་ལྟ་སྤེལ་བ་དང་། ནོར་ལུག་གི་ཤ་དང་འཕང་འབྲས། ཆུ་འཁྱགས་ཉ་སོགས་སྤུས་ལེགས་ཐོན་རྫས་ཁྲོམ་ར་རྩེ་གྲས་ལ་མཁོ་སྤྲོད་བྱེད་པའི་རྒྱ་ཆེ་རུ་གཏང་དགོས། ནོར་གནག་དང་ནས། སན་ཝིན་ཉ་ཡི་ཚད་ཐིག་ནི་རྒྱལ་ཁབ་ཀྱི་ཚད་ཐིག་དང་མཐུན་པར་བརྩོན་ལེན་བྱས་ནས། “མཚོ་སྔོན་རྟགས་རྙིང་གྲགས་ཅན”གྱི་ཁྱད་ལྡན་ཞིང་ལས་ཟོང་རྟགས་སྐོར་ཞིག་བསྐྲུན་དགོས། ཧྥེ་གླིང་ཕག་ནད་ལ་སྔོན་འགོག་དང་ཚོད་འཛིན། ཐག་གཅོད་བཅས་ནུས་ལྡན་བྱས་ཏེ་ནད་མཆེད་པ་མཐའ་གཅིག་ཏུ་འགོག་དགོས། རོང་འབྲོག་པའི་གཙོ་གཞིའི་བྱེད་ནུས་དང་གསར་གཏོད་སྙིང་སྟོབས་འདོན་སྤེལ་བྱེད་པར་མཐོང་ཆེན་བྱས་ནས། སྲིད་ཇུས་ཀྱི་རྒྱབ་སྐྱོར་འཐུས་ཚང་དང་རྩལ་ནུས་གསོ་སྦྱོང་ལ་ཤུགས་བསྣན་ཏེ། གྲོང་གསེབ་དར་སྤེལ་གྱི་ནང་སྐྱེས་སྒུལ་ཤུགས་སྐུལ་སློང་བྱ་དགོས།

ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་མ་ལག་གཟུགས་དགོས། བཟོ་ལས་ཅན་གྱི་འདུ་ཤེས་ཀྱིས་ཞིང་ཕྱུགས་ལས་འཕེལ་རྒྱས་གཏོང་བ་དང་། ཞབས་ཕྱི་ལས་རིགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཞིང་ཕྱུགས་ལས་གཉེར་ཞིང་། མ་རྩ་དང་འཇོན་མི། ཚན་རྩལ། འདུ་ཤེས་གཞི་རིམ་དུ་བསྐྱོད་པར་སྐུལ་འདེད་བྱས་ཏེ། ཐོན་ལས་སྟོབས་ལྡན་གྲོང་རྡལ10འཛུགས་སྐྱོང་དང་། “སྡེ་བ་གཅིག་ལ་ཐོན་རྫས་གཅིག”དང“ཞང་གཅིག་ལ་ཐོན་རྫས་གཅིག”གི་ཐོན་ལས20བསྐྲུན་དགོས། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལས་རིགས་མཐོར་འདེགས་ལས་གྲྭ་ལག་བསྟར་དང་། ཐོན་ཁུལ་གཙོ་བོའི་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོག་མའི་ལས་སྣོན་དང་ཡང་བསྐྱར་ལས་སྣོན་ཞིབ་མོར་བྱེད་པ། ཕྱོགས་བསྡུས་ཀྱིས་བཀོལ་སྤྱོད་བྱེད་པར་རྒྱབ་སྐྱོར་དང་། མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཇེ་མཐོར་གཏང་དགོས། སྤྲོ་གསེང་ཞིང་ཕྱུགས་ལས་དང་གྲོང་གསེབ་ཡུལ་སྐོར་སྤུས་ལེགས་ལས་གྲྭ་ལག་བསྟར་བྱས་ཏེ། སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་སྤུས་ལེགས་ཟོང་རྟགས10ཡན་བསྐྲུན་པ་དང་ངོ་སྦྱོར་བྱ་དགོས་ལ། དེང་རབས་གཞིས་ཀའི་ཕྱུགས་ར་སྐོར་ཞིག་བསྐྲུན་པ་དང་། གྲོང་གསེབ་བདེ་ཐང་རྒན་གསོ་ལས་གཞི་ཇུས་འགོད་ལག་བསྟར་བྱ་དགོས། ཞིང་ཕན་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། སྤྱི་ཕན་ཞབས་ཕྱི་དང་དམངས་བདེ་ཞབས་ཕྱི། གློག་རྡུལ་ཚོང་དོན། གསོ་སྦྱོང་དང་མྱོང་རོལ་བཅས་ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ་དང་། “ཀུང་སི+རོང་འབྲོག་པའི་མཉམ་འབྲེལ་ཁང+རྟེན་གཞི+རོང་འབྲོག་པ”ཡི་ཐོན་ལས་ཅན་གྱི་མཉམ་འབྲེལ་སྒྲིག་གཞི10སྒྲིག་འཛུགས་དང་། རོང་འབྲོག་པའི་ཆེད་ལས་མཉམ་འབྲེལ་ཁང100ལ་རྒྱབ་སྐྱོར་བྱེད་ཅིང་། རོང་འབྲོག་པ་ཁྲི་གཅིག་ལ་ལས་རིགས་གསར་པའི་གསོ་སྦྱོང་བྱེད་པ་དང་། ཞིང་ཁྱིམ་ཆུང་བའི་ཐོན་སྐྱེད་ལས་གཉེར་གྱི་དཀའ་ཁག་གཅིག་གྱུར་སྒོས་འཆར་འགོད་བྱས་ཏེ་ཐག་གཅོད་བྱ་རྒྱུ།

སྐྱེ་ཁམས་འདུག་སྡོད་ལ་འཚམ་པའི་ཁྱིམ་གཞིས་གསར་པ་གཟུགས་དགོས། “ཞང་བརྒྱ་དང་སྡེ་བ་སྟོང་གི་དཔེ་སྟོན་ལས་གྲྭ”མགོ་བརྩམ་ནས་ལག་བསྟར་བྱེད་པ་དང་། ལྗང་མདོག་གྲོང་སྡེ་འཛུགས་སྐྲུན་བྱེད་པ། འཛུགས་སྐྲུན་རྣམ་པ་མཐོར་འདེགས་ཀྱི་ལས་གྲྭ་ལག་བསྟར་བྱེད་པ་དང་། སྲོལ་རྒྱུན་སྡེ་བ་དང་སྲོལ་རྒྱུན་སྡོད་དམངས་ཀྱི་སྲུང་སྐྱོབ་ལ་ཤུགས་སྣོན་པ། མཐོ་སྒང་གི་མཛེས་པའི་གྲོང་སྡེ300ལག་བསྟར་བྱེད་ཅིང་། ཁ་ཐོར་འཛུགས་སྐྲུན་ནས་ས་ཁོངས་མུ་སྦྲེལ་གྱི་སྤྱི་ཡོངས་ལ་སྐུལ་སྤེལ་བྱེད་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བྱེད་པ་དང་། རིགས་བགར་བ་དང་རིམ་པ་བགར་ནས་གྲོང་སྡེ་འཛུགས་སྐྲུན་བྱ་དགོས། རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་གཏོང་བར་ཤུགས་སྣོན་པ་དང་། བཏུང་ཆུའི་བདེ་འཇགས་དང་གློག་དྲ་བསྒྱུར་བཀོད། བསྐྱར་སྐྱེ་ནུས་ཁུངས་གསར་སྤེལ་དང་བཀོལ་སྤྱོད། གྲངས་འཛིན་གྲོང་གསེབ་སོགས་ཀྱི་ལས་གྲྭ་ལེགས་པར་འཛིན་པ། ཞིང་སྡེའི་གཞུང་ལམ་སྤྱི་ལེ4000དང་དམངས་བདེ་ཟམ་པ150བསྐྲུན་ནས། རོང་འབྲོག་ཁུལ་གྱི་གཞི་རྩའི་འགྲོ་སྐྱོད་ཆ་རྐྱེན་ལ་འགན་སྲུང་བྱེད་པ་དང་། གྲོང་གསེབ་ལ་སྤྱི་སྤྱོད་རླངས་འཁོར་གཏོང་བར་སྐུལ་ལྕག་བཏང་ནས། ཆ་རྐྱེན་འཛོམས་པའི་སྲིད་འཛིན་སྡེ་བ་ཚང་མར་འགྲུལ་སྐྱེལ་རླངས་འཁོར་གཏོང་བ་མངོན་འགྱུར་བྱ་དགོས། ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་བྱེད་པའི་ལོ་གསུམ་འགུལ་སྐྱོད་ལེགས་པར་སྤེལ་ནས། གྲོང་སྡེ་དང་འབྲོག་པའི་གཏན་སྡོད་བྱེད་ས1000ལ་བཅོས་སྐྱོང་བྱེད་པའི་ལས་གཞི་མུ་མཐུད་དུ་བཀོད་སྒྲིག་བྱེད་པ་དང་། ཞིང་སྡེའི་བཙོག་ཆུ་དང་གད་སྙིགས་དབྱེ་སེལ་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ལས་གཉེར་བདག་སྐྱོང་གི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་འཛུགས་པ། ཤར་ཕྱོགས་ཞིང་ལས་ས་ཁུལ་གྱི་རྡོ་སོལ་ཐར་ཐོར་གྱི་ཚབ་གཞན་གྱིས་བྱེད་པར་སྐུལ་འདེད་དང་། “སྤྱིལ་ཁང་ཆེན་མོའི”གནད་དོན་ལ་ཆེད་དམིགས་བཅོས་སྐྱོང་བྱ་དགོས།

ཞིང་ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཚད་ཐིག་མཐོ་བའི་ས་ཞིང་འཛུགས་སྐྲུན་དང་དེང་རབས་འདེབས་འཛུགས་ལས་རིགས་འཛུགས་སྐྲུན། དེང་རབས་ཞིང་ཕྱུགས་ལས་ཚན་རྩལ་གསར་གཏོད་བཅས་ལ་སྐུལ་འདེད་བྱེད་པ། ཤེས་རིག་ཞིང་ཕྱུགས་ལས་ཀྱིས་སྣེ་ཁྲིད་པ། འདེབས་གསོ་ཟུང་འབྲེལ་གྱི་འཁོར་སྐྱོད་ཞིང་ལས་སོགས་ཆེད་དམིགས་ལས་གྲྭ་ལག་བསྟར་བྱེད་ཅིང་། ཞོག་ཁོག་དང་པད་ཁ། གཟན་རྩྭ་ཐོན་སྐྱེད་གོ་རིམ་འཕྲུལ་ཆས་ཅན་གྱི་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་། ཞིང་ཕྱུགས་ལས་ལག་རྩལ་དང་སྒྲིག་ཆས་གསར་སྒྱུར་མཐོར་འདེགས་བྱེད་པ། ཆུ་མཁོ་སྤྲོད་ཀྱི་བདེ་འཇགས་དང་ཆུ་ལོག་འགོག་སྲུང་བདེ་འཇགས། སྐྱེ་ཁམས་བདེ་འཇགས་བཅས་དཀྱིལ་སྙིང་ཡིན་པའི་ཆུའི་བདེ་འཇགས་འགན་སྲུང་མ་ལག་མགྱོགས་མྱུར་སྒོས་བཙུགས་ནས། འཇུ་ལག་ཆུ་ཙོང་ཆུར་འདྲེན་པའི་མ་ཡུར་ནུབ་མ། ཙོང་ཆུའི་མ་ཡུར་བྱང་མའི་ལས་གྲྭ་སྐབས་གཉིས་པ། ཞོས་ཅི་འགག་ཆུ་བེད་ལྟེ་གནས་དང་ན་ལིན་ཀེ་ལིའུ་ཆུ་བེད་ལྟེ་གནས་སོགས་ཀྱི་ལས་གྲྭ་ལག་བསྟར་གང་ལེགས་བྱེད་པ་དང་། “རྨ་ཆུ་ཟི་ལིང་དུ་འདྲེན་པའི”ལས་གྲྭ་ནི། ཆུའི་ཐོན་ཁུངས་ཀྱི་བཀོད་སྒྲིག་ལེགས་སྒྱུར་དང་ལན་གྲུ་དང་ཟི་ལིང་གི་ཡུག་འབྲེལ་གྲོང་ཚོགས་ཀྱི་ཆུའི་ཐོན་ཁུངས་མི་འདང་བའི་གནད་དོན་ཐག་གཅོད་པའི་སྐྱེ་ཁམས་དང་དམངས་ཚིས་ལས་གྲྭ་གལ་ཆེན་ཞིག་ཡིན་པས། དུས་མགོའི་བྱ་བར་ཤུགས་ཡོད་རྒུས་སྐུལ་སྤེལ་བྱས་ཏེ་ལོ་འདིའི་ནང་ལས་མགོ་བརྩམ་ཐུབ་པ་བརྩོན་ལེན་བྱ་དགོས། ཙོང་ཆུ་ལྷོ་འགྲམ་ཆུ་འདྲེན་དང“ཐང་གསུམ”ཆུ་འདྲེན་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་། ཚྭ་འདམ་གཞོང་སའི་ཆུའི་ཐོན་ཁུངས་བཀོད་སྒྲིག ཤང་བདེ་ཆུ་མཛོད་དང་དེའི་ཆུ་གཏོང་ཡུལ། “འབྲི་ཆུ་ཚྭ་འདམ་གཞོང་ལ་འདྲེན་པ”སོགས་ལས་གྲྭ་གལ་ཆེན་གྱི་དུས་མགོའི་བྱ་བར་སྐུལ་སྤེལ་དང་། གུང་ཧོའི་གཞོང་ས་དང་དེའི་མཐའ་སྐོར་གྱི་ཆུའི་ཐོན་ཁུངས་བཀོད་སྒྲིག་ལས་གྲྭར་ཞིབ་འཇུག་སྐུལ་འདེད་གཏང་དགོས།

(བཞི)སྐྱེ་ཁམས་ཐོན་རྫས་སྤུས་ལེགས་ཀྱི་མཁོ་སྤྲོད་འཕར་སྣོན་གཏང་དགོས།

སྐྱེ་ཁམས་དཔལ་ཡོན་མ་ལག་བསྐྲུན་དགོས། གཙང་གསུམ་མགོ་ཁུངས་ཀྱི་རྒྱལ་ཁབ་སྤྱི་གླིང་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟའི་བྱ་བ་ལེགས་པོར་བཟུང་ནས། མཚོ་སྔོན་པོ་དང་ཁུ་ནུ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་སྙན་ཞུ་མྱུར་དུ་འབུལ་བ་དང་། རྒྱལ་ཁབ་སྤྱི་གླིང་ནི་གཙོ་གཞི་དང་རང་བྱུང་སྲུང་སྐྱོབ་ཁུལ་ནི་རྨང་གཞི་ཡིན་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཀྱིས་ཁ་གསབ་བྱེད་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་དོ་དམ་མ་ལག་འཛུགས་དགོས་ཤིང་། “རྒྱལ་ཁབ་སྤྱི་གླིང་གླེང་སྟེགས”དང“འཛམ་གླིང་རང་བྱུང་ཤུལ་བཞག་ས་ཞིང་གླེང་སྟེགས”ལ་གྲ་སྒྲིག་ལེགས་པོ་བྱེད་པ་དང་། གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་གི་སྤྱི་བསྒྲགས་ཁྱབ་སྤེལ་བྱེད་པ། གཙོ་གཞིའི་བྱེད་ནུས་ཁུལ་གྱི་འཐབ་ཇུས་གཏིང་ཟབ་སྒོས་ལག་བསྟར་བྱེད་པ་དང་། ཞིང་ཆེན་རིམ་པའི་བར་སྟོང་འཆར་འགོད་མྱུར་དུ་སྒྲིག་བཟོ་བྱེད་པ། ཐོན་ཁུངས་ཁོར་ཡུག་ཐེག་ནུས་ཀྱི་ཚོད་ལྟའི་གདེང་འཇོག་བྱ་བ་དང་རྒྱལ་ཁོངས་བར་སྟོང་གསར་སྤེལ་གྱི་འཕྲོད་ཤུགས་གདེང་འཇོག་ལ་ཧུར་ཐག་གིས་སྐུལ་སྤེལ་བྱེད་ཅིང་། “ཁུལ་གསུམ་ཐིག་གསུམ”ཚན་རིག་དང་མཐུན་པར་དབྱེ་འབྱེད་གཏན་འབེབས་བྱེད་པ་དང་། གཙོ་གཞིའི་བྱེད་ནུས་ཁུལ་གྱི་འཐབ་ཇུས་གནས་སྟངས་གྲོང་ཁྱེར་དང་རྫོང་རིམ་པར་གནད་འཁེལ་སྒོས་དོན་འཁྱོལ་བྱེད་པ་མངོན་འགྱུར་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དམར་ཐིག་དབྱེ་འབྱེད་གཏན་འབེབས་དང་ནན་སྲུང་བྱེད་པ་དང་། རང་བྱུང་སྲུང་སྐྱོང་ས་ཆའི་འགྲེམ་ཚུལ་སྡེབ་སྒྲིག་བྱེད་ཅིང་། རང་བྱུང་སྲུང་སྐྱོང་ས་ཆའི་ས་མཚམས་ལ་ཐོ་རྟགས་འཛུགས་པ་དང་། “སྐུད་གསུམ་ཐོ་གཅིག”གི་དོ་དམ་རྐྱེན་སྲོལ་བཙུགས་ནས། “གནམ་ས་བར་སྣང་གཞི་གཅིག་ཅན”གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་ཉེན་བརྡ་དང་ཕྱོགས་བསྡུས་ལྟ་སྐུལ་ཚོད་འཛིན་སྟེགས་བུ་འཐུས་ཚང་དུ་གཏོང་བ་དང་། རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་བདག་དབང་མ་ལག་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་ཐོན་རྫས་རིན་ཐང་མངོན་འགྱུར་རྐྱེན་སྲོལ་འཚོལ་ཞིབ་འཛུགས་སྐྲུན་བྱས་ནས། རྒྱུན་རྣམ་ཅན་དང་སྣ་མང་ཅན། ཁྲོམ་ར་ཅན་གྱི་དངུལ་གཏོང་འགན་སྲུང་རྐྱེན་སྲོལ་རིམ་པ་བཞིན་གཟུགས་དགོས་ལ། ལྗང་མདོག་རིན་ཐང་ལྟ་ཚུལ་ཤུགས་ཆེན་པོས་དར་སྤེལ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་གི་ཚན་རིག་ཁྱབ་གདལ“ལྔ་བསྐྱོད”དང་ཁོར་སྲུང་སློབ་ཁང་ཆེན་མོ། ལྗང་མདོག་འཛུགས་སྐྲུན་སོགས་ཀྱི་བྱ་འགུལ་སྤེལ་དགོས།

སྐྱེ་ཁམས་ལས་གྲྭ་འཛུགས་སྐྲུན་ལེགས་པོར་གཟུང་དགོས། གནད་སའི་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ལས་གྲྭར་ཏན་ཏིག་གིས་སྐུལ་སྤེལ་བྱེད་པ་དང་། གཙང་གསུམ་མགོ་ཁུངས་ཀྱི་སྐབས་གསུམ་པ་དང་མདོ་ལ་རི་བོའི་སྐབས་གཉིས་པ་སོགས་ལས་གཞི་གསར་པ་ཇུས་འགོད་བྱེད་པ། རང་བྱུང་ནགས་སྲུང་སྐྱོབ་དང་ཕྱུགས་སྐྱུར་རྩྭ་འདེབས་ཆེད་དམིགས་ལས་གྲྭ་ལེགས་པོར་འཛིན་དགོས། མུ་ལེ་སོགས་གཏེར་ཁུལ་གྱི་སྐྱེ་ཁམས་སླར་གསོ་ལ་སྐུལ་སྤེལ་གཏང་དགོས། ཙོང་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཉམས་གསོ་དང་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ་འཆར་འགོད་དང་ལག་བསྟར་བྱེད་ཅིང་། ཙོང་ཆུའི་འགྲམ་རྒྱུད་ཀྱི་གནས་ལ་འཚམ་པའི་ས་རྒྱུད་དང་མཛེས་ལྗོངས་ཁུལ། སྐྱེ་ཁམས་ཁྱམས་ར་བཅས་ཤུགས་ཆེན་པོས་བསྐྲུན་པ་དང་། གཏེར་ཁའི་ཐོན་ཁུངས་གསར་སྤེལ་གཅིག་བསྡུས་ས་ཁུལ་གྱི་ས་གཤིས་ཁོར་ཡུག་བཅོས་སྐྱོང་དང་སྐྱེ་ཁམས་ཉམས་གསོ་བྱེད་པར་ཤུགས་སྣོན་ཅིང་། ན་གོར་མོ་དང་ཏུའུ་ལན་རྫོང་། ཚྭ་འདམ་གཞོང་ཆེ་བ་བཅས་རྒྱལ་ཁབ་རིམ་པའི་གཏེར་ལས་ལྗང་མདོག་འཕེལ་རྒྱས་དཔེ་སྟོན་ཁུལ་ཧུར་ཐག་གིས་གཟུགས་པ། རྒྱལ་ཁོངས་ལྗང་སྒྱུར་ལེགས་པོར་འཛིན་པ་དང་། རྨ་ཆུ་དང་ཙོང་ཆུའི་ལྗང་མདོག་འགོག་ར། ནགས་སྐྲུན་ལྗང་སྒྱུར་གྱི་གནད་སའི་ལས་གྲྭ། གྲོང་ཁྱེར་དང་གྲོང་གསེབ་ལྗང་སྒྱུར་མཛེས་སྒྱུར། ཚད་གཞི་མཐོ་བའི་བཀག་མེད་བགྲོད་ལམ་འཛུགས་སྐྲུན། དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་སོགས་འགུལ་སྐྱོད་ཆེན་པོ་བརྒྱད་གནད་སར་བཞག་ནས་སྤེལ་དགོས་ལ། སྡོང་འཛུགས་ནགས་སྐྲུན་མུའུ་ཁྲི400ཡན་ཡོངས་འགྲུབ་བྱ་དགོས།

(ལྔ)ཞིང་ཆེན་གྱི་ནང་མཁོ་ཧུར་ཐག་གིས་རྒྱ་བསྐྱེད་དགོས།

དངུལ་གཏོང་གི་བྱེད་ནུས་གཙོ་བོ་འདོན་སྤེལ་བྱ་དགོས། “ལས་གཞི་གྲུབ་པའི་ལོའི”བྱ་འགུལ་གཏིང་ཟབ་སྒོས་སྤེལ་བ་དང་། མི་འདང་ས་ཁ་གསབ་དང་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། དུས་མགོའི་འགག་སྒྲོལ། མཆན་འགོད་འགག་ལམ་གཏོར་བ་སྟེ“ལས་གྲྭ་ཆེན་པོ་གསུམ”ལག་བསྟར་བྱེད་ཅིང་། དངུལ་གཏོང་གི་ཕན་འབྲས་རང་བཞིན་དང་གནད་འཁེལ་རང་བཞིན་ཧུར་ཐག་གིས་ཇེ་མཐོར་གཏོང་བ། རྨང་གཞིའི་སྒྲིག་བཀོད་ཀྱི་མི་འདང་སར་ཁ་གསབ་བྱེད་པའི་མཐུན་སྦྱོར་རྐྱེན་སྲོལ་མགྱོགས་མྱུར་གྱིས་གཟུགས་པ་དང་། ལས་གཞི་གལ་ཆེན་གསོག་ཉར་གྱི་བརྡ་བསྒྲགས་ལག་བསྟར་བྱེད་པ། ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་ལེགས་པོར་སྤྱོད་ཅིང་། དབུལ་སྒྲོལ་འགག་གཏོར་དང་ཞིང་ལས་ཞིང་སྡེ། ཆུ་བེད། སྐྱེ་ཁམས་སྲུང་སྐྱོབ། སྤྱི་ཚོགས་དམངས་ཚིས། ནུས་ཁུངས། འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མི་འདང་སར་ཁ་གསབ་བྱེད་པར་མ་དངུལ་གཏོང་ཚད་ཇེ་ཆེར་བཏང་ནས། རྨང་གཞིའི་སྒྲིག་བཀོད་སྤུས་ཀ་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱ་དགོས། ན་གོར་མོ་ནས་ཏུན་ཧོང་བར་གྱི་ལྕགས་ལམ་དང་། ན་གོར་མོ་ནས་ཁོའུ་ཨར་ལི་བར་གྱི་ལྕགས་ལམ། མཚོ་བོད་ལྕགས་ལམ་ན་གོར་མོ་ནས་ལྷ་སའི་ནུས་བསྐྱེད་བསྒྱུར་བཀོད་བཅས་ལེགས་པར་གྲུབ་ནས་འཁོར་བསྐྱོད་བྱ་དགོས་ཤིང་། ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ལས་མགོ་བརྩམ་པ། མཚོ་བོད་ལྕགས་ལམ་ན་གོར་མོ་ནས་ལྷ་ས་བར་གྱི་དུམ་མཚམས་ཀྱི་གློག་ཤུགས་ཅན་གྱི་བསྒྱུར་བཀོད་ཀྱི་དུས་མགོའི་བྱ་བར་སྐུལ་སྤེལ་བྱེད་པ། ཟི་ལིང་ནས་ན་གོར་མོའི་དུམ་མཚམས་ཀྱི་མྱུར་བགྲོད་ལྕགས་ལམ་གྱི་དུས་མགོའི་ཞིབ་འཇུག་བྱ་བ་སྤེལ་བ། “ཤར་རྒྱུད་དུ་དྲ་བ་ཆགས་པ། ནུབ་རྒྱུད་སྟབས་བདེ་བ། མཚོ་སྔོན་ལྷོ་ཕྱོགས་ཤར་གཏོང་ཐུབ་པ། ཞིང་ཆེན་བར་འབྲེལ་མཐུད་བྱེད་པའི”གཞུང་ལམ་དྲ་བ་ཧུར་ཐག་གིས་བསྐྲུན་པ། པེ་ཅིང་དང་ལྷ་སའི་མྱུར་བགྲོད་གཞུང་ལམ་ལས་རྩ་བ་ནས་རིག་སྨོན་བར་གྱི་དུམ་མཚམས་དང་། མན་བདེ་ལ་ནས་ཏ་ཐུང་མྱུར་བགྲོད་གཞུང་ལམ་ལས་ཁུ་ཐུའུ་ནས་ཏ་ཐུང་དུམ་མཚམས་ལེགས་འགྲུབ་བྱེད་པ། ཟི་ལིང་ནས་ཧུའུ་ཀྲུའུ་དང་། རྒྱ་ཏིག་ནས་ནུབ་མཚོ་དང་ཚྭ་ཧན་ནོ། སྤེན་མདོ་ཉག་ག་ནས་མིན་ཡོན་སོགས་བར་གྱི་མྱུར་བགྲོད་གཞུང་ལམ་དང་། ཧི་ནན་ནས་ཨིར་ཧ་ཆིས་ཟམ་པ་སྟེ་མཚོ་སྔོན་དང་ཀན་སུའུ་འབྲེལ་མཚམས་སོགས་གཞུང་ལམ་མགྱོགས་མྱུར་གྱིས་བསྐྲུན་པ། དཔའ་ལུང་ནས་ཞུན་ཧྭ་དང་། ཡེ་ཧྲ་ཧྲན་ནས་མཚོ་སྔོན་དང་ཤིན་ཅང་འབྲེལ་མཚམས། ན་གོར་མོ་ནས་མང་ནེ་སོགས་བར་གྱི་མྱུར་བགྲོད་གཞུང་ལམ་དང་ཕན་ཕོ་ལ་ནས་ཏ་ཐུང་ཆུ་བོ་སོགས་ཀྱི་གཞུང་ལམ་ལས་མགོ་བརྩམ་པ། “ཤར་གཏོང་ཟི་ལིང”གི་གེགས་མེད་འགྲིམ་འགྲུལ་རིམ་སྤར་ཅན་ལག་བསྟར་བྱ་དགོས། ཁྲི་ཀའི་སྤྱི་སྤྱོད་གནམ་གྲུ་ཐང་ལེགས་འགྲུབ་བྱེད་པ་དང་། ཟི་ལིང་གནམ་གྲུ་ཐང་སྐབས་གསུམ་པ། མཚོ་སྔོན་པོ་གནམ་གྲུ་ཐང་། ཡུལ་ཤུལ་གནམ་གྲུ་ཐང་བཅས་རྒྱ་བསྐྱེད་པའི་ལས་གྲྭ་ཁག་ལས་མགོ་བརྩམ་པ་དང་། ཏུའུ་ལན་སྤྱི་སྤྱོད་གནམ་གྲུ་ཐང་གི་ལས་གྲྭ་མགོ་བརྩམ་ཐུབ་པར་བརྩོན་ལེན་བྱ་རྒྱུ། “སྒོར་དུང་ཕྱུར་ཁྲི་ཅན་གྱི་ལས་གཞི་བརྒྱའི”བཟོ་སྐྲུན་ལས་གཞི་ཆེན་པོ་དང་དུས་མགོའི་ལས་གཞི་ཆེན་པོ310ལག་བསྟར་བྱེད་པ་དང་། དུས་མགོའི་བྱ་བའི་མྱུར་ཚད་དང་སྤུས་ཀ་མཐོར་འདེགས་གཏོང་ཞིང་། ལས་གཞི་ཆེན་པོའི་གསོག་འཇོག་དང་འཕྲོ་མཐུད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཤར་རྒྱུད་ས་ཁུལ་གྱི་ཐོན་ལས་ནི་དབུས་ནུབ་རྒྱུད་ས་ཁུལ་དུ་གནས་སྤོ་བའི་གོ་སྐབས་དམ་འཛིན་གྱིས་ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱི་ཟམ་པ་དང་སྦྲེལ་ཐག་ལྟ་བུའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ནས། ཐོན་ལས་ལས་གཞི་སྤུས་ལེགས་སྐོར་ཞིག་ནང་འདྲེན་བྱ་དགོས། དངུལ་གཏོང་དངུལ་བསྲེའི་ཁྲིད་སྟོན་དང་རིགས་སྒྱུར་བ་ཇེ་མགྱོགས་སུ་བཏང་ནས། དངུལ་གཏོང་མཆན་འགོད་ཀྱི་བྱ་བ་སྣ་ཚོགས་ལ“རྟགས་རིས་གཅིག་གིས་ལས་གཉེར་དང་སྒེའུ་ཁུང་གཅིག་ནས་བདག་སྤྲོད་བྱེད་པ། དྲ་ཚིགས་གཅིག་ནས་སྒྲུབ་པ”ལག་བསྟར་བྱེད་པ་དང་། གདེང་འཇོག་དཔྱད་དཔོག་གི་ལྷུ་ཚིགས་དང་མཆན་འགོད་དུས་ཡུན་ཆེས་ཆེར་ཉུང་འཕྲི་བྱེད་པ། འགྲིམ་འགྲུལ་དང་སྣུམ་རླངས། གློག་འཕྲིན་སོགས་ཀྱི་ཁྱབ་ཁོངས་སུ་དངུལ་གཏོང་ལན་སློག་རྐྱེན་སྲོལ་གསལ་ཞིང་ཚོང་ལས་ཀྱི་སྦས་ཤུགས་ཆེ་བའི་ལས་གཞི་སྐོར་ཞིག་ངོ་སྦྱོར་བྱེད་པ་དང་། ཁྲིམས་མཐུན་ལུགས་མཐུན་གྱིསPPPསོགས་བྱེད་ཐབས་སྤྱད་ནས་སྤྱི་ཚོགས་མ་རྩ་གཏོང་བར་སྐུལ་འདེད་བྱེད་ཅིང་། ཁྲིམས་མཐུན་ལུགས་མཐུན་གྱི་སྲིད་ཇུས་ཀྱི་ཁས་ལེན་དོན་འཁྱོལ་ནན་མོ་བྱས་ནས། ལས་གཞི་བདེ་བླག་ངང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། དམངས་ཁྲོད་ཀྱི་དངུལ་གཏོང་ལས་གཞི་ཆེན་པོ་གཅིག་གྱུར་སྒོས་བཀོད་གཏོང་བྱས་ནས་དམངས་ཁྲོད་དངུལ་གཏོང་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་ཁག་ཐེག་བྱ་དགོས།

འཛད་སྤྱོད་ཀྱི་འཕར་གནས་གསར་པ་རྒྱ་བསྐྱེད་དགོས། འཛད་སྤྱོད་རིམ་འཕར་གྱི་གནས་བབ་ཁོང་དུ་ཆུད་ནས། རང་ཞིང་གིས་འཛད་སྤྱོད་སྒྲིག་གཞི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བར་སྐུལ་སྤེལ་བྱས་ནས་སྡོད་དམངས་ཀྱི་འཛད་སྤྱོད་སྦས་ཤུགས་སྐུལ་སློང་བྱེད་པའི་ལག་བསྟར་ཇུས་གཞི་བཟོ་བ་དང་། གཞི་ཁྱོན་ངེས་ཅན་ཡན་གྱི་སྤུས་ལེགས་ཁེ་ལས་གསོ་སྐྱོང་དང་། འཛད་སྤྱོད་སྤུས་ཀ་མཐོར་འདེགས། དུས་ཆེན་གྱི་འཛད་སྤྱོད་ལ་སྐུལ་སྤེལ། ཁྱིམ་ཚང་ཞབས་ཕྱི་སྤེལ་བ་བཅས་གཟུང་ཐག་བྱས་ཏེ། གྲོང་ཁྱེར་དང་ཁུལ་སོ་སོས་ཁྱད་ལྡན་སྲང་ཁུལ་དང་སྤུས་ཀ་མཐོ་བའི་རྐང་ཐང་ལམ་བསྐྲུན་པར་རྒྱབ་སྐྱོར་དང་། ཁྱིམ་ཚང་ཞབས་ཕྱིའི་ཟོང་རྟགས་སྐོར་ཞིག་གཟུགས་དགོས། སྤུས་ལེགས་འཛད་སྤྱོད་རིམ་སྤར་དང་ལས་ཆོད་མཐོར་འདེགས་ཀྱི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱེད་ཅིང་། སེམས་བདེ་འཛད་སྤྱོད་དཔེ་སྟོན་ཁུལ་དང་སེམས་བདེ་འཛད་སྤྱོད་ཟོང་རྟགས་གསར་འཛུགས་བྱ་འགུལ་སྤེལ་བ། “ས་གནས་ཁྱད་ལྡན་སིལ་ཟས་འགྲན་སྡུར་ཆེན་མོ་དང་ཟི་ལིང་ཟས་མཆོག་དུས་ཆེན”བསྒྲུབ་པ་དང་། “འཛད་སྤྱོད་སྐུལ་སྤེལ་ཟླ་བ”དང“ཟོང་ཉོ་དུས་ཆེན”སོགས་བྱ་འགུལ་སྤེལ་ནས། མཚོ་སྔོན་རྟགས་རྙིང་དང་ཁྱད་ལྡན་ཟོང་རྟགས་གསར་པ་བསྐྲུན་པ། ས་ཁོངས་ཡོངས་སུ་ཁེབས་པའི་ཡུལ་སྐོར་ཐོན་ལས་བཅོས་སྒྱུར་གསར་གཏོད་ཁུལ་འཛུགས་པ་དང་། ཡུལ་སྐོར་ལྗོངས་ཁུལ་མིང་གྲགས་ཅན་ཆེན་པོ་བཅུ་དང་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཁུལ་བཅུ་འཆར་འགོད་དང་འཛུགས་སྐྲུན་བྱེད་ཅིང་། ཚ་ཨར་ཧན་ཚྭ་མཚེའུ་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་དང་མཚོ་སྔོན་གྱི་སྒེའུ་ཁུང་སྟེ་རིག་གནས་ཡུལ་སྐོར་གྲོང་། ཞུན་ཧྭ་ཟ་ལར་ཆུའི་གྲོང་རྡལ། ཐང་ག་སྒྱུ་རྩལ་གྲོང་རྡལ་ཆུང་བ་སོགས་ལས་གཞིར་སྐུལ་སྤེལ་བྱས་ནས། སྤུས་ལེགས་ལྗོངས་གནས་དང་སྤུས་ལེགས་ལམ་ཐིག ལྗོངས་ཁུལ་རྩེ་གྲས་སྐོར་ཞིག་བསྐྲུན་དགོས། འཁོར་ལྡན་ཡུལ་སྐོར་དང་གྲོང་གསེབ་ཡུལ་སྐོར། བོད་ཁུལ་ཡུལ་སྐོར། བཟོ་ལས་ཡུལ་སྐོར། ལུས་རྩལ་བདེ་ཐང་ཡུལ་སྐོར། ཤེས་རིག་ཡུལ་སྐོར་བཅས་འཕེལ་རྒྱས་སུ་གཏོང་བ་དང་། ལོ་ཧྲིལ་བོར་ཡུལ་སྐོར་པ་སྣེ་ལེན་བྱས་པའི་སྤྱི་འབོར་དང་ཡུལ་སྐོར་སྤྱིའི་ཡོང་སྒོ་གཉིས་ཀ20%འཕར་དགོས། དབྱར་གྱི་ཚ་བར་གཡོལ་བ་དང་མི་རིགས་ཀྱི་གསོ་རིག་སྨན་རྫས་སོགས་ཀྱི་མཐུན་རྐྱེན་ལ་བརྟེན་ནས། མཐོ་སྒང་གི་བདེ་ཐང་ཁམས་གསོ་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། སྨན་བཅོས་དང་ཁམས་གསོ་མཉམ་འདྲེས་ལ་སྐུལ་སྤེལ་བྱེད་པ། མངའ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན་འཚོལ་ཞིབ་སྐུལ་སྤེལ་སྒོས། ཨ་ལིས་པ་པ་རྒྱལ་སྤྱིའི་ས་ཚིགས་ཧུར་ཐག་གིས་ནང་འདྲེན་བྱེད་པ་དང་། མཚོ་ཤར་གྲོང་ཁྱེར་གྱི་མངའ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན་གྱི་ཕྱོགས་བསྡུས་ཚོད་ལྟའི་ཁུལ་ལ་རེ་ཞུ་འབུལ་བ་ཇེ་མགྱོགས་སུ་གཏོང་བ། “མཚོ་སྔོན་གྱི་ཐོག་མའི་ཐོན་ཡུལ་གྱི་ཚོང་རྫས་ཀྱི་ཐེན་མའོ་གཞུང་ཕྱོགས་ལྟེ་གནས་ཚོང་ཁང”བསྐྲུན་པ། གྲོང་ཁྱེར་དང་ཁུལ་རིམ་པའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཞབས་ཕྱི་རྟེན་གཞི་དང་རྫོང་རིམ་པའི་ཕྱོགས་བསྡུས་ཞབས་ཕྱི་ལྟེ་གནས་ལེགས་འགྲུབ་བྱེད་པ་དང་། གློག་རྡུལ་ཉོ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར800དང་དྲ་རྒྱའི་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར350བརྒལ་བ། ཟོང་སྐྱེལ་ལྟེ་གནས་དྲ་རྒྱ་འཐུས་ཚང་དུ་གཏོང་བ་དང་། གཞུང་ལམ་དང་ལྕགས་ལམ་བརྒྱུད་འདྲེན་ས་ཚིགས་སོགས་སྤྱི་ཕན་རང་བཞིན་དང་སྤྱི་ཕན་རྗེས་མཐུན་པའི་ཟོང་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཅིང་། ཟི་ལིང་དང་མཚོ་ཤར་གྱི་མཁོ་སྤྲོད་སྦྲེལ་ཐག་མ་ལག་འཛུགས་སྐྲུན་ཚོད་ལྟའི་གྲོང་ཁྱེར་བསྐྲུན་པའི་རེ་ཞུ་འབུལ་བ། སྡེ་ཁུལ་གྱི་འཚོ་བའི་དམངས་ཕན་སྟབས་བདེའི་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྡེ་ཁུལ་གྱི་ཚོང་ལས་མ་ལག་ཅན་དུ་འཕེལ་རྒྱས་གཏང་བར་སྐུལ་མ་གཏོང་བ། ཤེས་ནུས་འགྲིམ་འགྲུལ་དང་ཤེས་ནུས་ཟོང་སྐྱེལ་སོགས་ཞབས་ཕྱིའི་རྣམ་པ་གསར་པ་འཚོལ་ཞིབ་དང་འཕེལ་རྒྱས་གཏང་དགོས་པ་དང་། ཞབས་ཕྱིའི་འཛད་སྤྱོད་ཁྱབ་ཁོངས་ཀྱི་ཁྲོམ་རར་ཞུགས་ཆོག་པའི་ཆ་རྐྱེན་གུ་ཡངས་པོར་གཏང་ཞིང་། རྒན་གསོ་ཞབས་ཕྱི་དང་ལོ3མན་གྱི་ཁྱེའུ་དང་བྱིས་པའི་སྙོར་སྐྱོང་ཞབས་ཕྱི་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་། སློབ་གསོ་དང་རིག་གནས། ལུས་རྩལ། ཁྱིམ་སྲིད་སོགས་ཞབས་ཕྱི་ལས་རིགས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏང་དགོས།

(དྲུག)ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་སྤེལ་བྱ་དགོས།

ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་བསྐྲུན་དགོས། ཤར་ཕྱོགས་ས་ཁུལ་དང་ཚྭ་འདམ་གཞོང་ས་ཁུལ་གྱི་རིགས་བསྒྱུར་ནས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལྟེ་སྙིང་རྒྱུན་འཁྱོངས་དང་། རྒྱལ་ཁོངས་བར་སྟོང་གསར་སྤེལ་བཀོད་སྒྲིག་བྱེད་སྟངས་ལེགས་བསྒྱུར་དང་ས་ཁོངས་ཀྱི་ཆུ་བོའི་འབབ་རྒྱུད་ཀྱི་ཐོན་ལས་འགྲེམ་སྟངས་སྙོམས་སྒྲིག་བྱེད་པ། ཟི་ལིང་ནས་མཚོ་ཤར་བར་གྱི་ཡུག་འབྲེལ་གྲོང་ཚོགས་དང་ཚྭ་འདམ་གཞོང་གི་ཤར་ནུབ་ཕན་ཚུན་གཞོགས་འདེགས་བྱེད་པའི་དཀྱིལ་སྙིང་འཁོར་སྣེ་དང་། ལན་གྲུ་ནས་མཚོ་སྔོན་དང་མཚོ་སྔོན་ནས་ལྷ་ས(ཟི་ལིང་ནས་ན་གོར་མོའི་དུམ་མཚམས)དང་། ན་གོར་མོ་ནས་ཁོའི་ཨར་ལི་ལྕགས་ལམ(གཞུང་ལམ)གྱི་ལམ་ཐིག་གཙོར་བྱས་ཏེ་འཕྲེད་ནས་ཤར་ནུབ་དང་གཞོགས་ངོས་ཕན་ཚུན་སྦྲེལ་བའི་དཔལ་འབྱོར་འཕེལ་རྒྱས་འཁོར་མདའ་ཤུགས་ཆེན་པོས་བསྐྲུན་ཅིང་། གཙང་གསུམ་མགོ་ཁུངས་རྒྱལ་ཁབ་གནད་སའི་སྐྱེ་ཁམས་བྱེད་ནུས་ཁུལ་དང་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ། མདོ་ལ་རི་བོའི་རྒྱལ་ཁབ་གནད་སའི་སྐྱེ་ཁམས་བྱེད་ནུས་ཁུལ་བཅས་ཀྱིས་མཉམ་དུ་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་མཐོ་ཁུལ་བསྐྲུན་ནས། སྲུང་སྐྱོབ་དང་འཕེལ་རྒྱས་གཅིག་གྲོགས་གཅིག་ཏུ་འགྱུར་བའི“དཀྱིལ་སྙིང་གཉིས་དང་འཁོར་མདའ་གཅིག་དང་མཐོ་ཁུལ་གཅིག”གི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་ཞིག་ཆགས་སུ་འཇུག་དགོས།

ཤར་ཕྱོགས་ས་ཁུལ་དང་ཚྭ་འདམ་གཞོང་། མཚོ་སྔོན་པོའི་མཐའ་སྐོར། གཙང་བོའི་མགོ་ཁུངས་བཅས་དུམ་ཁུལ་ཆེན་པོ་བཞི་མཐུན་སྦྱོར་འཕེལ་རྒྱས་གཏང་བར་གཅིག་གྱུར་གྱིས་འཆར་འགོད་བྱ་དགོས། ལན་གྲུ་ནས་ཟི་ལིང་གི་ཡུག་འབྲེལ་གྲོང་ཚོགས“1+N”སྲིད་ཇུས་ལག་བསྟར་ལེགས་པོར་བྱེད་པ་དང་། ཡུག་འབྲེལ་གྲོང་ཚོགས་ཀྱི་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་ཅིང་། ཞིབ་འཇུག་བྱས་ཏེ་ཕྱོགས་བསྡུས་བཅོས་སྒྱུར་ཚོད་ལྟའི་འཐབ་ཇུས་སྟེགས་བུ་བསྐྲུན་པ། གནས་ལ་འཚམ་ཞིང་ལས་ལ་འཚམ་པ་དང་ཡུལ་སྐོར་ལ་འཚམ་པའི“ཟི་ལིང་ཆེན་པོ”མགྱོགས་མྱུར་གྱིས་བསྐྲུན་པ་དང་། སྟོད་པ་མཁར་གསར་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་པ། མཚོ་ཤར་གྱི་གྲོང་ཁྱེར་བྱེད་ནུས་མྱུར་དུ་འཐུས་ཚང་དུ་གཏོང་བ་དང་། རྨ་ཆུ་དང་ཙོང་ཆུའི་ཁུལ་གསར་མགྱོགས་མྱུར་གྱིས་དར་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་ཅིང་། ཞིང་ཆེན་ཡོངས་ཀྱི་ལྟེ་གནས་གྲོང་ཁྱེར་ཕལ་བ་ཧུར་ཐག་གིས་བསྐྲུན་དགོས། མཚོ་ནུབ་ཀྱིས་མགྱོགས་མྱུར་སྒོས་འཕེལ་རྒྱས་དང་རིགས་བསྒྱུར་བར་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཡོངས་ཀྱི་འཁོར་སྐྱོད་དཔལ་འབྱོར་དཔེ་སྟོན་ཁུལ་འཛུགས་པར་གོམ་སྟབས་གསར་པ་ཞིག་བགྲོད་དགོས། མཚོ་སྔོན་པོའི་མཐའ་སྐོར་ས་ཁུལ་གྱི་ཁྱད་ལྡན་ཅན་དང་མཁར་གྲོང་ཅན་གྱི་འཕེལ་རྒྱས་ལ་སྐུལ་སྤེལ་དང་། མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཀྱི་འབྲེལ་མཚམས་ས་ཁུལ་གྱི་བདེ་འཇགས་དང་དར་སྤེལ་ལས་གྲྭ་དམ་འཛིན་བྱེད་ཅིང་། མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་དུ་ལྗང་མདོག་གི“གཙང་བོའི་མགོ་ཁུངས”བསྐྲུན་པར་རྒྱབ་སྐྱོར་བྱེད་པ། བོད་ཁུལ་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལས་གཞི་ལག་བསྟར་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་རྨང་གཞིའི་སྒྲིག་བཀོད། དམངས་ཚིས་ལེགས་བཅོས་སོགས་ཀྱི་ཕྱོགས་ལ་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་ནས། ས་ཁོངས་བར་གྱི་འཕེལ་རྒྱས་ཀྱི་བར་ཁྱད་ཇེ་ཆུང་དུ་གཏོང་བ་དང་། རང་རེའི་ཞིང་ཆེན་གྱི་རྨ་ཆུའི་སྐྱེ་ཁམས་དཔལ་འབྱོར་རྒྱུད་ཀྱི་འཕེལ་རྒྱས་འཆར་འགོད་སྒྲིག་བཟོ་དང་། ཙོང་ཆུའི་སྐྱེ་ཁམས་དཔལ་འབྱོར་རྒྱུད་ཧུར་ཐག་གིས་བསྐྲུན་དགོས།

རྣམ་པ་གསར་པའི་མཁར་གྲོང་ཅན་ལ་མགྱོགས་མྱུར་གྱིས་སྐུལ་འདེད་གཏང་དགོས། 《ཞིང་ཆེན་ཡོངས་ཀྱི་མཁར་གྲོང་ཅན་གྱི་སྐུལ་ཁྲིད་འཐབ་ཇུས་ཀྱི་ལག་བསྟར་ཇུས་གཞི》བཟོ་བ་དང་། ལོ་འདིའི་ནང་མཁར་གྲོང་བྱ་བའི་གྲོས་ཚོགས་འཚོག་དགོས། ན་གོར་མོའི་ཞིང་ཆེན་ཡོངས་ཀྱི་དཀྱིལ་སྙིང་ཕལ་བའི་གྲོང་ཁྱེར་འཛུགས་སྐྲུན་ལ་ཞིབ་འཇུག་དང་སྐུལ་འདེད་གཏོང་ཞིང་། རེབ་གོང་དང་གུང་ཧོ། ཁྲི་ཀ། ཧའེ་ཡན། རྨ་ཆེན་བཅས་རྫོང5ཡིས་རྫོང་བསྐྱུར་ནས་གྲོང་ཁྱེར་འཛུགས་པ་དང་ཧོང་ཀྲུང་རྫོང་གིས་རྫོང་བསྐྱུར་ནས་ཆུས་འཛུགས་པའི་བྱ་བར་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བྱེད་པ་དང་། མཛེས་པའི་མཁར་གྲོང་འཛུགས་སྐྲུན་ལས་གཞི10ལག་བསྟར་བྱས་ནས། ཁྱད་ལྡན་མཁར་གྲོང་ཆུང་བ་སྐོར་ཞིག་བསྐྲུན་དགོས། གྲངས་འཛིན་གྲོང་ཁྱེར་དང་རིག་ནུས་གྲོང་ཁྱེར། ལྗང་མདོག་གྲོང་ཁྱེར། མི་ཆོས་གྲོང་ཁྱེར། མཚོ་བལ་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་སྤེལ་དང་། གྲོང་ཁྱེར་བྱེད་ནུས་ཀྱི་མི་འདང་ས་མྱུར་དུ་ཁ་གསབ་བྱེད་ཅིང་། སྤྱི་པའི་འགྲིམ་འགྲུལ་སྔོན་ལ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་དང་། “རླངས་འཁོར་འཇོག་ས་དཀའ་བའི”གནད་དོན་ཐག་གཅོད་གང་ཐུབ་བྱེད་པ། གྲོང་ཁྱེར་གྱི་དྲ་མིག་ཅན་དང་ཆ་འཕྲིན་ཅན། ཞིབ་ཚགས་ཅན་གྱི་དོ་དམ་ཆུ་ཚད་མཐོར་འདེགས་གཏོང་བ་དང་། ཐོན་ལས་དང་གྲོང་ཁྱེར་བྱེད་ནུས་ཀྱི་མཉམ་འདྲེས་དང་། ལས་བཟོ་བ་དང་དུད་ཚང་དོ་མཉམ་པ། སྐྱེ་ཁམས་འདུག་སྡོད་ལ་འཚམ་པ་བཅས་ལ་སྐུལ་སྤེལ་བྱེད་པ། སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་གཅིག་བསྡུས་རྒྱ་བསྐྱེད་བྱ་བར་ཤུགས་སྣོན་པ་དང་། བྱེད་ཐབས་སྣ་མང་སྤྱད་ནས་དཀའ་ཁག་ཆེ་བའི་འདུས་ཚོགས་དང་གྲོང་དམངས་གསར་པའི་སྡོད་ཁང་གི་ཆ་རྐྱེན་ལ་འགན་སྲུང་དང་ཇེ་ལེགས་སུ་གཏོང་བ། གྲོང་ཁྱེར་དུ་ཁྱིམ་ཐོ་འགོད་པའི་ཆ་རྐྱེན་སྔར་ལས་གུ་ཡངས་པོར་བཏང་ནས། ཞིང་ཕྱུགས་ལས་ཀྱི་གནས་སྤོ་མི་གྲངས་ས་དེ་གར་གྲོང་དམངས་སུ་འགྱུར་བར་སྐུལ་སྤེལ་དང་། “མི་ས་དངུལ་གསུམ”སྡེབ་སྒྲིག་སྲིད་ཇུས་ལ་ཤུགས་བསྣན་ནས། སྡོད་དཔང་སྟེར་བའི་སྤྱི་པའི་ཞབས་ཕྱིའི་ལས་གཞི་འཕར་སྣོན་གཏོང་བ་དང་། གྲོང་ཁྱེར་དུ་ཡོང་ནས་ཁྱིམ་གཞིས་ཆགས་པ་དང་མཁར་གྲོང་གི་གཞི་རྩའི་སྤྱི་པའི་ཞབས་ཕྱི་ཆ་སྙོམས་ཡོང་བར་གཅིག་གྱུར་སྒོས་སྐུལ་འདེད་གཏང་དགོས།

གླིང་ཁུལ་གྱི་བཅོས་སྒྱུར་གསར་གཏོད་ལ་བརྟན་བརླིང་ངང་སྐུལ་སྤེལ་བྱ་དགོས། ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་ནུས་ཤུགས་བཀོད་སྒྲིག་བྱེད་ཚུལ་གླིང་ཁུལ་ལ་ཕྱོགས་པ་དང་ཐོན་ལས་ནི་གླིང་ཁུལ་དུ་གཅིག་བསྡུས་བྱེད་པ། རྒྱུ་རྐྱེན་གཙོ་བོ་དག་གླིང་ཁུལ་དུ་འཁོར་རྒྱུག་བྱེད་པ། ཁེ་ལས་ནི་གླིང་ཁུལ་དུ་འདུ་བར་སྐུལ་སྤེལ་བྱེད་པ་དང་། གླིང་ཁུལ་གྱི་རྣམ་པ་དང་བཀོད་སྒྲིག་བྱེད་ཚུལ་ཇེ་ལེགས་སུ་བཏང་ནས། དགེ་མཚན་ཕན་ཚུན་ཁ་གསབ་དང་། གཅིག་བསྡུ་ལེགས་བསྡུས། གོ་བརྗེས་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པ། གླིང་ཁུལ་གྱིས་ཆེད་སྤྱོད་ཚན་རྩལ་མ་དངུལ་དང་ལྗང་མདོག་ཐཱན་དམའ་འཁོར་སྐྱོད་མ་དངུལ་བཀོད་སྒྲིག་བྱེད་པར་རྒྱབ་སྐྱོར་དང་། གླིང་ཁུལ་དེ་ལྗང་མདོག་ཅན་དང་འཁོར་སྐྱོད་ཅན། ཤེས་ནུས་ཅན་གྱི་ཕྱོགས་སུ་རིགས་སྒྱུར་རིམ་སྤར་བྱེད་པར་སྐུལ་སྤེལ་བྱ་དགོས། གླིང་ཁུལ་གསར་སྤེལ་གྱི་གཙོ་གཞི་སྣ་མང་ཅན་དུ་འགྱུར་བར་སྐུལ་སྤེལ་དང་། “གླིང་ནང་གླིང”དང“གཞུང་རོགས་དམངས་སྒྲུབ”སོགས་གསར་སྤེལ་དཔེ་དབྱིབས་སྣ་མང་ཕུན་སུམ་ཚོགས་པར་གཏང་བ་དང་། རྫོང་མངའ་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་སྣ་མང་ཅན་གྱི་འཕར་སྣེ་བསྐྲུན་དགོས།

(བདུན)ཁྲོམ་རའི་སྒུལ་ཤུགས་དང་གསོན་ཤུགས་ལ་བསྟུད་མར་སྐུལ་སློང་བྱ་དགོས།

གནད་སའི་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཇེ་ཟབ་ཏུ་གཏང་དགོས། “གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། མཆན་འགོད་དང་དཔང་ཡིག་ལེན་པའི་བྱ་བ་ཉུང་འཕྲི་བྱེད་པ། “ཐེངས་གཅིག་གིས་བསྒྲུབ་ཚར་བ”དང“དྲ་ཚིགས་གཅིག་དང་གནས་གཅིག་ནས་ཡོངས་སུ་སྒྲུབ་པ།” “ངོ་མ་འཕྲད་པར་མཆན་འགོད”བྱེད་པ་བཅས་ཀྱི་བཅོས་སྒྱུར་འཚོལ་ཞིབ་དང་སྐུལ་སྤེལ་བྱེད་ཅིང་། སྡེ་ཁག་བརྒལ་བ་དང་རིམ་པ་བརྒལ་ནས་མཆན་འགོད་བྱེད་དགོས་པའི་བྱ་བ་དྲ་ཐོག་ནས་གཞོགས་འདེགས་མཉམ་སྒྲུབ་བྱེད་པར་སྐུལ་སྤེལ་བྱས་ནས། ཞིང་ཆེན་རིམ་པས་དྲ་ཐོག་ནས་སྲིད་དོན་ཞབས་ཕྱིའི་བྱ་བ་རྣམས་བསྒྲུབ་ཚད90%ཡན་ཡིན་དགོས། དྲ་གཅིག་ཀུན་ཁྱབ་དང་དོན་དག་ཡོངས་ཁེབས། གོ་རིམ་ལེགས་འགྱུར། དང་ལེན་དོན་འཁྱོལ་བཅས་བྱེད་པའི་གྲོང་ཁྱེར(ཁུལ)དང་རྫོང་། ཞང་གྲོང་རིམ་པ་གསུམ་གྱི་དམངས་བདེ་ཞབས་ཕྱིའི་མ་ལག་མགྱོགས་མྱུར་གྱིས་བསྐྲུན་པ། “སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་སྐུལ་དོ་དམ་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། སྡེ་ཁག་བརྒལ་ནས་སྐབས་བསྟུན་གཉིས་ཀྱི་མཉམ་འབྲེལ་འཐེན་ཞིབ་ཡོངས་ལ་ཁེབས་པ་མངོན་འགྱུར་བྱེད་ཅིང་། ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་གཏོང་བ་དང་། གྲོང་ཁྱེར(ཁུལ)དང་རྫོང(ཆུས)གི་ལས་ཁུངས་བཅོས་སྒྱུར་གྱི་ལས་འགན་ཡོངས་འགྲུབ་བྱེད་པ། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་དང་སྲིད་འཛིན་ལས་ཁུངས་བར་གྱི་འབྲེལ་ཐག་གཅོད་པའི་བཅོས་སྒྱུར་ལ་སྐུལ་སྤེལ་བྱེད་པ་དང་། སྲིད་དོན་ཡིད་རྟོན་དང་ཚོང་དོན་ཡིད་རྟོན། སྤྱི་ཚོགས་ཡིད་རྟོན། ཁྲིམས་འཛིན་ཡིད་རྟོན་སོགས་གནད་སའི་ཁྱབ་ཁོངས་ཀྱི་ཡིད་རྟོན་འཛུགས་སྐྲུན་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་ཅིང་། ཡིད་རྟོན་གྲོང་ཁྱེར་འཛུགས་སྐྲུན་ལ་ཤུགས་སྣོན་དང་། ཁ་དན་ཚིག་ལ་གནས་མཁན་ལ་སྐུལ་བསྟོད་དང་ཁ་དན་ཚིག་ལ་མི་གནས་མཁན་ལ་ཆད་གཅོད་བསླབ་འདོམས་བྱེད་པའི་རྐྱེན་སྲོལ་ཇེ་དྲག་ཏུ་གཏང་དགོས། དེང་རབས་རྒྱལ་དབང་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་ཞིང་། དབང་བའི་ལམ་ལུགས་འདྲེས་མའི་བཅོས་སྒྱུར་ལ་ཧུར་ཐག་གིས་སྐུལ་སྤེལ་བྱེད་པ་དང་། ཀྲུང་དབྱང་ཁེ་ལས་ནི་རང་ཞིང་ས་གནས་རྒྱལ་ཁབ་ཁེ་ལས་ཀྱི་ལུགས་སྒྱུར་བསྐྱར་སྒྲིག་དང་སྒྲིག་གཞི་ལེགས་སྒྲིག་བྱེད་པའི་ཁྲོད་ཞུགས་པར་སྐུལ་འདེད་བྱེད་ཅིང་། རྒྱལ་དབང་ཁེ་ལས་ཀྱི་རྒྱུ་ནོར་གྱི་བུ་ལོན་གཅུན་སྡོམ་ལ་ཤུགས་སྣོན་པ་དང་། ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བཟོ་བའི་སྤྱི་ཚོགས་ཅན་གྱི་དོ་དམ་བྱ་བ་མགོ་བརྩམ་པ། རྒྱལ་དབང་མ་རྩ་ནི་ཁྱད་འཕགས་ཐོན་ཁུངས་གསར་སྤེལ་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས། ལྗང་མདོག་ཐཱན་དམའི་ཐོན་ལས་སོགས་ཀྱི་ཁྱབ་ཁོངས་སུ་གཅིག་བསྡུས་བྱེད་པར་ཁྲིད་སྟོན་བྱ་དགོས། སྔོན་རྩིས་དོ་དམ་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་བྱེད་པ་དང་། ནོར་སྲིད་ཀྱི་གོ་རིམ་ཡོངས་ལ་ལས་ཕྱོད་དོ་དམ་ལག་བསྟར་དང་། སྔོན་རྩིས་འགྲོ་སྒོའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ། རོང་འབྲོག་ཁུལ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། ཞིང་སྡེའི་འགན་གཙང་ལེན་ས་ཞིང་གི“དབང་གསུམ་དབྱེ་བཀོད”ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ས་ཞིང་འགན་གཙང་ལེན་དབང་ཆའི་ཁྲིམས་ལྟར་རང་མོས་དང་རིན་དོད་ཡོད་པའི་སྒོ་ནས་བཤུག་སྤྲོད་གཏོང་བའི་རྐྱེན་སྲོལ་འཐུས་ཚང་འཛུགས་པ་དང་། ཐུན་མོང་ཐོན་དབང་ལམ་ལུགས་བཅོས་སྒྱུར་ལ་སྐུལ་སྤེལ་བྱེད་ཅིང་། ཞིང་ལས་ཀྱི་འགན་བཅོལ་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏང་དགོས། སྲིད་གཞུང་གི་གོང་བཅད་དོ་དམ་བྱེད་ཐབས་ཚད་ལྡན་དུ་གཏོང་བ་དང་། འགྲན་རྩོད་རང་བཞིན་གྱི་ཁྱབ་ཁོངས་ཀྱི་རིན་གོང་གློད་པ་ཇེ་མགྱོགས་དང་། ཆུ་གློག་རླངས་སྐྱེལ་སོགས་ཀྱི་ཁྱབ་ཁོངས་ཀྱི་རིན་གོང་བཅོས་སྒྱུར་གཏིང་ཟབ་ཏུ་གཏང་ཞིང་། སྤྱི་འཁོར་དང་ཚྭ་ལས། ནགས་ལས་སོགས་གནད་སའི་ཁྱབ་ཁོངས་དང་གནད་འགག་ལྷུ་ཚིགས་བཅོས་སྒྱུར་ལ་སྐུལ་སྤེལ་གཏང་དགོས།

དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱ་དགོས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཇུས་ཐག་བཀོད་སྒྲིག་དོན་འཁྱོལ་དང་། རྒྱལ་ཁབ་ཀྱིས་ཁྲལ་དངུལ་གྱི་ཁུར་པོ་ཇེ་ཡང་དང་མ་རྩ་བསྡུ་བའི་དཀའ་གནད་ཐག་གཅོད་པ། ཁོར་སྲུང་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ། ཚན་རྩལ་གསར་གཏོད་ནུས་པ་ཇེ་མཐོར་གཏོང་བ་སོགས་ཀྱི་ཕྱོགས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཤུགས་ཡོད་རྒུས་དངོས་འབེབས་བྱེད་པ་དང་། མུ་མཐུད་དུ་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་གཏན་འཁེལ་བྱེད་ཅིང་། ཁྲོམ་རའི་གཙོ་གཞིའི་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པའི་ལོའི་བྱ་འགུལ་སྤེལ་དགོས། རྒྱལ་ཁབ་ཀྱིས་ཁེ་ལས་ཕྲ་ཆུང་ལ་ཁ་གཏད་པའི་ཀུན་ཕན་རང་བཞིན་གྱི་ཁྲལ་གཅོག་པ་སོགས་ཀྱི་བྱེད་ཐབས་དངོས་འབེབས་ལེགས་པོར་བྱེད་པ་དང་། “ཆེད་ལེགས་ཁྱད་གསར”གྱི་ཁེ་ལས་ཆུང་འབྲིང་གི་སྐས་རིམ་མྱུར་དུ་འཛུགས་སྐྱོང་བྱེད་ཅིང་། ཁེ་ལས་ཆུང་འབྲིང་གི་ཐོན་རྫས་ཀྱི་སྤུས་ཀ་དང་། ལག་རྩལ་སྒྲིག་ཆས། ཤེས་ནུས་བཟོ་སྐྲུན། ཁོར་སྲུང་ནུས་ཆོད་དང་བདེ་འཇགས་ཆུ་ཚད་བཅས་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ། ཁྲོམ་རར་འཇུག་འཐུས་ཀྱི་བཀག་རྒྱ་གསལ་ཐོ་ལམ་ལུགས་བཅོས་སྒྱུར་ལ་སྐུལ་སྤེལ་དང་། འདྲ་མཉམ་འགྲན་རྩོད་ཀྱི་ཞིབ་བཤེར་ལམ་ལུགས་མགྱོགས་མྱུར་གྱིས་ཁྱབ་སྤེལ་བྱེད་ཅིང་། རྒྱུ་དབང་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་སྲིད་དོན་ཡིད་ཆེས་ཤོར་བར་ཆེད་དམིགས་བཅོས་སྐྱོང་བྱེད་པ་དང་། ཁེ་ལས་པ་ཁེ་ལས་དང་འབྲེལ་བའི་སྲིད་ཇུས་གཏན་འཁེལ་བྱེད་པའི་ཁྲོད་ཞུགས་པའི་རྐྱེན་སྲོལ་འཐུས་ཚང་གཟུགས་པ། དམངས་ཁྲོད་མ་རྩར་ལས་གཞི་ངོ་སྦྱོར་བྱེད་པའི་ཡུན་ཕན་རྐྱེན་སྲོལ་བཙུགས་ནས། དམངས་གཉེར་ཁེ་ལས་ནི་མི་འདང་ས་ཁ་གསབ་པའི་ལས་གཞི་འཛུགས་སྐྲུན་ནང་ཞུགས་པར་ཁྲིད་སྟོན་བྱེད་པ། ཁྲོམ་ར་གཙང་སྒྱུར་གྱི་ཆེད་དམིགས་འགུལ་སྐྱོད་ལག་བསྟར་བྱེད་པ་དང་། ཚོང་གཉེར་ཁོར་ཡུག་གདེང་འཇོག་རྐྱེན་སྲོལ་འཚོལ་ཞིབ་བྱས་ཏེ་འཛུགས་པ་དང་ཚོད་ལྟ་བྱེད་ཅིང་། ཚོད་ལྟའི་བྱ་བ་ཧུར་ཐག་གིས་སྤེལ་ནས། “ཞུགས་ཆོག་ཅིང་ཚོང་གཉེར་བྱེད་མི་ཆོག་པའི”གནད་དོན་ནུས་ལྡན་གྱིས་ཐག་གཅོད་བྱ་དགོས། 2019ལོའི་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་རྒྱུན་ཨུ་ཁང་དང་ཀྲུང་གོ་དམངས་གཉེར་ཁེ་ལས་སྟོབས་ལྡན500ཡི་རྩེ་ཚོགས་ལེགས་པར་བསྒྲུབ་ནས། མཚོ་སྔོན་གྱི་ཤུགས་རྐྱེན་རྒྱ་བསྐྱེད་པ་དང་། དམངས་གཉེར་ཁེ་ལས་དེ་ལས་མང་པོ་ཞིག་མཚོ་སྔོན་དུ་ཡོང་ནས་མ་དངུལ་བཏང་སྟེ་ཁེ་ལས་དར་རྒྱས་སུ་གཏོང་བར་འགུག་ཤུགས་སྦྱིན་དགོས་ལ། ཁེ་ལས་པའི་སྙིང་སྟོབས་སྐུལ་སློང་དང་སྲུང་སྐྱོབ་བྱེད་པ་དང་། ཁེ་ལས་པ་གསོ་སྐྱོང་བྱེད་པའི་ལས་གྲྭ་ལག་བསྟར་བྱས་ནས། སྤྱི་དབང་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་དང་ཁེ་ལས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་ཕན་པའི་སྲིད་ཇུས་དང་ཁྲིམས་སྐྱོང་། ཁྲོམ་ར། དངུལ་གཏོང་བཅས་ཀྱི་ཁོར་ཡུག་བསྐྲུན་པ་དང་། རྒྱལ་ཡོངས་དཔལ་འབྱོར་ཡོངས་བཤེར་ཀྱི་ལས་འགན་སྣ་ཚོགས་དངོས་འབེབས་ལེགས་པོར་བྱེད་ཅིང་། གཞི་གྲངས་དག་མོ་ཡོང་བ་དང་གནས་ཚུལ་གསལ་རྟོགས་བྱ་དགོས།

སྒོ་འབྱེད་ཀྱི་ཁྱབ་ཚད་དང་ཟབ་ཚད་རྒྱ་བསྐྱེད་དགོས། ཀྲུང་ཨ་ཉོ་ཚོང་ཕོག་ཐུག་གིས་རང་ཞིང་གི་དཔལ་འབྱོར་འཕེལ་རྒྱས་དང་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ལ་ཐེབས་པའི་ཤུགས་རྐྱེན་ལ་དོ་ཁུར་བྱས་ཏེ། ཁ་གཏད་གཅོག་པའི་གྲ་སྒྲིག་ཇུས་གཞི་ལ་ཞིབ་འཇུག་བྱེད་རྒྱུ་མ་ཟད་གནས་བབ་ཀྱི་འགྱུར་ལྡོག་དང་བསྟུན་ནས་ལེགས་སྒྲིག་དང་གསར་སྒྱུར་བྱ་དགོས། “རྒྱུད་གཅིག་ལམ་གཅིག”འཐབ་ཇུས་ཁྲོད་ཟབ་ཞུགས་བྱེད་པ་དང་། ཨུ་རུ་སི་ནས་ཡོ་རོབ་གླིང་དང་། ཨེ་ཤ་ཡ་དབུས་རྒྱུད་ནས་ཨེ་ཤ་ཡ་ནུབ་མ། ཨེ་ཤ་ཡ་ལྷོ་མ་བཅས་མཚོ་སྔོན་གྱི་གེགས་མེད་བགྲོད་ལམ་གསུམ་མཐུད་ཅིང་། མཚོ་སྔོན་ནི་མགོ་རྩོམ་ས་ཡིན་པའི“རྒྱུད་གཅིག་ལམ་གཅིག”གི་ཚྭ་འགྱུར་བར་ཁྱམས་བསྐྲུན་དགོས་ལ། “རྒྱུད་གཅིག་ལམ་གཅིག་ཁྲོད་ཀྱི་མཚོ་སྔོན”འགྲེམ་སྟོན་འདུ་ཚོགས་དང་ཕྱི་འབྲེལ་པུའུ་ཡི་མཚོ་སྔོན་འཛམ་གླིང་ལ་ངོ་སྦྱོར་བྱེད་པའི་བྱ་འགུལ་ལེགས་པོར་སྤེལ་བ་དང་། དྭངས་གཙང་ནུས་ཁུངས་གླེང་སྟེགས་དང་སྐབས་ཐོག་མའི་རྒྱལ་སྤྱིའི་སྐྱེ་ཁམས་ཐོན་ལས་འགྲེམ་སྟོན་ཚོགས་འདུ་ཧུར་ཐག་གིས་འཆར་འགོད་བྱ་དགོས། ཟི་ལིང་དང་མཚོ་ཤར། ན་གོར་མོ་བཅས་ལྟེ་འབྲེལ་གྲོང་ཁྱེར་གྱི་ཕྱི་ཕྱོགས་དཔལ་འབྱོར་གྱི་བྱེད་ནུས་ཇེ་དྲག་ཏུ་གཏོང་བ་དང་། ཕྱིར་གཏོང་རྟེན་གཞི་ཆེན་པོ་དྲུག་འཛུགས་པར་ཤུགས་སྣོན་པ། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཕྱི་ཚོང་རིགས་སྒྱུར་དཔེ་སྟོན་རྟེན་གཞི1ནས2གཏན་འཁེལ་བྱེད་པ་དང་། མཚོན་བྱེད་རང་བཞིན་དང་སྣེ་ཁྲིད་ཀྱི་བྱེད་ནུས་ལྡན་པའི་ཕྱིར་ཕྱོགས་ཁེ་ལས་བསྐྲུན་དགོས། བོད་ཀྱི་ས་གདན་དང་མི་རིགས་རྒྱན་གོས་སོགས་སྲོལ་རྒྱུན་ཐོན་རྫས་ཕྱིར་གཏོང་བ་བརྟན་འཇགས་ཡོང་བ་དང་། འཕང་འབྲས་དང་སྣེའུ་འབྲུ། ནོར་ལུག་གི་ཤ། སན་ཝིན་ཉ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཕྱིར་གཏོང་རྒྱ་བསྐྱེད་དགོས་ལ། གློག་ཤུགས་དང་འོད་ཝོལ། མདོག་ལྡན་ལྕགས་རིགས་སོགས་ཁེ་ལས“ཕྱིར་བསྐྱོད”དེ་རྒྱལ་སྤྱིའི་ཐོན་རྫས་མཉམ་ལས་སྤེལ་བར་ཁྲིད་སྟོན་བྱེད་པ་དང་། རྐང་འཛིན་ཁེ་ལས་མངའ་ཁོངས་ཕྱི་རུ་བསྐྱོད་ནས་ལས་གྲྭ་འགན་གཙང་ལེན་བྱེད་པར་རྒྱབ་སྐྱོར་བྱ་དགོས། མཚོ་རྒྱུད་དང་མཐའ་རྒྱུད་ས་ཁུལ་དང་འགག་སྒྲོལ་གཞི་གཅིག་ཅན་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཟི་ལིང་གནམ་གྲུ་ཐང་གི་གྲུ་ཁའི་རྨང་གཞི་ཆ་སྡེབ་འཐུས་ཚང་དུ་གཏོང་བ། མཚོ་བོད་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་དང་ཟི་ལིང་གི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་བསྐྲུན་པ་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་གོང་དུ་སྤེལ་བའི་ཁྲོད་ཧུར་ཐག་གིས་ཞུགས་ནས། ཞིང་ཆེན་བར་དང་ས་ཁོངས་བར་གྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་དང་། འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་མཉམ་ལས་ལ་འགག་སྒྲོལ་རང་བཞིན་གྱི་གྲུབ་འབྲས་ལེན་པར་སྐུལ་འདེད་གཏང་དགོས། ཕྱི་ནང་གི་མ་དངུལ་མཉམ་སྦྲགས་རྒྱུན་འཁྱོངས་དང་། ཚོང་འགུགས་དངུལ་འདྲེན་གྱི་བྱེད་ཐབས་གསར་གཏོད་བྱས་ནས། “ཁེ་ལས་ཆེན་པོ་དང་ལེགས་པོ་དང་གསར་པ”གདན་འདྲེན་པ་དང་། མཚོ་སྔོན་དཔལ་འབྱོར་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་མཚོ་སྐོར་འགྲན་རྒྱུག རིག་གནས་ཡུལ་སྐོར་དུས་ཆེན། བོད་ཀྱི་ས་གདན་འགྲེམ་སྟོན་སོགས་འགྲན་ཚོགས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་ཀྱིས་ལོ་འདིའི་ཚོང་འགུགས་དངུལ་འདྲེན་གྱི་ལག་འབྱོར་མ་དངུལ་ལོ་སྔོན་མ་ལས་མི་དམའ་བར་བྱ་དགོས། ཏང་སྲིད་འཐུས་མི་ཚོགས་པ་ཁ་གཏད་མཚོ་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དུ་སོང་ནས་སློབ་སྦྱོང་དང་རྟོག་ཞིབ་བྱས་པའི་གྲུབ་འབྲས་དངོས་འབེབས་བྱེད་པ་དང་། རོགས་སྐྱོར་བྱ་བའི་མཐུན་སྦྱོར་སྐུལ་སྤེལ་ཚོགས་འདུ་འཚོག་ནས། རོགས་སྐྱོར་དང་ཤར་ནུབ་རྒྱུད་དབུལ་སྐྱོར་རོགས་ལས་ལ་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏང་དགོས།

(བརྒྱད)ནོར་སྲིད་དངུལ་རྩའི་འདེགས་སྐྱོར་བྱེད་ནུས་འདོན་སྤེལ་བྱ་དགོས།

སྔར་ལས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱ་དགོས། རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་གོ་སྐབས་ཆེན་པོ་ཡང་དག་པར་རྟོགས་པར་བྱས་ཏེ། དམིགས་གཏད་ཡོད་པའི་སྒོ་ནས་ཧུར་ཐག་གིས་བརྩོན་ལེན་བྱེད་ཅིང་། ཀྲུང་དབྱང་གི་ཁ་གསབ་སྣ་ཚོགས་མགྱོགས་མྱུར་གྱིས་མངོན་འགྱུར་བྱ་དགོས། དཔྱ་ཁྲལ་གྱི་འཕར་གནས་གསོ་སྐྱོང་དང་ཐོན་ཁུངས་དཔྱ་ཁྲལ་གྱི་འབྲེལ་ཡོད་སྲིད་ཇུས་འཐུས་ཚང་གཏང་དགོས་ཤིང་། རྒྱལ་ཁབ་ཀྱི་འཛད་སྤྱོད་དཔྱ་ཁྲལ་དང་འཁོར་རིགས་ཉོ་སྒྲུབ་དཔྱ་ཁྲལ། མི་སྒེར་གྱི་ཐོབ་ཁྲལ་དང་ས་ཁང་བདག་ཁོངས་ཀྱི་ཐོབ་ཁྲལ་རྗེས་བསྙེགས་དངོས་འབེབས་བྱེད་ཅིང་། ཀྲུང་དབྱང་གི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དངོས་འབེབས་ནན་མོ་བྱེད་པ། “གཉེར་ཁྲལ་འཕར་ཁྲལ་དུ་སྒྱུར”བའི་བཅོས་སྒྱུར་ཟབ་སྤེལ་དང་། “ཐལ་ཁྲལ”དང་གྲོན་དངུལ་གང་བྱུང་དུ་བསྡུ་བ་མཐའ་གཅིག་ཏུ་འགོག་དགོས། ས་གནས་སྲིད་གཞུང་གི་བུན་འཛིན་གྲངས་བཅད་ལ་ཅུང་ཚད་བརྒལ་རང་བཞིན་ལྡན་པའི་འཕེལ་རྒྱས་ཡོང་བ་བརྩོན་ལེན་བྱེད་པ་དང་། བུན་འཛིན་ལས་གཞི་བཀོད་སྒྲིག་བྱེད་པ་ཁོང་དུ་ཆུད་པ། འགྲོ་སྒོའི་སྒྲིག་གཞི་ལེགས་སྒྲིག་དང་། དབུལ་སྒྲོལ་འགག་གཏོར་དང་སྐྱེ་ཁམས་སྲུང་སྐྱོབ། སྤུས་ཀ་མཐོ་བའི་འཕེལ་རྒྱས། རྨང་གཞིའི་སྒྲིག་བཀོད་ཀྱི་མི་འདང་ས་ཁ་གསབ་བྱེད་པ་སོགས་གནད་སར་མ་དངུལ་གཏོང་བར་འགན་སྲུང་བྱེད་པ་དང་། ནོར་སྲིད་ཀྱིས་དཔལ་འབྱོར་འཕར་སྣོན་ཐད་ཐོན་པའི་ཉེ་སྔོན་གྱི་སྐུལ་འཁྲིད་ནུས་པ་རྒྱ་བསྐྱེད་དགོས། ཆེད་དམིགས་མ་དངུལ་ལ་གཙང་བཤེར་སྡེབ་སྒྲིག་བྱས་ནས། ཆུང་ཐོར་ཧྲུག་གསུམ་གྱི་ཁག་ཁ་ཤས་དང་། ལྷག་འཕྲོ་ཚད་ལས་བརྒལ་བ། བཀོལ་སྤྱོད་ཚད་ལྡན་མིན་པ་བཅས་ཀྱི་ལས་གཞི་ལ་གཅིག་གྱུར་གྱིས་སྡེབ་སྒྲིག་བྱེད་པ། སྲིད་གཞུང་གི་ཁྲིད་སྟོན་ཐེབས་རྩ་ལེགས་པོར་བཀོལ་བ་དང་། ཐེབས་རྩ་ཆེན་པོ་འཛུགས་པ་དང་སྡེབ་སྒྲིག་བྱེད་ཅིང་། མ་དངུལ་དེ་ལས་མང་པོ་ཞིག་ཁྱབ་ཁོངས་གཙོ་བོ་དང་ལྷུ་ཚིགས་ཞན་སར་གཏོང་བར་སྐུལ་སྤེལ་བྱེད་པ་དང་། འཚོ་བ་བཀྲེན་པོ་སྐྱེལ་བའི་བསམ་བློ་ཆགས་པར་བྱས་ནས། སྤྱིར་བཏང་གི་འགྲོ་སྒོ་ཇེ་ཉུང་དུ་གཏང་དགོས།

དངུལ་རྩས་དངོས་གཞིའི་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས། བར་ཁྱད་ལྡན་པའི་སྲིད་ཇུས་མུ་མཐུད་དུ་བརྩོན་ལེན་དང་། དངུལ་བསྲེས་སྣེ་མཐུད་ཀྱི་ཞབས་ཕྱིའི་ནུས་པ་ཇེ་མཐོར་གཏོང་བ། ཐེབས་རྩ་འཛུགས་པ་དང་སྐྱེད་ཀ་གསབ་པའི་དངུལ་བུན། འགན་བཅོལ་ཁ་གསབ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཚན་རྩལ་གསར་གཏོད་ཀྱི་ལས་གཞི་ཆེན་པོ་དང་གནད་སའི་ལས་གྲྭར་རྒྱབ་སྐྱོར་བྱེད་པ་དང་། དངུལ་ཁང་གིས་དམངས་གཉེར་ཁེ་ལས་ལ་དུས་ཡུན་ལོ3ཡན་གྱི་དུས་ཡུན་རིང་འབྲིང་གི་དངུལ་བུན་གཏོང་བར་སྐུལ་མ་གནང་བ། དངུལ་ཁང་ཆུང་འབྲིང་དང་དངུལ་ཁང་མ་ཡིན་པའི་དངུལ་རྩའི་ལས་ཁུངས་ཀྱི་ཚད་ལྡན་སྐྱོན་བྲལ་གྱི་འཕེལ་རྒྱས་ལ་སྐུལ་ཁྲིད་གཏོང་བ། ས་གནས་ཁྲིམས་མིའི་འགན་བཅོལ་ལས་ཁུངས་དང་། འཛད་སྤྱོད་དངུལ་རྩའི་ལས་ཁུངས། དངུལ་རྩའི་བོགས་གཏོང་ཀུང་སི་སོགས་དངུལ་རྩའི་ལས་རྣམ་གསར་པ་གོང་སྤེལ་ལ་རྒྱབ་སྐྱོར་དང་། ཞིང་སྡེའི་ཡིད་རྟོན་དངུལ་ཁང་གིས་ལམ་ལུགས་བཅོས་སྒྱུར་བྱེད་པར་བརྟན་བརླིང་ངང་སྐུལ་སྤེལ་བྱེད་པ། ཁེ་ལས་བུན་འཛིན་གྱི་ཞིང་ཆེན་རིམ་པའི་ཉེན་ཁ་ཞི་སེལ་ཐེབས་རྩ་འཛུགས་པ། ལྗང་མདོག་བུན་འཛིན་གྱི་དངུལ་བསྲེས་ལ་སྐུལ་འདེད་དང་ལྗང་མདོག་འཕེལ་རྒྱས་དངུལ་རྩ་འཛུགས་པ་འཚོལ་ཞིབ་བྱས་ནས། མཚོ་སྔོན་རྐང་དབང་ཉོ་ཚོང་ལྟེ་གནས་སུ་སྐྱེ་ཁམས་ཀྱི་ཁག་འཛུགས་པ་འཚོལ་ཞིབ་བྱེད་པ་དང་། ཀུན་ཕན་ཐེབས་རྩའི་ཕྱོགས་བསྡུས་དཔེ་སྟོན་ཁུལ་གྱི་ཚོད་ལྟར་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱ་དགོས། “རྨང་གཉིས་མཉམ་འགུལ”ཕྱོགས་ཡོངས་ནས་ཁྱབ་སྤེལ་བྱེད་ཅིང་། “དབང་གཉིས”ཀྱི་གཏའ་འཇོག་དངུལ་བུན་ཚོད་ལྟར་བརྟན་བརླིང་ངང་སྐུལ་སྤེལ་བྱེད་པ་དང་། དངུལ་རྩའི་ལས་ཁུངས་ཀྱི་དྲ་ཚིགས་གཙོ་བོ་གཞི་རིམ་དུ་ཕྱོགས་པ་དང་ཞབས་ཕྱི་མཆེད་སྐྱེད་ལ་ཁྲིད་སྟོན་བྱ་དགོས།

ནོར་སྲིད་དངུལ་རྩའི་མཉམ་འགུལ་ཇེ་དྲག་ཏུ་གཏང་དགོས། ནོར་སྲིད་མ་དངུལ་གྱིས་དངུལ་རྩའི་མ་དངུལ་སྔོན་དུ་གཏོང་བར་ཁྲིད་སྟོན་བྱས་པར་བརྟེན་ནས། ནོར་སྲིད་མ་དངུལ་གྱི་ལྡབ་གྲངས་ཇེ་ཆེར་གཏོང་བ་དང་། སྤྱི་ཕན་རང་བཞིན་གྱི་འཛུགས་སྐྲུན་ལས་གཞིར་རྒྱ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་ཞིང་། ནོར་སྲིད་མ་དངུལ་གྱིས་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་སྟངས་སྙོམས་སྒྲིག་དང་འཐུས་ཚང་དུ་གཏོང་བ་དང་། ཐད་ཀར་མ་དངུལ་གཏོང་སྟངས་རིམ་བཞིན་བསྒྱུར་ནས། དངུལ་བུན་སྐྱེད་གསབ་དང་དངུལ་བསྲེས་ཁག་འཁུར། རྐང་དབང་མ་རྩར་འཇོག་པ་སོགས་བྱེད་ཐབས་གསར་པ་འཚོལ་ཞིབ་དང་ཁྱབ་སྤེལ་བྱས་ནས། ཡིད་རྟོན་དངུལ་བུན་དང་སྤྱི་ཚོགས་མ་དངུལ་གྱིས་ཚོང་གཉེར་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་རོགས་སྐྱོར་བྱེད་པར་སྐུལ་མ་གཏོང་བ་དང་། སྲིད་གཞུང་རང་བཞིན་གྱི་དངུལ་བསྲེས་ཁག་འཁུར་ལས་སྟེགས་སྔར་ལས་ལྷག་པས་རྒྱ་ཇེ་ཆེ་དང་སྟོབས་ཇེ་ཆེར་གཏོང་བ་དང་། ཁྱབ་ཁོངས་དང་ལས་རིགས་བགར་ནས་དངུལ་ཁང་དང་ཁེ་ལས་སྣེ་མཐུད་ཚོགས་འདུ་བསྡུས་ནས། དམངས་གཉེར་ཁེ་ལས་དང་ཁེ་ལས་ཆུང་འབྲིང་གི་དངུལ་བསྲེས་བྱ་དཀའ་བའི་གནད་དོན་དངོས་གནས་ཐག་གཅོད་དགོས།

(དགུ)དམངས་ཚིས་བདེ་སྐྱིད་སྔར་ལས་ལྷག་པས་གོང་སྤེལ་དུ་གཏང་བ།

ལས་ཞུགས་དང་ཡོང་སྒོ་འཕར་བར་སྐུལ་སྤེལ་བྱ་དགོས། ཐོན་ལས་དང་ཁེ་ལས། ལས་ཞུགས་ཏེ“ལས་གསུམ་མཉམ་འགུལ”ལ་སྐུལ་འདེད་བྱེད་པ་དང་། ལས་བཏོད་དང་ལས་ཞུགས་སྲིད་ཇུས་སྣ་ཚོགས་དངོས་འབེབས་བྱས་ཏེ། མཐོ་རིམ་སློབ་གྲྭའི་སློབ་མའི་ལས་ཞུགས་སྐུལ་སྤེལ་འཆར་གཞི་དང་ལས་བཏོད་ཀྱི་སྣེ་འདྲེན་འཆར་གཞི་ལག་བསྟར་བྱེད་པ་དང་། དམག་དཔུང་གི་ལས་བསྒྱུར་ལས་བྱེད་པ་དང་དམག་ལས་བུད་པའི་དམག་མིའི་སྡུད་ལེན་བཀོད་སྒྲིག་བྱ་བ་ལེགས་པོར་བསྒྲུབ་ཅིང་། སྤྱི་ཕན་རང་བཞིན་གྱི་ལས་གནས་ཀྱི་སྦས་ཤུགས་སྔོག་འདོན་ལ་ཤུགས་སྣོན་དང་། སྲིད་འཛིན་ལས་ཁུངས་དང་དོན་ལས་སྡེ་ཁག་གིས་མངོན་གསལ་སྒོས་རྒྱུགས་བླངས་ཏེ་མི་སྣ་གདན་ཞུ་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་དགོས། རབས་གསར་གླ་རྒྱག་ཞིང་པའི་ལས་རིགས་རྩལ་ནུས་མཐོར་འདེགས་འཆར་གཞི་ལག་བསྟར་བྱེད་པ་དང་། “འཐེན་ཐུག་དཔལ་འབྱོར”སོགས་མཚོ་སྔོན་གྱི་ཁྱད་ལྡན་ངལ་ལས་ཟོང་རྟགས་གསོ་སྐྱོང་དང་རྒྱ་ཇེ་ཆེར་གཏོང་ཞིང་། “དབྱར་རྩྭའི་དཔལ་འབྱོར”སོགས་ཁྱད་ལས་གདོད་མའི་ཐོན་ལས་མུ་མཐུད་དུ་གོང་སྤེལ་གཏང་དགོས། ལས་ཞུགས་རོགས་སྐྱོར་བྱ་འགུལ་སྣ་ཚོགས་སྤེལ་ནས། ཐོན་ནུས་འདོར་བའི་ཕྱོགས་བགོས་ལས་བཟོ་བ་དང་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལེགས་པོར་བསྒྲུབ་ནས། འགུལ་རྣམ་རང་བཞིན་གྱིས“ལས་ཞུགས་མེད་པའི་ཁྱིམ་ཚང”གཙང་སེལ་བྱེད་ཅིང་། ཀྲུང་ཨའི་ཉོ་ཚོང་ཕོག་ཐུག་གིས་ཤུགས་རྐྱེན་ཆེ་བའི་ཁེ་ལས་ལ་དོ་སྣང་ཆེན་པོ་བྱེད་པ་དང་། ལས་ཤོར་འགན་བཅོལ་ཐོབ་ཐང་ངམ་མ་མཐའི་འཚོ་བའི་འགན་སྲུང་དངོས་འབེབས་བྱས་ནས། ལས་ཞུགས་སྤྱི་ཡོངས་ནས་བརྟན་འཇགས་ཡིན་པར་ཁག་ཐེག་བྱ་དགོས། རྒྱལ་ཁབ་ཀྱིས་ཡོང་སྒོ་འབྲིང་གི་འདུས་ཚོགས་རྒྱ་བསྐྱེད་པའི་འཆར་འགོད་རྩ་གནད་དང་སྡོད་དམངས་ཀྱི་ཡོང་སྒོ་འཕར་བར་སྐུལ་སྤེལ་བྱེད་པའི་འགུལ་སྐྱོད་དངོས་འབེབས་ལེགས་པོར་བྱེད་པ་དང་། ཡོང་སྒོ་འཕར་སྣོན་འགུལ་སྐྱོད་ལག་བསྟར་བྱེད་ཅིང་། མི་སྒེར་ཐོབ་ཁྲལ་གྱི་ཆེད་དམིགས་ཟུར་སྣོན་འཐེན་འཕྲི་ལག་བསྟར་ལེགས་པོར་བྱེད་པ་དང་། སྲིད་འཛིན་ཁེ་ལས་དོན་ལས་སྡེ་ཁག་གི་ཟླ་ཕོགས་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། ཕོགས་སྤྲོད་འགན་སྲུང་ཡུན་ཕན་རྐྱེན་སྲོལ་དང་མ་མཐའི་ཟླ་ཕོགས་ཚད་ཐིག་འཕར་སྣོན་རྐྱེན་སྲོལ་འཐུས་ཚང་འཛུགས་དགོས་ལ། ལས་འཁྱུར་ངལ་གསོ་པའི་གཞི་རྩའི་རྒན་གསོ་དངུལ་དང་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་དངུལ་གྱི་ཚད་ཐིག་ཇེ་མཐོར་གཏོང་བ་དང་། སྡོད་དམངས་ཀྱི་ལས་གཉེར་རང་བཞིན་དང་རྒྱུ་ནོར་རང་བཞིན་གྱི་ཡོང་སྒོའི་ཐབས་ལམ་རྒྱ་བསྐྱེད་དགོས།

དམངས་ཚིས་ལས་དོན་དངོས་ལེགས་པོར་བསྒྲུབ་དགོས། རྒྱལ་ཁབ་ཀྱི《གཞི་རྩའི་སྤྱི་པའི་ཞབས་ཕྱི་ཚད་ཐིག་མ་ལག་འཐུས་ཚང་འཛུགས་པའི་ཐད་ཀྱི་མཛུབ་སྟོན་བསམ་འཆར》གཞིར་བཟུང་ནས། ས་ཁུལ་གྱི་ཚད་ཐིག་དང་ཚད་གཞི་ཞིབ་འཇུག་བྱས་ཏེ་གཏན་འཁེལ་བྱེད་པ་དང་། ཚད་ལྡན་ཅན་གྱི་ཚོད་ལྟ་ཧུར་ཐག་གིས་སྤེལ་དགོས། 《མཚོ་སྔོན་སློབ་གསོ་དེང་རབས་ཅན2035》ལག་བསྟར་བྱས་ཏེ། མཁར་གྲོང་གི་འཛིན་གྲྭའི་མི་འབོར་ཆེན་པོ་གཞི་རྩའི་སྟེང་མེད་པར་བཟོ་རྒྱུ་དང་། རྫོང་མངའ་ཁོངས་ཀྱི་འགན་བབས་སློབ་གསོ་དོ་མཉམ་འཕེལ་རྒྱས་སློབ་གསོའི་དབུལ་ཐར་འགག་སྒྲོལ་གྱི་དམིགས་འབེན་ཕྱོགས་ཡོངས་ནས་མངོན་འགྱུར་གཏོང་བ། མཐོ་རིམ་ལས་རིགས་སློབ་གླིང་གི་སྒྲིག་གཞི་དང་མཐོ་རིམ་སློབ་གསོའི་རིག་ཚན་སྒྲིག་གཞི་སྔར་བས་ལེགས་བསྒྱུར་བྱེད་ཅིང་། དགེ་རྒན་གྱི་དཔུང་སྡེའི་སྤྱིའི་སྤུས་ཀ་མཐོར་འདེགས་དང་། བྱོལ་འགོག་སློབ་སྲུང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒྱ་ཆེར་བསྡུས་ནས། སློབ་སྔོན་སློབ་གསོ་དང་ཞིང་སྡེའི་དབུལ་ཕོངས་ས་ཁུལ་གྱི་བྱིས་པའི་ཐོག་མའི་དུས་ཀྱི་འཕེལ་རྒྱས། ལས་རིགས་སློབ་གསོ་བཅས་ལ་ཤུགས་རྒྱག་ཚད་ཇེ་ཆེར་གཏང་དགོས། རྒྱ་བོད་གསོ་རིག་སྨན་རྫས་འཕེལ་རྒྱས་ཚོགས་ཆེན་དང་འཕྲོད་བསྟེན་མཚོ་སྐྱོར་བྱ་བའི་གྲོས་ཚོགས་བསྡུ་བ་དང་། ཞིང་ཆེན་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་ཁུལ་གསར་པ་དང་ཞིང་ཆེན་མི་དམངས་སྨན་ཁང་གི་མཁར་བྱང་སྨན་ཁང་སོགས་ལས་གཞི་འཛུགས་སྐྲུན་ལ་མགྱོགས་མྱུར་གྱིས་སྐུལ་སྤེལ་བྱེད་ཅིང་། སྤྱི་ཚོགས་སྨན་སྒྲུབ་དཔེ་སྟོན་འགུལ་སྐྱོད་སྤེལ་བ། སྨན་རྫས་དཀོན་པོ་དང་། རིན་གོང་དམའ་བའི་སྨན་རྫས། སྐྲན་འགོག་སྨན་རྫས། བྱིས་པའི་སྨན་རྫས་བཅས་ཀྱི་འགན་སྲུང་ཇེ་དྲག་ཏུ་གཏོང་བ་དང་། རོང་འབྲོག་ཁུལ་གྱི་དབུལ་ཕོངས་མི་གྲངས་དང་གྲོང་ཁྱེར་གྱི་དཀའ་ཁག་ཅན་གྱི་ལས་བཟོ་བའི་སྨན་བཅོས་སྐྱོབ་རོགས་ལ་ཤུགས་སྣོན་པ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན། བེད་སྤྱོད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཞང་གྲོང་ཕྱོགས་བསྡུས་རིག་གནས་ས་ཚིགས་མཐོར་འདེགས་དང་། རྒྱང་སྒྲོག་དང་བརྙན་འཕྲིན། སྒྲ་སྡུད་འཕྲུལ་ཆས་སྦྲ་གུར་ནང་བསྐྱོད་པ་དང་། འཚུབ་བསྟུན་རྒྱང་སྒྲོག་མ་ལག་འཛུགས་སྐྲུན་སོགས་ཀྱི་ལས་གྲྭ་ལག་བསྟར་བྱེད་ཅིང་། ཤེས་རིག་རྒྱང་སྒྲོག་བརྙན་འཕྲིན་འཛུགས་སྐྲུན་ལ་སྐུལ་སྤེལ་དང་། གློག་བརྙན་འཕྲིན་རིག་གནས་ཐོན་ལས་བདེ་ཐང་ངང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱ་དགོས། དམངས་ཡོངས་ཀྱི་ལུས་སྦྱོང་དང་འགྲན་སྡུར་འཁྲབ་སྟོན་སོགས་ཀྱི་བྱ་འགུལ་རྒྱ་ཆེར་སྤེལ་བ་དང་། རྒྱལ་ཡོངས་ལུས་རྩལ་ལུས་སྦྱོང་མིག་དཔེའི་གྲོང་ཁྱེར(ཁུལ)དང་རྫོང(ཆུས)འཛུགས་པ་བརྩོན་ལེན་བྱ་དགོས། ལོ3གྱི་སྤྱི་ཁྱིམ་ཁུལ་བསྒྱུར་བཀོད་འགག་གཏོར་འཆར་གཞི་དངོས་འབེབས་བྱས་ནས། སྤྱི་ཁྱིམ་ཁུལ་ཁྲི3བསྒྱུར་བཀོད་བྱ་དགོས་ཤིང་། གཞིས་ཁུལ་གྱི་ཁང་རྙིང་ཁྲི3ལ་ཕྱོགས་བསྡུས་བཅོས་སྐྱོང་བྱ་དགོས་ལ། རོང་འབྲོག་ཁུལ་གྱི་ཉེན་ཁང་བསྒྱུར་བཀོད་ཁྱིམ་ཚང་ཁྲི1.5དང་རོང་འབྲོག་པའི་སྡོད་ཁང་ཁྲི3གྱི་ཆ་རྐྱེན་ལེགས་བཅོས་བྱེད་པའི་ལས་གྲྭ་ལག་བསྟར་བྱ་དགོས། “སྤྱོད་ཁང་བཅོས་སྒྱུར”གྱི་ལོ་གསུམ་གྱི་འགུལ་སྐྱོད་ཇུས་གཞི་ལག་བསྟར་བྱས་ནས། འཛུགས་སྐྲུན་ལས་འགན་དུས་ལྟར་ཡོངས་འགྲུབ་བྱ་དགོས། “ཚོད་སླེ”འཛུགས་སྐྲུན་དམ་འཛིན་བྱེད་པ་དང་། སྔོ་ཚལ་སྡེབ་འཚོང་ཁྲོམ་རའི་མཁོ་སྤྲོད་དང་རིན་གོང་གི་འགྱུར་ལྡོག་ལ་དོ་སྣང་དང་དབྱེ་ཞིབ་བྱེད་ཅིང་། མཁོ་སྤྲོད་ལ་ཁག་ཐེག་དང་རིན་གོང་བརྟན་འཇགས་ཡོང་བའི་བྱ་བ་གཅིག་གྱུར་སྒོས་ལེགས་པོར་གཟུང་དགོས།

སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡོང་བར་ཁག་ཐེག་བྱ་དགོས། རྡོ་སོལ་དང་གློག སྣུམ། སོལ་རླངས། སྐྱེལ་འདྲེན་བཅས་ཀྱི་བྱ་བ་ལེགས་པོར་འཛིན་པ་དང་། རང་བྱུང་སོལ་རླངས་ཐོན་སྐྱེད་དང་མཁོ་སྤྲོད། གསོག་འཇོག ཕྱིར་འཚོང་བཅས་ཀྱི་མ་ལག་འཛུགས་སྐྲུན་བྱ་བ་གནད་སར་བཞག་ནས་ཤུགས་སྣོན་ཅིང་། ཐལ་དྲགས་པའི་གནས་ཚུལ་འོག་ནུས་ཁུངས་ཀྱི་ཁ་གཏད་གཅོག་པའི་གྲ་སྒྲིག་ཇུས་གཞི་འཐུས་ཚང་དུ་བཏང་ནས། གནད་འགག་གི་དུས་མཚམས་དང་གནད་སའི་ས་ཁོངས། དམངས་ཚིས་ནུས་ཁུངས་བེད་སྤྱོད་བཅས་ཀྱི་ཐད་གནད་དོན་མི་འབྱུང་བར་ཁག་ཐེག་བྱ་དགོས་ལ། སྤྱི་ཚོགས་བདེ་སྐྱོང་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་དང་། འགལ་བ་དང་རྩོད་གླེང་ནུས་ལྡན་སྒོས་སྔོན་འགོག་དང་འདུམ་འགྲིག་བྱ་དགོས། བདེ་འཇགས་ཐོན་སྐྱེད་འགན་འཁྲི་དང་དོ་དམ་ལམ་ལུགས་དངོས་འབེབས་ནན་མོ་བྱེད་པ་དང་། ཉེན་ཟོན་སྔོན་བརྡའི་སྟེགས་བུ་དང་རོགས་སྐྱོབ་རུ་ཁག འགན་སྲུང་སྒྲིག་བཀོད་འཛུགས་སྐྲུན་བཅས་ལ་ཤུགས་བསྣན་ནས། གནད་ཆེ་ཞིང་ཚབས་ཆེ་བའི་བདེ་འཇགས་ལས་འཛོལ་འབྱུང་བ་ནན་འགོག་བྱ་དགོས། ཟས་རིགས་དང་སྨན་རྫས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། ཁུངས་འདེད་མ་ལག་འཛུགས་སྐྲུན་བྱ་བ་དམ་འཛིན་དང་། གནད་དོན་འབུར་ཐོན་ཅན་བཅོས་སྐྱོང་བྱ་དགོས་ལ། ལྟ་སྐུལ་དོ་དམ་ནན་མོ་དང་ཐག་གཅོད་ནན་མོ། འགན་འདྲི་ནན་མོ་བཅས་བྱ་དགོས། གནོད་འགོག་གནོད་སྐྱོབ་གནོད་སྐྱུང་ནུས་པ་མཐོར་འདེགས་གཏོང་བ་དང་། གྲ་སྒྲིག་ཇུས་གཞི་ཞིབ་ཅིང་ནན་མོ་བཟོས་ནས། ས་འགུལ་དང་གངས་སྐྱོན། དཔྱིད་ཐན། ཆུ་ལོག་དང་ཞོད་སྐྱོན་སོགས་ཀྱི་གནོད་འཚེར་ནུས་ལྡན་སྒོས་གདོང་གཏད་དགོས།

འཐུས་མི་རྣམ་པ། 2019ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་དཀའ་ཚེགས་ཆེ་ཞིང་ལྕི་བས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས །“འདུ་ཤེས་བཞི”བརྟན་པོར་ཆགས་པ་དང“རང་རྟོན་བཞི”བརྟན་ཅིང་། “སྲུང་སྐྱོབ་བཞི”མཐའ་གཅིག་ཏུ་བྱས་ཏེ། ཞིང་ཆེན་ཏང་ཨུའི་བློ་བརྟན་འགྱུར་མེད་ཀྱི་མགོ་ཁྲིད་འོག ཞིང་ཆེན་དམངས་ཆེན་གྱི་མཛུབ་སྟོན་དང་ལྟ་སྐུལ་རང་རྟོགས་སྒོས་དང་ལེན་བྱེད་པ་དང་། ཞིང་ཆེན་མི་དམངས་སྲིད་གྲོས་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཧུར་ཐག་གིས་ཉན་པ། “ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ནན་ཏན་གྱིས་དངོས་འབེབས་དང་། “འཐབ་ཇུས་བཞི་ཅན་ལྔ” ལག་བསྟར་གཏིང་ཟབ་བྱེད་པ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་ཏན་ཏིག་གིས་སྐུལ་སྤེལ་བཏང་ནས། དཀའ་སྤྱད་སྡུག་རུས་དང་། དཀའ་ངལ་ཁྱད་གསོད། ཡར་རྒྱས་ལྷུར་ལེན་བྱས་ཏེ། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་གཙོ་བོ་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱ་དགོས་པ་དང་། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་དང་མཚོ་སྔོན་བཅིངས་གྲོལ་བྱས་ནས་ལོ70འཁོར་བར་བསུ་མ་བྱེད་ཅིང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ལས་མཚོ་སྔོན་གྱི་ལེའུ་འབྲི་བར་བྱས་རྗེས་གསར་པ་འཇོག་དགོས་སོ། །