མེ་གསོད་སྡེ་ཁག་གིས་རྒྱ་ལོའི་བཅོ་ལྔའི་དུས་ཆེན་སྐབས་ཀྱི་མེ་གསོད་བདེ་འཇགས་བདེ་སྲུང་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱས་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ2ཚེས19ཉིན་རྒྱ་ལོའི་བཅོ་ལྔའི་དུས་ཆེན་སྐབས་ཀྱི་མེ་གསོད་བདེ་འཇགས་འགན་སྲུང་བྱ་བ་ལེགས་པོར་སྒྲུབ་ཆེད། ཞིང་ཆེན་ཡོངས་ཀྱི་མེ་གསོད་སྡེ་ཁག་གིས་ཁྱོན་བསྡོམས་མེ་གསོད་མྱུར་སྐྱོབས་རོགས་སྒྲུབ་རུ་མི་སྟོང་ཕྲག་ལྷག་རྩ་འཛུགས་བྱས་ཏེ། དུས་ཆེན་སྐབས་སུ་རྟེན་འབྲེལ་ཞུ་བའི་བྱ་འགུལ་སོ་སོའི་ཡུལ་དངོས་དང་མི་ཚོགས་སྟུག་པོའི་ཡུལ་དངོས་དག་ལ་ལྟ་རྟོག་དང་མེ་གསོད་ལྟ་རྟོག་ཞིབ་བཤེར་ནན་མོ་བྱས་ནས། དུས་ཆེན་སྐབས་ཀྱི་མེ་གསོད་བདེ་འཇགས་བྱ་བར་འགན་བཅོལ་བྱས་ཡོད།

སྐུ་འབུམ་དགོན་པ་རུ་མེ་ཏོག་མཆོད་མཇལ་ལ་ལྟ་རྒྱུ་དེ་ནི་ལོ་རེའི་རྒྱ་ལོའི་སྨོན་ལམ་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་རྒྱ་ལོའི་བཅོ་ལྔའི་དུས་ཆེན་ལ་རོལ་བའི་སྤྲོ་སྐྱིད་ཀྱི་ལས་ཀ་ཐོག་མ་ཞིག་ཡིན་པས། སྐུ་འབུམ་དགོན་པའི་མེ་གསོད་བདེ་འཇགས་བྱ་བར་འགན་སྲུང་བྱེད་ཆེད། མེ་གསོད་སྡེ་ཁག་གིས་རུ་མི་བརྒྱ་ལྷག་སྐོང་འཐེན་བསྡུ་རུབ་བྱས་ནས། ཡུལ་དངོས་སུ་ལྟ་རྟོག་བྱེད་པའི་རྣམ་པ་སྤེལ་བ་དང་ལག་བསྟར་ས་གནས་ལྔ་དང་སྐོར་གཡེང་ལག་བསྟར་ཡན་ལག་རུ་དཔུང4ཡིས་དགོན་པ་ཧྲིལ་བོར་ཁྱོན་ཡོངས་ནས་ལྟ་སྐུལ་ཚོད་འཛིན་བྱས་ཏེ། ནུས་ཤུགས་གང་ཡོད་ཀྱིས་སྐུ་འབུམ་དགོན་པའི་མེ་གསོད་བདེ་འཇགས་བྱ་བར་འགན་བཅོལ་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་རུ་སྤེལ་བའི་གློག་བཞུའི་འགྲེམ་སྟོན་ཡུལ་དངོས་སུ་མེ་གསོད་མྱུར་སྐྱོབས་རུ་ཁག་གི་རུ་མི་དག་ལ་དམིགས་གསལ་ལས་བགོས་བྱས་པ་དང་ཆབས་ཅིག་ལུས་ལ་ལག་ཆ་སྤྲས་ཏེ། གནས་ཡུལ་མི་འདྲ་བ་དག་ནས་གློག་བཞུའི་འགྲེམས་སྟོན་གྱི་ཡུལ་དངོས་ལ་ལྟ་རྟོག་བྱས་ཏེ། དུས་ལྟར་གློ་བུར་དུ་བྱུང་བའི་དོན་རྐྱེན་ཐག་གཅོད་བྱེད་པར་གྲ་སྒྲིག་བྱས་ཡོད། བསྡོམས་རྩིས་ལས་ཤེས་གསལ་ལྟར་ན། རྒྱ་ལོའི་བཅོ་ལྔའི་དགོང་མོར་ལག་བསྟར་གནས་ཡུལ་མི་འདྲ་བ74གསར་འཛུགས་བྱས་ཤིང་།ལག་བསྟར་འགྲོ་སྐྱོད་རླངས་འཁོར107 མྱུར་སྐྱོབས་རུ་མི535བཅས་རྩ་འཛུགས་བྱས་ཡོད། དེ་དང་ཆབས་ཅིག་ད་རུང་མེ་གསོད་ལྟ་སྐུལ་ཁྲིམས་འཛིན་མི་སྣ800ལྷག་རྩ་འཛུགས་སྒོས་རིགས་མི་འདྲ་ཞིང་མི་ཚོགས་ཀྱི་འདུས་སྡོད་སྟུག་སའི་ཡུལ་དངོས་དག་ལ་མེ་གསོད་བདེ་འཇགས་གནས་ཚུལ་ཐད་ཆེད་དོན་ཞིབ་བཤེར་བྱས་ཞིང་། རིགས་མི་འདྲ་བའི་ཡུལ་དངོས་དང་ཁྱིམ་ཚང272ལ་ཞིབ་བཤེར་ནན་མོ་བྱས་ཏེ་མེ་སྐྱོན་གྱི་འགལ་རྐྱེན་དོན་རྐྱེན417གསར་རྙེད་སྒོས་རྩ་བའི་ཆ་ནས་མེ་སྐྱོན་འགལ་རྐྱེན་མེད་པར་བཏང་ཞིང་རྒྱ་ཆེའི་མང་ཚོགས་ཀྱིས་སྤྲོ་སྐྱིད་ལྡན་པའི་དུས་ཆེན་གསར་གཏོད་ཐད་ལ་མེ་གསོད་ཀྱི་བདེ་འཇགས་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པ་རེད།

རྒྱ་ལོའི་བཅོ་ལྔའི་དུས་ཆེན་གྱི་དགོང་མོར། ཞིང་ཆེན་ཡོངས་སུ་ཁྱོན་བསྡོམས་མེ་སྐྱོན་དོན་རྐྱེན་མི་འདྲ་བ4བྱུང་ཞིང་། མེ་སྐྱོན་བྱུང་བའི་ཁ་གྲངས་ཀྱི་ཚད་གཞི་དེ་ན་ནིང་དང་སྡུར་ན87.5%ཇེ་དམའ་རུ་སོང་ཡོད། མི་རྐྱེན་ལམ་དུ་ཤོར་བ་དང་གནོད་སྐྱོན་ཚབས་ཆེན་ཐེབས་པའི་མེ་སྐྱོན་དོན་རྐྱེན་ཞིག་གཏན་ནས་མིན་པས་ཞིང་ཆེན་ཡོངས་ཀྱི་མེ་སྐྱོན་གནས་བབ་དེ་བརྟན་འཇགས་སུ་བཏང་ཡོད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།