མཚོ་སྔོན་ལྷོ་རྒྱུད་ས་ཁུལ་ལ་མུ་མཐུད་དུ་ཁ་བ་འབབ་པའི་གནམ་གཤིས་འབྱུང་སྲིད་པས། གནོད་སེལ་རྒུབ་སྐྱོབ་དང་འགྲིམ་འགྲུལ་སྐྱེལ་འདྲེན་མི་འཚམ།

ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་གི་གློག་འཕྲིན་ལྟར་ན། ཟླ2པའི་ཚེས23ཉིན་མཚོ་སྔོན་ཞིང་ཆེན་གྱི་གནམ་གཤིས་སྡེ་ཁག་གིས་སྔོན་དཔག་བྱས་པར་གཞིགས་ན། ཟླ2པའི་ཚེས24ཉིན་ནས་ཚེས27ཉིན་མཚོ་སྔོན་མངའ་ཁོངས་ནང་ཁུལ་དུ་ཁ་བ་འབབ་པའི་གནམ་གཤིས་འབྱུང་རྒྱུ་ཡིན་ལ། དེའི་ཁྲོད་དུ་ཡུལ་ཤུལ་དང་མགོ་ལོག་གི་ས་ཁུལ་མང་ཤོས་ལ་ཁ་བ་འབྲིང་ཙམ་འབབ་རྒྱུ་རེད། མཚོ་སྔོན་གྱི་ལྷོ་རྒྱུད་འབྲོག་ཁུལ་དང་ཤར་རྒྱུད་ཞིང་ལས་ས་ཁུལ་དུ་ཁ་བ་འབབ་པའི་ཚད་གཞི་ནི་ལི་སྨི2གྱི་ཡན་ཡིན་པ་རེད། དྲོད་གྲང་མུ་མཐུད་དུ་མར་འགྲིབ་པའི་ཁར་ཁ་བ་བབས་པ་དེ་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་ཁ་བ་བཞུ་བར་མི་ཕན་ཞིང་། དེའི་ཁར་རྒུད་སྐྱོབས་ནས་མྱུར་སྐྱོབས་ཐད་འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ཀྱི་ཐད་ལ་ཤུགས་རྐྱེན་མི་ལེགས་པ་ཐེབ་སྲིད།

འཁོར་སྐབར་ལྟ་ཞིབ་ཚད་ལེན་ལས་མངོན་པའི་གཞི་གྲངས་ལྟར་ན། མཚོ་སྔོན་ལྷོ་རྒྱུད་ཀྱི་འབྲོག་ཁུལ་དུ་ཁ་བ་འབབ་ཚད་སྟུག་ཤོས་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཉིས་ཀྱི་ཡུལ་ཤུལ་དང་རྫ་སྟོད། ཁྲི་འདུ། རྨ་སྟོད། དར་ལག དགའ་བདེ། རྨ་ཆེན་སོགས་རྫོང་དང་གྲོང་ཁྱེར་ས་ཁུལ་ཡིན་ལ། ཁ་བ་འབབ་ཚད་ཀྱིས་བཟུང་བའི་སྲིད་འཛིན་མངའ་ཁོངས་ཀྱི་རྒྱ་ཁྱོན་ནི36.5%-73.6%བར་ཡིན། ཡུལ་ཤུལ་དང་མགོ་ལོག་ཁུལ་སོ་སོའི་ཤང་དང་གྲོང་བརྡལ22ལ་ཁ་བ་འབབ་པའི་རྒྱ་ཁྱོན་ནི50%ཡིན། དེའི་ཁྲོད་རྫ་སྟོད་རྫོང་གི་བྱ་ཕུག་ཐང་གྲོང་བརྡལ་དང་ནང་ཆེན་རྫོང་གི་ཀ་གཞུང་ཤང་། རྨ་ཆེན་རྫོང་གི་གཡུག་གཞུང་ཤང་། རྨ་སྟོད་རྫོང་གི་མཛོ་རྒན་རྭ་བར་སོགས་ཤང་དང་གྲོང་རྡལ4ལ་ཁ་བ་འབབ་པའི་རྒྱ་ཁྱོན་གྱི་སྡུར་ཚད་དེ་སྲིད་འཛིན་ས་ཁུལ་གྱི90%སླེབས་ཡོད།

མཚོ་སྔོན་ལྷོ་རྒྱུད་འབྲོག་ཁུལ་གྱི་ས་ཁུལ་སོ་སོའི་ཁ་བ་འབབ་པའི་སྟུག་ཚད་ནི་ལི་སྨི10ཡི་ཡན་ཡིན་ཞིང་། དེའི་ཁྲོད་ལི་སྨི5-10བར་གྱི་ཁ་བའི་སྟུག་ཚད་གཙོ་བོ་ནི་ནང་ཆེན་ལྷོ་ནུབ་ས་ཁུལ་དང་རྫ་སྟོད་ཤར་རྒྱུད། ཁྲི་འདུའི་དབུས་རྒྱུད། རྨ་ཆེན་དང་དར་ལག་རྫོང་གི་ནུབ་རྒྱུད། ལི་སྨི2-5བར་གྱི་ཁ་བའི་སྟུག་ཚད་གཙོ་བོ་དེའི་ཁྱབ་ཁོངས་ནི་ཆུ་དམར་ལེབ་རྫོང་གི་དབུས་ཤར་རྒྱུད། དགའ་བདེ་རྫོང་གི་ནུབ་རྒྱུད་དང་རྨ་ཆེན་རྫོང་གི་ཤར་རྒྱུད་བཅས་ཡིན།

གནམ་གཤིས་ཆེད་མཁས་མི་སྣས་བསྟན་པ་ལྟར་ན། དུས་སྔོན་མར་མུ་མཐུད་དུ་ཁ་བ་བབས་པ་དང་མཚོ་སྔོན་ལྷོ་རྒྱུད་འབྲོག་ཁུལ་དུ་ཁ་བ་བབས་པའི་རྒྱ་ཁྱོན་ཆེ་ཞིང་སྟུག་པ། དེའི་ཁར་ཐེངས་འདིར་ཁ་བ་བབས་པའི་ཚད་ཅུང་ཆེ་ཞིང་དྲོད་གྲང་མུ་མཐུད་དུ་མར་འགྲིབ་པས་ཁ་བ་བཞུ་བར་མི་ཕན་ཞིང་། མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་རྒུད་སྐྱོབས་གནོད་སེལ་བྱེད་པའི་འགྲིམ་འགྲུལ་སྐྱེལ་འདྲེན་ཐད་ལ་མི་ལེགས་པའི་ཤུགས་རྐྱེན་ཐེབས་ཡོད། མཚོ་སྔོན་ཞིང་ཆེན་གྱི་གནམ་གཤིས་ཅུའུ་ཡིས་དུས་ལྟར་སྨྱན་བྱད་སོགས་ལས་འབྲེལ་ཡོད་གནས་ཚུལ་ཁྱབ་སྒྲོག་དང་ཚད་ལེན། སྔོན་དཔག་སོགས་བྱས་ཏེ། འབྲེལ་ཡོད་ས་གནས་ཁག་གི་ལས་ཁུངས་དག་གིས་སྔོན་འགོག་གི་གྲ་སྒྲིག་བྱ་བ་སྔ་མོ་ནས་བསྒྲུབས་ཡོད་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།