རང་ཞིང་གིས《ཆེད་མཁས་དང་འཇོན་མིར་སྔར་བས་ཐུགས་ཁུར་གཅེས་སྐྱོང་བྱེད་པའི་ཐབས་བཀོད་བཅུ》ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ལམ་རང་ཞིང་གིས《ཆེད་མཁས་དང་འཇོན་མིར་སྔར་བས་ཐུགས་ཁུར་གཅེས་སྐྱོང་བྱེད་པའི་ཐབས་བཀོད་བཅུ》ཞེས་པ(གཤམ་ནས་མིང་བསྡུས་ཏེ《བྱེད་ཐབས་བཅུ》ཞེས་འཁོད་རྒྱུ་ཡིན།) པར་སྐྲུན་འགྲེམས་སྤེལ་བྱས་པ་མ་ཟད། དེར་འབྲེལ་གྱི་བརྡ་སྦྱོར་ཡང་སྤེལ་ནས་ས་ཁུལ་སོ་སོའི་འབྲེལ་ཡོད་ལས་ཁུངས་དག་གིས་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱེད་པའི་བླང་བྱ་བཏོན་ཡོད།

ཆེད་ལས་ཤེས་ལྡན་མི་སྣ་ནི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་རིན་ཐང་བྲལ་བའི་རྒྱུ་ནོམ་ཞིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་ཤེས་ལྡན་མི་སྣའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དེ་ལག་ལེན་མཐར་ཕྱིན་དུ་སྤེལ་བ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱ་ཆེའི་ཤེས་ལྡན་མི་སྣ་དག་ལ་གཅེས་སྐྱོང་དང་ཐུགས་ཁུར་ནན་མོ་བྱེད་པ་དོན་དངོས་སྟེང་འབབ་ཆེད། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཞིང་ཆེན་དོན་གཅོད་གཞུང་སྒྲུབ་ཁང་། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ། ཞིང་ཆེན་ཚན་རིག་མཐུན་ཚོགས་བཅས་ལས་ཁུངས་མི་འདྲ་བ9ཡིས་མཉམ་འབྲེལ་བྱས་ཏེ《བྱེད་ཐབས་བཅུ》པར་སྐྲུན་འགྲེམས་སྤེལ་བྱས་པ་རེད།

《བྱེད་ཐབས་བཅུ》ཞེས་པ་དེའི་ནང་དུ་བསྟན་དོན། ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་བྱེད་པ་དང་ཆབ་སྲིད་ཀྱི་བསྡུ་ལེན་ལ་ཤུགས་སྣོན་པ། སྨན་བཅོས་འགན་སྲུང་གི་ཆུ་ཚད་ལ་བཅོས་སྒྱུར་བྱེད་པ། ས་གནས་མི་འདྲ་བའི་ཡུལ་ནས་སྨན་བཅོས་བྱེད་པའི་ཞབས་ཞུ་འཐུས་ཚང་དུ་གཏོང་བ། མི་ཆོས་དོ་ཁུར་ལ་ཤུགས་སྣོན་པ། ས་ཁུལ་མི་འདྲ་བའི་གནས་སུ་ཁམས་གསོ་བྱེད་དུ་འཇུག་པ། མཛའ་བརྩེ་མཉམ་འབྲེལ་གྱི་བསམ་བློ་བརྗེ་རེས་བྱེད་པའི་བྱ་འགུལ་སྤེལ་བ། གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་ཚད་གཞི་ཆེས་ཆེར་གཏོང་བ། རིག་གཞུང་གི་བསམ་བློ་བརྗེ་རེས་གསོ་སྦྱོང་བརྒྱུད་རིམ་རྒྱ་སྐྱེད་པ། ཆེད་ལས་ཤེས་ལྡན་མི་སྣའི་གཏམ་རྒྱུད་འཆད་པ་སོགས་ཕྱོགས་མི་འདྲ་བ་བཅུ་ཡི་ཐད་ལ། བྱེ་བྲག་གི་ལས་སྣོན་རང་བཞིན་གྱི་བྱེད་ཐབས་བཏོན་ཡོད་པས། ཆེད་ལས་ཤེས་ལྡན་མི་སྣ་ལ་གཟི་བརྗིད་དང་ལོག་མལ་གྱི་ཚོར་ཤེས་སྐྱེན་པོ་ཞིག་བསྐྲུན་ཡོད། སྔར་ལས་ལྷག་པའི་སྒོ་ནས་ཤེས་བྱ་ལ་བརྩི་འཇོག་དང་ཤེས་ལྡན་མི་སྣ་ལ་བརྩི་འཇོག་བྱེད་པའི་སྤྱི་ཚོགས་ཀྱི་མཁའ་དབུགས་ལེགས་པོ་ཞིག་ཀྱང་བསྐྲུན་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།