རྒྱ་ལོའི་བཅོ་ལྔའི་སྐབས་རང་ཞིང་གི་འགྲིམ་འགྲུལ་རྒྱུན་ཆགས་གོ་རིམ་ལྡན།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ2ཚེས20ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྤྱི་ཁྱབ་རུ་ཁག་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2019ལོའི་རྒྱ་ལོའི་བཅོ་ལྔའི་དུས་ཆེན་གྱི་སྐབས་སུ་རང་ཞིང་གི་འགྲིམ་འགྲུལ་བདེ་འཇགས་རྣམ་པའི་བརྟན་འཇགས་ལ་གོ་རིམ་ལྡན་ཞིང་། ཉིན་དེར་ཁྱོན་བསྡོམས་ཉེན་རྟོག་དམག་ཤུགས་མི་གྲངས3250དང་ཉེན་རྟོག་རླངས་འཁོར289ལྷག ལག་བསྟར་འགན་ནུས་ས་ཚིགས220གསར་འཛུགས་སྒོས་རིམ་པ་སོ་སོའི་བྱ་འགུལ་གྱི་ཡུལ་དངོས93གྱི་བདེ་འཇགས་ལ་འགན་སྲུང་བྱས་ཤིང་འགྲིམ་འགྲུལ་གྱི་སྒྲིག་འགལ་ཁྲིམས་འགལ329ལྷག་ལ་ཡོ་བསྲང་བྱས་པས། རང་ཞིང་ལ་སྔར་བྱུང་མ་མྱོང་བའི་གཞི་རྒྱ་ཆེས་ཆེ་ཞིང་དུས་ཡུན་ཆེས་རིང་བའི་འགྲིམ་འགྲུལ་འཚང་ཁའི་རིགས་སོ་སོའི་བྱ་འགུལ་མི་འདྲ་བ་དག་གི་ཁྲོད་འགྲིམ་འགྲུལ་གྱི་བརྒྱུད་རིམ་བདེ་འཇགས་ཡིན་ཞིང་ཤར་གཏོང་ལ་ཁག་ཐེག་བྱས་ཡོད།

རྒྱ་ལོའི་བཅོ་ལྔའི་དུས་ཆེན་ལ་ཁ་གཏད་དེ་རང་ཞིང་གི་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར། རྨ་ལྷོ། མཚོ་ནུབ་སོགས་ས་ཁུལ་གྱིས་ཧྲེ་ཧོ་འཁྲབ་སྟོན་དང་རྒྱ་ལོའི་བཅོ་ལྔའི་ལྒང་བཞུ་འགྲེམ་སྟོན་སོགས་མང་ཚོགས་རང་བཞིན་གྱི་བྱ་འགུལ་རྒྱ་ཆེན་པོ་གཅིག་བསྡུས་སྒོས་སྤེལ་པས། འགྲོ་སྐྱོད་མི་གྲངས་མང་ཞིང་འགྲིམ་འགྲུལ་ལ་འཚང་ཁ་རྒྱག་པ། འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད་སོགས་ཚད་གཞི་མཐོན་པོའི་ཉེན་ཁ་ཡང་འབྱུང་སྲིད་པས། མཚོ་སྔོན་འགྲིམ་འགྲུལ་སྤྱི་ཁྱབ་རུ་ཁག་གིས་སྔ་མོ་ནས་དོན་དག་གི་འབྱུང་རྐྱེན་ལ་དབྱེ་ཞིབ་བྱས་ཏེ། ཆེད་དོན་གྲོས་ཚོགས་བསྡུས་ཤིང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་འགྲིམ་འགྲུལ་བདག་དོམ་སྡེ་ཁག་གིས་རྒྱ་ལོའི་བཅོ་ལྔའི་དུས་སྐབས་ཀྱི་འགྲིམ་འགྲུལ་བདེ་འཇགས་བྱ་བར་ཆེད་དུ་བཀོད་སྒྲིག་ལེགས་པོ་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་ཡན་ལག་རུ་ཁག9ཡིས་བྱ་བའི་ཇུས་འགོད་གཏན་ཁེལ་གང་ལེགས་བྱས་ཏེ་སྙོམས་སྒྲིག་དང་ཉེན་རྟོག་དམག་ཤུགས་དག་སྒྲིག་གིས་རིམ་པ་སོ་སོའི་འགྲིམ་འགྲུལ་བདེ་སྲུང་བྱ་བར་བཀོད་སྒྲིག་བྱས་པ་མ་ཟད། རྒྱ་ལོའི་བཅོ་ལྔའི་དུས་སྐབས་ཀྱི་བདེ་འཇགས་བདག་དོམ་བྱ་བའི་རིམ་པ་སོ་སོའི་བྱེད་ཐབས་དེ་ཞིབ་ཚགས་ཅན་ཏུ་བཏང་པ་རེད།

རྒྱ་ལོའི་བཅོ་ལྔའི་དུས་སྐབས་སུ་འགྲིམ་འགྲུལ་སྤྱི་ཁྱབ་རུ་ཁག་གིས་ལྟ་རྟོག་མཛུབ་སྟོན་ཚོ་ཆུང་ལྔ་གསར་འཛུགས་བྱས་ཤིང་དུས་ཐུན་མི་འདྲ་བ་རུ་བགོས་ནས་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར། མྱུར་བགྲོད་གཞུང་ལམ་སོགས་སུ་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་སྒོས་རྒྱ་ལོའི་བཅོ་ལྔའི་སྐབས་ཀྱི་འགྲིམ་འགྲུལ་བདེ་སྲུང་དང་ལོ་སར་སྐྱེལ་འདྲེན་བྱ་བའི་གནས་ཚུལ་ལེགས་པོར་སྤེལ་ཏེ། མཚན་མོའི་ལས་འགན་བཀོད་སྒྲིག་སྒོས་གནས་ཚུལ་མི་འདྲ་བ་དག་ལ་ཞིབ་བཤེར་བྱས་ཏེ། འགྲིམ་འགྲུལ་གྱི་འཁོར་རྒྱུག་ལ་རྒྱུས་ལོན་གསལ་བོ་བྱས་ཤིང་། མི་དམངས་ཉེན་རྟོག་མི་སྣའི་རང་སྟེང་གི་བདེ་འཇགས་འགོག་སྲུང་སོགས་ཀྱི་གནས་ཚུལ་ཡང་སྤེལ་ཏེ། ལག་བསྟར་མི་དམངས་ཉེན་རྟོག་པའི་དཀའ་ཁག་ཁྱད་གསོད་དང་དཀའ་ངལ་གདོང་ལེན་གྱིས་བྱ་བ་ཅི་རིགས་ཀྱི་བྱེད་ཐབས་དངོས་འབེབ་བྱས་ནས། མི་དམངས་ཉེན་རྟོག་པ་དང་ཆབས་ཅིག་མཚན་མོའི་ལག་བསྟར་བྱ་བ་དེ་ཡང་ལེགས་པོར་བསྒྲུབས་ནས་བྱ་བ་ཅི་རིགས་བདེ་བླག་ངང་ཡོངས་འགྲུབ་བྱུང་བར་འགན་བཅོལ་དང་ཁག་ཐེག་བྱས་པ་རེད།

ཞིང་སྡེ་དང་གྲོང་ཁྱེར་དག་གི་རིགས་མི་འདྲ་བའི་བྱ་འགུལ་གྱི་སྐབས་སུ་ཆང་གིས་བཟི་ནས་རླངས་འཁོར་བསྐོར་བ་སོགས་འགྲིམ་འགྲུལ་གྱི་ཁྲིམས་འགལ་དོན་རྐྱེན་བྱུང་བའི་ཉེན་ཁ་ཧ་ཅང་ཆེ་བས། ལམ་ངོས་ཀྱི་སྐོར་གཡེང་བདག་དོམ་ཚོད་འཛིན་བྱ་བར་མུ་མཐུད་དུ་ཤུགས་བསྣན་ནས། དུས་ཡུན་ངེས་ཅན་འབུར་དུ་འཛིན་པ་དང་ས་ཁུལ་གཙོ་བོ། ལམ་རྒྱུད་གཙོ་བོ། རླངས་འཁོར་གཙོ་བོ་བཅས་ལ་ལྟ་རྟོག་བདག་དོམ་ནན་མོ་བྱས། མཚོ་ཤར་དང་མཚོ་ནུབ། རྨ་ལྷོ། མཚོ་ལྷོ་སོགས་ས་ཁུལ་གྱི་འགྲིམ་འགྲུལ་སྡེ་ཁག་གིས་རྒྱ་ལོའི་བཅོ་ལྔའི་དུས་སྐབས་སུ་གཙོ་བོ་དམངས་ཁྲོད་ཀྱི་ཧྲེ་ཧོ་རུ་ཁག་དང་རྔ་རྡུང་འབོད་བཀྲོལ་རུ་ཁག་གིས་བརྒྱུད་པའི་སྲང་ལམ་གྱི་སྐོར་གཡེང་དང་ལྷ་ཁང་། ལྒང་བཞུ་སོགས་མང་ཚོགས་ཀྱི་བྱེད་སྒོ་ཆེན་པོའི་རིགས་ཀྱི་འགྲིམ་འགྲུལ་ལ་བཀོད་འདོམས་དང་ཆག་སྐྱོན་བྱུང་ས། འགྲིམ་འགྲུལ་གྱི་འཚང་ཁ་དང་རྙོག་འཛིང་ཁུལ་མེད་པར་གཏོང་བར་ཕྱིར་གཤོལ་བྱས་ཏེ། མང་ཚོགས་ལ་འགྲིམ་འགྲུལ་དོན་རྐྱེན་བྱུང་བར་སྔོན་འགོག་བྱས། ཟི་ལིང་འགྲིམ་འགྲུལ་ཉེན་རྟོག་པས་དུས་ལྟར་འགྲིམ་འགྲུལ་གྱི་ཤར་གཏོང་རྣམ་གཞག་སྙོམས་སྒྲིག་གང་ལེགས་བྱས་པ་མ་ཟད། རླངས་འཁོར་གྱི་འཁོར་རྒྱུགས་ཚད་གཞིར་ཚོད་འཛིན་གྱིས་བབ་བསྟུན་སྒོས་འགྲིམ་འགྲུལ་བརྡ་རྟགས་ལ་རམ་འདེགས་གང་ལེགས་བྱས་ཏེ། འགྲིམ་འགྲུལ་གྱི་ཤར་གཏོང་ནུས་པ་སྔར་ལས་མཐོར་འདེགས་སུ་བཏང་། མྱུར་བགྲོད་འགྲིམ་འགྲུལ་ཉེན་རྟོག་པས་མྱུར་བགྲོད་གཞུང་ལམ་གྱི་འཛུལ་སྒོ་དང་འབུད་སྒོ་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ། མཁར་མཐའི་ཟུང་འབྲེལ་སྡེ་ཁག་སོགས་ཀྱི་ལམ་རྒྱུད་གཙོ་བོ་དག་ལ་སྐོར་གཡེང་དང་བདག་དོམ་ཚོད་འཛིན་གང་ལེགས་བྱས་ནས། དུས་ལྟར་ཁྲིམས་འགལ་ཡོ་བསྲང་དང་སྐབས་བསྟུན་རླངས་འཁོར་རྒྱུ་ལམ། སྐབས་བསྟུན་རླངས་འཁོར་འཇོག་པ། ལྡོག་ལམ་དུ་འགྲོ་བ་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ལ་དག་ཐེར་བྱས་པ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།