གསེར་ཆེན་རྫོང་གིས་ཞིང་ཕྱུགས་ལས་འཕེལ་རྒྱས་ལ“གོམ་སྟབས་བཞི”ཇུས་འགོད་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཉེ་ལམ་གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་མི་དམངས་སྲིད་གཞུང་ནས་རྒྱུས་ལོན་པ་ལྟར་ན། རྫོང་ཡོངས་ཀྱི་ཞིང་ཕྱུགས་ལས་རིགས་དེ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་པ་དང་། 2019ལོར་གསེར་ཆེན་རྫོང་གིས་ཞིང་སྡེ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ། ཞིང་ཕྱུགས་ལས་རིགས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་བཅས་ཕྱོགས་མི་འདྲ་བ་བཞི་ལ་སྐུལ་འདེད་ཆེན་པོ་བྱས་ཏེ་རྫོང་ཡོངས་ཀྱི་ཞིང་ཕྱུགས་ལས་རིགས་ཐོན་སྐྱེད་བྱ་བ་ལེགས་པོར་བསྒྲུབ་རྒྱུ་ཡིན་པ་རེད།

རྒྱུས་ལོན་བྱུང་བ་ལས་ཤེས་གསལ་ལྟར་ན། གསེར་ཆེན་རྫོང་གིས་ཞིང་ཆེན་དང་ཁུལ་རིམ་པའི་ཞིང་སྡེ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་དམིགས་འབེན་འགན་འཁྲིའི་ཚད་གཞི་ལྟར་རྫོང་དང་ཤང་རིམ་པའི་ཞིང་སྡེ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་ཀྱི་འཆར་འགོད་གཏན་འབེབས་འཐུས་ཚང་དུ་བཏང་སྟེ་ཚོད་ལྟའི་སྡེ་བ་དག་གི་ཇུས་གཞི་ལག་བསྟར་བྱས། དེར་མ་ཟད་གོམ་གང་མདུན་སྤོས་སྒོས་ཞིང་ཕྱུགས་ས་ཁུལ་གྱི་ས་ཞིང་ལམ་ལུགས་ལ་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་ཏེ། ཞིང་ཕྱུགས་ས་ཁུལ་དུ་དབང་ཆ་གསུམ་གྱི་དབྱེ་བགོ་ལམ་ལུགས་དངོས་འབེབ་བྱས་ཡོད་ལ། ཞིང་ཕྱུགས་ལས་རིགས་ཀྱི་ཚོང་གཉེར་བྱེད་ཐབས་གསར་གཏོད་ཀྱིས་སྡེ་བའི་གཅིག་བསྡུས་དཔལ་འབྱོར་ལ་ཏན་ཏིག་གིས་སྐུལ་འདེད་བྱས་ཏེ། འཕེལ་རྒྱས་དང་མཐུན་པའི་གཞི་ཁྱོན་ལ་བརྟེན་ནས་ཚོང་གཉེར་བྱེད་པ། ཞིང་ཕྱུགས་ལས་རིགས་ཀྱི་འཕེལ་རྒྱས་ལ་གསོན་ཤུགས་སྣོན་པར་སྐུལ་འདེད་བྱེད་པ། ནུས་ཤུགས་གང་ཡོད་སྒོས་ཞིང་ཕྱུགས་ལས་རིགས་ཐད་ཀྱི་ལས་གཏོད་ཕྱུག་འགྱུར་སྣེ་ཁྲིད་པ་སྐོར་ཞིག་གསོ་སྐྱོང་བྱེད་རྒྱུ་བཅས་ཡིན་པ་རེད།

ཞིང་སྡེ་དར་རྒྱས་སུ་གཏོང་བའི་འཐབ་ཇུས་གཏིང་ཟབ་དུ་ལག་བསྟར་བྱེད་པའི་རྨང་གཞིའི་སྟེང་རྒྱུད་གཉིས་ཁུལ་གཅིག་གི་དེང་རབས་ཞིང་ཕྱུགས་ལས་རིགས་ཀྱི་འཕེལ་རྒྱས་གནས་བབ་སྒྲིག་གཞི་མགྱོགས་མྱུར་སྒོས་སྐུལ་འདེད་བྱས། ཏན་ཏིག་སྒོས“ནོར་གནག་དང་བོད་ལུག ཆས ཀེ་ཚེ”བཅས་ཐོན་ལས་ཆེན་པོ་བཞི་ཡི་མཉམ་འབྲེལ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ། སྐྱེ་ཁམས་གནག་ཕྱུགས་ལས་རིགས་ཧུར་ཐག་གིས་འཕེལ་རྒྱས་སུ་བཏང་ཞིང་རྩྭ་ལས་ཐོན་སྐྱེད་ཀྱི་གཞི་ཁྱོན་ཆེས་ཆེར་གཏོང་བ། གཟན་རྩྭ་དང་གཟན་ཆས། གསོ་སྤེལ་བཅས་འཕེལ་རྒྱས་སུ་བཏང་ནས། ལོ་གཅིག་གི་ནང་དུ་ཚད་ལྡན་ཅན་གྱི་གསོ་སྤེལ་ར་བ6གསར་འཛུགས་བྱེད་པ་དང་ལོ་གཅིག་ལ་མ་གཏོགས་མི་སྐྱེ་བའི་གཟན་རྩྭ་སྤྱི་ཆིངས3333.33འདེབས་འཛུགས་བྱེད་པ། ལོ་མང་རིང་སྐྱེས་པའི་གཟན་རྩྭ་སྤྱི་ཆིངས666.67འདེབས་འཛུགས་བྱེད་པ། འོས་འཚམ་སྒོས་ནས་དང་སྲན་མ་སོགས་ས་གནས་ཀྱི་ཁྱད་ལྡན་ལོ་ཏོག་འདེབས་འཛུགས་ཀྱི་རྒྱ་ཁྱོན་ཆེས་ཆེར་གཏོང་བ། ཐང་དཀར་མ་ས་ཁུལ་དུ་ནས་ནག་སོན་བཟང་འདེབས་འཛུགས་བྱེད་པའི་རྟེན་གཞི་གསར་འཛུགས་བྱས་ཏེ། སོན་བཟང་ནས་ནག་འདེབས་འཛུགས་ཀྱི་རྒྱ་ཁྱོན་དེ་སྤྱི་ཆིངས666.67ལ་སླེབས་སུ་འཇུག་རྒྱུ། དེ་དང་ཆབས་ཅིག་མུ་མཐུད་དུ་ཞིང་ཕྱུགས་ལས་རིགས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སྒོས་ཞིང་ཕྱུགས་ས་ཁུལ་གྱི་ཆུ་བེད་དང་འགྲིམ་འགྲུལ། གློག་ཤུགས། ལྕགས་དྲ། ཕྱུགས་ར། ཞིང་ས་སོགས་ལ་དག་ཐེར་བྱས་ཏེ་རྨང་གཞིའི་སྒྲིག་ཆས་ཀྱི་ལས་གཞི་ལག་བསྟར་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས་ཞིང་ཕྱུགས་ལས་རིགས་ཀྱི་ཞན་ཆ་ལ་ཁ་གསབ་གང་ལེགས་བྱས་ཏེ་འཕེལ་རྒྱས་སུ་བཏང་ཡོད་པ་རེད།

དེ་ལས་ཀྱང་གླེང་རིན་ཡོད་པ་ཞིག་ལ། ད་ལོ་གསེར་ཆེན་རྫོང་གིས་དཔེར་སྟོན་མཉམ་ལས་ཁང་གི་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། མ་རྐང་ལམ་ལུགས་ལ་སྐུལ་འདེད་དང་ཁྱིམ་ཚང་མཉམ་འབྲེལ་ལམ་ལུགས་སོགས་བྱེད་ཐབས་སྣ་མང་ལ་བརྟེན་ནས་རྩྭ་སའི་སྐྱེ་ཁམས་གནག་ཕྱུགས་ཆེད་གཉེར་མཉམ་ལས་ཁང་འཛུགས་སྐྲུན་བྱས་ཏེ། རྩྭ་སའི་སྐྱེ་ཁམས་གནག་ཕྱུགས་ལས་རིགས་དེ་གཅིག་བསྡུས་ཅན་དང་གཞི་ཁྱོན་ཅན། སྒྲིག་སྲོལ་ཅན་བཅས་སུ་གཏོང་བའི་ཚོང་གཉེར་ཆུ་ཚད་མཐོར་འདེགས་སྒོས་ཞིང་ཕྱུགས་ལས་རིགས་ཀྱི་ཐོན་ལས་རང་བཞིན་གྱི་ཁེ་ལས་མི་འདྲ་བ4ལ་རྒྱུན་བསྲིངས་ནས་ཞིང་ཕྱུགས་ལས་རིགས་ཀྱི་ཆེད་གཉེར་མཉམ་ལས་ཁང10གསར་འཛུགས་བྱེད་རྒྱུ། ཞིང་ཕྱུགས་ས་ཁུལ་གྱི་ཐོན་ལས་གཅིག་བསྡུས་བྱ་བ་ཧུར་ཐག་གིས་སྤེལ་ནས་ཚོང་རྟགས་གྲགས་ཅན་གྱི་ངོས་འཛིན་དང་ས་ཁམས་རང་བཞིན་གྱི་ཚོང་རྟགས་ཐོ་འགོད་བྱེད་པ། ཞིང་ཕྱུགས་ཐོན་ལས་དེ་མུ་མཐུད་དུ་མ་ལག་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས་ཏེ། ས་གནས་རང་བཞིན་གྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ་གསེར་ཆེན་རྫོང་གི་ཁྱད་ལྡན་གནག་ཕྱུགས་ཐོན་རྫས་ཀྱི་མཚན་སྙན་གྱི་ཚད་གཞི་མཐོར་འདེགས་སུ་གཏང་བ་བཅས་ཀྱི་ལས་ཀ་སྤེལ་རྒྱུ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།