མཚོ་སྔོན་ཞིང་ཆེན་གྱི2018ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2019ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ།

---2019ལོའི་ཟླ1པོའི་ཚེས27ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་།

མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན།

ཞིང་ཆེན་མི་དམངས་སྲིད་གཞུང་གི་མངག་བཅོལ་ལྟར། ད་ལྟ2018ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2019ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པས་གྲོས་ཞིབ་གནང་བར་ཕུལ་བ་དང། སྲིད་གྲོས་ཀྱི་ཨུ་ཡོན་དང་གྲོས་ཚོགས་སུ་ཟུར་ཞུགས་མཛད་པའི་བློ་མཐུན་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་ཞུ།

གཅིག 2018ལོར་ཞིང་ཆེན་ཡོངས་ཀྱི་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ།

2018ལོར་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོའི་འོག་དང། རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་དང་དེའི་རྒྱུན་ཨུ་ཁང་གི་ལྟ་སྐུལ་མཛུབ་སྟོན་འོག་ཏུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་བ་དང་། ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཤིང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བའི་བཀོད་སྒྲིག་གཞིར་བཟུང་ནས། “འདུ་ཤེས་བཞི”དངོས་གནས་ཇེ་དྲག་དང“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ། “སྒྱུར་བ་བཞི”ལ་ཤུགས་ཆེན་པོས་སྐུལ་འདེད། “འཐབ་ཇུས་བཞི་ཅན་ལྔ”ལག་བསྟར་གཏིང་ཟབ་བཅས་བྱས་ནས། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་ཧུར་ཐག་གིས་སྐུལ་འདེད་བཏང་བ་དང་། ཞིང་ཆེན་དམངས་ཆེན་གྱི་ཇུས་ཆོད་སོ་སོ་ནན་ཏན་སྒོས་ལག་བསྟར་དང་། འཕེལ་རྒྱས་གསར་བའི་འདུ་ཤེས་བརྟན་པོར་བཅངས་ནས། བརྟན་བརླིང་ཁྲོད་འཕེལ་རྒྱས་བརྩོན་ལེན་གྱི་བྱ་བའི་སྤྱིའི་མདོ་དོན་རྒྱུན་འཁྱོངས་བྱས་ཤིང་། ནོར་སྲིད་ཀྱི་སྲིད་ཇུས་ཧུར་ཐག་གིས་དོན་འཁྱོལ་དང་། སྔོན་རྩིས་བཅའ་ཁྲིམས་ལག་ལེན་མཐར་ཕྱིན་ནན་མོ་བྱས་ཐོག ཁྲིམས་ལྟར་ཡོང་སྒོ་རྩ་འཛུགས་བྱེད་ཤུགས་ཇེ་དྲག་ཏུ་བཏང་ལ། ནོར་སྲིད་འགྲོ་སྒོའི་སྒྲིག་གཞི་ལེགས་སྒྱུར་དང་ནོར་ཁྲལ་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་བྱ་བ་སྣ་ཚོགས་བདེ་བླག་ངང་ཡོངས་འགྲུབ་བྱས་ཡོད།

(གཅིག) 2018ལོའི་སྔོན་རྩིས་གཏོང་ཡོང་གི་གནས་ཚུལ།

1. སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས།

(1) ཞིང་ཆེན་ཡོངས་སུ་ལག་བསྟར་བྱས་པའི་གནས་ཚུལ། 2018ལོར་ཞིང་ཆེན་ཡོངས་ཀྱི་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར272.9ཡོད་ཅིང། སྔོན་རྩིས་ལག་བསྟར་བྱས་ཚད་ནི103.1%ཡིན་ལ། ལོ་སྔོན་མའི་ཡོངས་འགྲུབ་ཚད་དང་བསྡུར་ན10.8%འཕར་བ་རེད། དེའི་ཁར་ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར1230.4ཡོད་པ་དང་། ས་གནས་སྲིད་གཞུང་གི་སྤྱིར་བཏང་གི་བུན་འཛིན་བཀྲམ་པ་སྒོར་དུང་ཕྱུར424.8(འདིའི་ནང་སྤྱིར་བཏང་གི་བུན་འཛིན་བརྗེ་སྒྱུར་བྱས་པའི་སྒོར་དུང་ཕྱུར218འདུ)ཡོད་པ་དང་། སྔོན་ལོའི་ལྷག་འཕྲོ་རྩིས་ཁོངས་སྤོས་པ་སྒོར་དུང་ཕྱུར18ཡོད་ཅིང། སྔོན་རྩིས་གཏན་འཇགས་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར93.3དང། ལོ་རིམ་བྱུང་གི་ནོར་སྲིད་ཀྱི་བསགས་དངུལ་དང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་སོགས་སྒོར་དུང་ཕྱུར15.3ནང་འདྲེན་བྱས་རྗེས། ཞིང་ཆེན་ཡོངས་ཀྱི་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར2054.7ཡོད་ཅིང། སྤྱིར་བཏང་གི་བུན་འཛིན་བཀྲམ་པ་བརྗེ་སྒྱུར་བྱས་པ་ཕུད་རྗེས། ཞིང་ཆེན་ཡོངས་ཀྱི་དོན་དངོས་ཀྱི་སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར1836.7ཡོད་ལ། སྒོར་དུང་ཕྱུར179.7འཕར་ཡོད།

ཞིང་ཆེན་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར1647.5ཡོད་ཅིང། སྔོན་རྩིས་ལག་བསྟར་བྱས་ཚད95.2%ཡིན་ལ། ལོ་སྔོན་མའི་ཡོངས་འགྲུབ་ཚད་དང་བསྡུར་ན7.6%འཕར། བུ་ལོན་གྱི་མ་རྩ་འཇལ་བའི་འགྲོ་སྒོ་སྒོར་དུང་ཕྱུར219.1བཏང། སྔོན་རྩིས་གཏན་འཇགས་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར89.3བཀོད་སྒྲིག་དང། གོང་སྤྲོད་འགྲོ་སྒོ་སྒོར་དུང་ཕྱུར1.1བཏང། གཏོང་ཡོང་གཉིས་ཐོད་གཏུགས་རྗེས་ལོ་མཇུག་ཏུ་སྒོར་དུང་ཕྱུར97.7ལྷག་ཡོད་ལ། ཚང་མ་ལོ་རྗེས་མའི་འགྲོ་སྒོའི་རྩིས་ཁོངས་སུ་སྤོས་ཡོད།

(2) ཞིང་ཆེན་རིམ་པར་ལག་བསྟར་བྱས་པའི་གནས་ཚུལ། ཞིང་ཆེན་རིམ་པའི་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར84.3ཡོད་ཅིང། སྔོན་རྩིས་ལག་བསྟར་བྱས་ཚད101.3%ཡིན་ལ། ལོ་སྔོན་མའི་ཡོངས་འགྲུབ་ཚད་དང་བསྡུར་ན9.3%འཕར་བ་རེད། དེའི་ནང་དུ་དཔྱ་ཁྲལ་ཡོང་སྒོ་སྒོར་དུང་ཕྱུར59ཡོད་ལ། སྔོན་རྩིས་ལག་བསྟར་བྱས་ཚད93.1%ཡིན། ཡོང་སྒོ་སྒོར་དུང་ཕྱུར4ཇེ་མང་དུ་སོང་ཞིང7.3%འཕར་བ་རེད། དཔྱ་ཁྲལ་མིན་པའི་ཡོང་སྒོ་སྒོར་དུང་ཕྱུར25.3ཡོད་ལ། སྔོན་རྩིས་ལག་བསྟར་བྱས་ཚད127.4%ཡིན། ཡོང་སྒོ་སྒོར་དུང་ཕྱུར3.1ཇེ་མང་དུ་སོང་ཞིང14.2%འཕར་བ་རེད། དེའི་ཁར་ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར300(ཀྲུང་དབྱང་གིས་རང་ཞིང་ལ་ཁ་གསབ་བྱས་པའི་ཡོང་སྒོ་སྒོར་དུང་ཕྱུར1230.4ནང་ནས་གྲོང་ཁྱེར་དང་ཁུལ་ལ་སྒོར་དུང་ཕྱུར930.4ཁ་གསབ་བྱས་པ་ཕུད་ཡོད) ཡོད་པ་དང། ས་གནས་སྲིད་གཞུང་གི་སྤྱིར་བཏང་གི་བུན་འཛིན་བཀྲམ་པ་སྒོར་དུང་ཕྱུར330.8(འདིའི་ནང་སྤྱིར་བཏང་གི་བུན་འཛིན་བརྗེ་སྒྱུར་བྱས་པའི་སྒོར་དུང་ཕྱུར174.2འདུ)ཡོད་པ་དང། ལོ་སྔོན་མའི་ལྷག་འཕྲོ་རྩིས་ཁོངས་སུ་སྤོས་པ་སྒོར་དུང་ཕྱུར11.8ཡོད། སྔོན་རྩིས་གཏན་འཇགས་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར70དང། རྒྱལ་དབང་མ་རྩའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར0.3ནང་འདྲེན་བྱས་རྗེས། ཞིང་ཆེན་རིམ་པའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར797.2ཡོད་པ་དང། སྤྱིར་བཏང་གི་བུན་འཛིན་བཀྲམ་པ་བརྗེ་སྒྱུར་བྱས་པ་ཕུད་རྗེས། ཞིང་ཆེན་རིམ་པའི་དོན་དངོས་ཀྱི་སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར623ཡོད་ལ། ལོ་སྔོན་མ་ལས་སྒོར་དུང་ཕྱུར36.4ཇེ་མང་དུ་སོང་ཡོད།

ཞིང་ཆེན་རིམ་པའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར533.3ཡོད་པ་དང་སྔོན་རྩིས་ལག་བསྟར་བྱས་ཚད95%ཡིན་ལ8.5%འཕར་ཡོད། བུ་ལོན་གྱི་མ་རྩ་འཇལ་བའི་འགྲོ་སྒོ་སྒོར་དུང་ཕྱུར174.4བཏང་ཞིང། སྔོན་རྩིས་གཏན་འཇགས་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར60.6བཀོད་སྒྲིག་དང། གོང་སྤྲོད་འགྲོ་སྒོ་སྒོར་དུང་ཕྱུར1.1བཏང། གཏོང་ཡོང་གཉིས་ཐོད་གཏུགས་རྗེས་ལོ་རྗེས་མའི་འགྲོ་སྒོའི་རྩིས་ཁོངས་སུ་སྒོར་དུང་ཕྱུར27.8སྤོས་ཡོད། འགྲོ་སྒོ་བཏང་ཚུལ་གཙོ་བོ་ནི། སྤྱིར་བཏང་གི་སྤྱི་པའི་ཞབས་ཕྱི་ཐད་ལ་སྒོར་དུང་ཕྱུར33བཏང་ཞིང་སྔོན་རྩིས་ལག་བསྟར་བྱས་ཚད་ནི100%ཡིན།(གཤམ་ནས་གཅིག་མཚུངས་ཡིན) སྤྱི་པའི་བདེ་འཇགས་ཐད་ལ་སྒོར་དུང་ཕྱུར43.1བཏང་ཞིང94%ཡིན། སློབ་གསོའི་ཐད་ལ་སྒོར་དུང་ཕྱུར29བཏང་ཞིང87.6%ཡིན། ཚན་རིག་ལག་རྩལ་ཐད་ལ་སྒོར་དུང་ཕྱུར8.3བཏང་ཞིང99.6%ཡིན། རིག་གནས་ལུས་རྩལ་དང་སྨྱན་བྱད་ཐད་ལ་སྒོར་དུང་ཕྱུར12.1བཏང་ཞིང85.1%ཡིན། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཐད་ལ་སྒོར་དུང་ཕྱུར78.4བཏང་ཞིང98%ཡིན། སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེ་ཐད་ལ་སྒོར་དུང་ཕྱུར54.3བཏང་ཞིང98%ཡིན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་ཐད་ལ་སྒོར་དུང་ཕྱུར26.2བཏང་ཞིང99.2%ཡིན། ཞིང་ནགས་ཆུ་གསུམ་ཐད་ལ་སྒོར་དུང་ཕྱུར35.6བཏང་ཞིང93.5%ཡིན། འགྲིམ་འགྲུལ་སྐྱེལ་འདྲེན་ཐད་ལ་སྒོར་དུང་ཕྱུར111.7བཏང་ཞིང96.8%ཡིན། སྡོད་ཁང་འགན་སྲུང་ཐད་ལ་སྒོར་དུང་ཕྱུར9.2བཏང་ཞིང99.5%ཡིན།

2. སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས།

ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ཡོང་སྒོ་སྒོར་དུང་ཕྱུར265ཡོད། དེའི་ནང་དུ་ལོ་དེ་གའི་ཡོང་སྒོ་སྒོར་དུང་ཕྱུར136.9ཡོངས་འགྲུབ་བྱས་པ་དང། སྔོན་རྩིས་ལག་བསྟར་བྱས་ཚད་ནི186%ཡིན། ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར12.2ཡོད། མ་དངུལ་སྒོར་དུང་ཕྱུར1.8ནང་འདྲེན་བྱས་ཤིང། ལོ་སྔོན་མའི་རྩིས་ཁོངས་སྤོས་པ་སྒོར་དུང་ཕྱུར65.1ཡོད་ཅིང། ས་གནས་སྲིད་གཞུང་གི་ཆེད་སྤྱོད་བུན་འཛིན་བཀྲམ་པ་སྒོར་དུང་ཕྱུར49(ཆེད་སྤྱོད་བུན་འཛིན་བརྗེ་སྒྱུར་བྱས་པའི་སྒོར་དུང་ཕྱུར2འདུ)ཡོད། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་འགྲོ་སྒོ་སྒོར་དུང་ཕྱུར228.6བཏང་བ་དང་། སྔོན་རྩིས་ལག་བསྟར་བྱས་ཚད་ནི92.9%ཡིན། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སྒོར་དུང་ཕྱུར10.9ནང་འདྲེན་བྱས་ཤིང། བུ་ལོན་གྱི་མ་རྩ་འཇལ་བའི་འགྲོ་སྒོ་སྒོར་དུང་ཕྱུར8བཏང། ལོ་རྗེས་མའི་རྩིས་ཁོངས་སུ་སྤོས་པའི་འགྲོ་སྒོ་སྒོར་དུང་ཕྱུར17.5ཡོད་པ་རེད།

ཞིང་ཆེན་རིམ་པའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ཡོང་སྒོ་སྒོར་དུང་ཕྱུར88.3ཡོད། དེའི་ནང་དུ་ལོ་དེ་གར་ཡོང་སྒོ་སྒོར་དུང་ཕྱུར28.2ཡོད་པ་དང། སྔོན་རྩིས་ལག་བསྟར་བྱས་ཚད་ནི100.9%ཡིན། ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར-6.5(ཀྲུང་དབྱང་གིས་ཞིང་ཆེན་ཡོངས་ལ་སྒོར་དུང་ཕྱུར12.2ཁ་གསབ་ཡོད་པ་ལས་གྲོང་ཁྱེར་དང་ཁུལ་ལ་སྒོར་དུང་ཕྱུར18.7ཁ་གསབ་བྱས་པ་ཕུད)ཡོད་ཅིང། ལོ་སྔོན་མའི་རྩིས་ཁོངས་སྤོས་པ་སྒོར་དུང་ཕྱུར60.6ཡོད། ས་གནས་སྲིད་གཞུང་གི་གསར་བསྣན་ཆེད་སྤྱོད་བུན་འཛིན་སྒོར་དུང་ཕྱུར6(ཞིང་ཆེན་ཡོངས་ལ་སྒོར་དུང་ཕྱུར47ཡོད་པ་ལས་གྲོང་ཁྱེར་དང་ཁུལ་ལ་སྒོར་དུང་ཕྱུར41དངུལ་བུན་དུ་བསྒྱུར)བཀྲམ། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་འགྲོ་སྒོ་སྒོར་དུང་ཕྱུར74.2བཏང་བ་དང། སྔོན་རྩིས་ལག་བསྟར་བྱས་ཚད་ནི86%ཡིན། བུ་ལོན་གྱི་མ་རྩ་འཇལ་བའི་འགྲོ་སྒོ་སྒོར་དུང་ཕྱུར2བཏང། ལོ་རྗེས་མའི་རྩིས་ཁོངས་སུ་སྤོས་པའི་འགྲོ་སྒོ་སྒོར་དུང་ཕྱུར12.1ཡོད།

3. རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས།

ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས་ཀྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར3.3ཡོད་ལ། དེའི་ནང་དུ་ལོ་དེ་གར་ཡོང་སྒོ་སྒོར་དུང་ཕྱུར1.6ཡོད་པ་དང། སྔོན་རྩིས་ལག་བསྟར་བྱས་ཚད་ནི232.1%ཡིན། ལོ་སྔོན་མའི་རྩིས་ཁོངས་སྤོས་པ་སྒོར་དུང་ཕྱུར1.7དང་ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར0.03ཡོད། རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར2.1བཏང་བ་དང། སྔོན་རྩིས་ལག་བསྟར་བྱས་ཚད་ནི70.8%ཡིན། མ་དངུལ་སྒོར་དུང་ཕྱུར0.4བཀོད་གཏོང་བྱས་ཤིང། ལོ་རྗེས་མའི་རྩིས་ཁོངས་སུ་སྤོས་པའི་འགྲོ་སྒོ་སྒོར་དུང་ཕྱུར0.9ཡོད།

ཞིང་ཆེན་རིམ་པའི་རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས་ཀྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར2.9ཡོད་ལ། དེའི་ནང་དུ་ལོ་དེ་གར་ཡོང་སྒོ་སྒོར་དུང་ཕྱུར1.3ཡོད་པ་དང། སྔོན་རྩིས་ལག་བསྟར་བྱས་ཚད་ནི229.4%ཡིན། ལོ་སྔོན་མའི་རྩིས་ཁོངས་སྤོས་པ་སྒོར་དུང་ཕྱུར1.6དང་ཀྲུང་དབྱང་གི་ཁ་གསབ་ཡོང་སྒོ་སྒོར་དུང་ཕྱུར0.03ཡོད། རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར1.9བཏང་བ་དང། སྔོན་རྩིས་ལག་བསྟར་བྱས་ཚད་ནི72.4%ཡིན། མ་དངུལ་སྒོར་དུང་ཕྱུར0.3བཀོད་གཏོང་བྱས་ཤིང། ལོ་རྗེས་མའི་རྩིས་ཁོངས་སུ་སྤོས་པའི་འགྲོ་སྒོ་སྒོར་དུང་ཕྱུར0.7ཡོད།

4. སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས།

ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ཡོང་སྒོ་སྒོར་དུང་ཕྱུར575ཡོངས་འགྲུབ་བྱས་ལ། དེའི་ནང་དུ་ལོ་དེ་གར་ཡོང་སྒོ་སྒོར་དུང་ཕྱུར355.5ཡོད་པ་དང། སྔོན་རྩིས་ལག་བསྟར་བྱས་ཚད་ནི106.1%ཡིན། ལོ་སྔོན་མའི་ལྷག་འཕྲོ་སྒོར་དུང་ཕྱུར219.5ཡོད། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་འགྲོ་སྒོ་སྒོར་དུང་ཕྱུར331.3བཏང་ལ། སྔོན་རྩིས་ལག་བསྟར་བྱས་ཚད་ནི98.5%ཡིན། ལོ་མཇུག་གི་ལྷག་འཕྲོ་སྒོར་དུང་ཕྱུར243.6ཡོད།

ཞིང་ཆེན་རིམ་པའི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ཡོང་སྒོ་སྒོར་དུང་ཕྱུར420.9ཡོད་པ་དང་། དེའི་ནང་དུ་ལོ་དེ་གར་ཡོང་སྒོ་སྒོར་དུང་ཕྱུར291.4ཡོད་པ་དང། སྔོན་རྩིས་ལག་བསྟར་བྱས་ཚད་ནི106.9%ཡིན། ལོ་སྔོན་མའི་ལྷག་འཕྲོ་སྒོར་དུང་ཕྱུར129.5ཡོད། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་འགྲོ་སྒོ་སྒོར་དུང་ཕྱུར284བཏང་ལ། སྔོན་རྩིས་ལག་བསྟར་བྱས་ཚད་ནི97.8%ཡིན། ལོ་མཇུག་གི་ལྷག་འཕྲོ་སྒོར་དུང་ཕྱུར136.8ཡོད།

བྱེ་བྲག་གི་གནས་ཚུལォམཚོ་སྔོན་ཞིང་ཆེན་གྱི2018ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་དང2019ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིནサལས་གསལ་བ་དང་། གོང་གི་དོན་ཚན་སོ་སོའི་གཏོང་ཡོང་གི་གཞི་གྲངས་དེར་ནོར་སྲིད་པུའུ་ཡིས་ངེས་རྩིས་ལ་བཀའ་ལན་འབྱོར་རྗེས་འགྱུར་ལྡོག་ཅུང་ཙམ་ཡོད་སྲིད་ལ། སྐབས་དེར་ཞིང་ཆེན་དམངས་ཆེན་ལ་ཁྲིམས་ལྟར་འབྲེལ་ཡོད་དོན་ཚན་དག་གི་སྙན་ཞུ་འབུལ།

གསལ་བཤད་བྱ་དགོས་པའི་གནད་དོན། གཅིག་ནི་ས་གནས་ཀྱི་ཡོང་སྒོ་འཆར་གཞི་མང་བསྡུ་ཉུང་བསྡུ་བྱས་པའི་སྐོར་གྱི་གནས་ཚུལ་ཏེ། 2018ལོར་ཞིང་ཆེན་རིམ་པའི་ས་གནས་ཡོང་སྒོ་སྒོར་དུང་ཕྱུར1.1མང་དུ་བསྡུས་པ་དང་། དེའི་ནང་དུ་ཁྲལ་འབབ་ཡོང་སྒོ་སྒོར་དུང་ཕྱུར4.4ཉུང་བསྡུ་བྱས་ལ། གཙོ་བོ་ནི་གཙོ་གནད་ཁེ་ལས་ཀྱིས་དཔྱ་ཁྲལ་འཕར་བའི་འགྲོ་ལུགས་བསྒྲུབས་ནས་དཔྱ་ཁྲལ་འགྱངས་སྤྲོད་བྱས་པའི་རྐྱེན་གྱིས་ཡིན། དཔྱ་ཁྲལ་མིན་པའི་ཡོང་སྒོ་སྒོར་དུང་ཕྱུར5.5མང་དུ་བསྡུས་ལ། གཙོ་བོ་ནི་འབྲེལ་ཡོད་ཡོང་སྒོ་བསྡུ་བའི་ལས་ཁུངས་ཀྱིས་བསྡུ་རུབ་དོ་དམ་ཤུགས་ཚད་ཆེ་རུ་བཏང་ནས། ནགས་ཚལ་གྱི་སྔོ་ཁེབས་སླར་གསོ་གྲོན་དངུལ་དང་། དབང་བོ་སྐྱོན་ཅན་ལས་ཞུགས་འགན་སྲུང་གྲོན་དངུལ་སོགས་ཆེད་སྤྱོད་ཡོང་སྒོ་དང་། ཁྲིམས་ཁང་དང་རྒྱལ་ཁོངས་སྲིད་འཛིན་དོན་ལས་རང་བཞིན་གྱི་དངུལ་བསྡུ། སྤྱི་བདེ་དང་ཁྲིམས་ཁང་གི་དངུལ་ཆད་དང་གཞུང་བཞེས་ཀྱི་ཡོང་སྒོ་བཅས་འཕར་བ་ཅུང་མང་བས་ཡིན། གཉིས་ནི་ཀྲུང་དབྱང་གིས་སྤོ་སྒྱུར་བྱས་ཏེ་སྤྲད་པའི་མ་དངུལ་བཀོད་སྒྲིག་ལག་བསྟར་སྐོར་གྱི་གནས་ཚུལ་ཏེ། ལོ་འདི་འགར། ཞིང་ཆེན་ནོར་སྲིད་ཀྱིས་ནོར་ཤུགས་གཤམ་སྤྲོད་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་གིས་སྤོ་སྒྱུར་བྱས་ཏེ་སྤྲད་པའི་མ་དངུལ་གྱི80%གྲོང་ཁྱེར(ཁུལ)དང་རྫོང་ལ་སྤོ་སྒྱུར་བྱས་པ་དང་། 2018ལོར་ཞིང་ཆེན་གྱིས་འོག་རིམ་ལ་རོགས་དངུལ་སྒོར་དུང་ཕྱུར930.4བཏང་ལ། ལོ་སྔོན་མ་ལས11.9%འཕར་ཡོད། དེའི་ནང་དུ་ནོར་ཤུགས་རང་བཞིན་གྱི་རོགས་དངུལ་སྒོར་ཁྲི499.1ལ་སླེབས་པ་དང་། ས་གནས་སྲིད་གཞུང་གི་ནོར་ཤུགས་གཅིག་གྱུར་འཆར་འགོད་བྱེད་ནུས་ཇེ་དྲག་ཏུ་བཏང་ཡོད། གསུམ་ནི་སྔོན་རྩིས་ལག་བསྟར་ལ་འགྱུར་བ་བྱུང་བའི་སྐོར་གྱི་གནས་ཚུལ་ཏེ། ཞིང་ཆེན་རིམ་པའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོ་དེ་ལོ་མགོའི་སྔོན་རྩིས་ཀྱི་སྒོར་དུང་ཕྱུར620.3ལས་སྒོར་དུང་ཕྱུར87ཇེ་ཉུང་དུ་སོང་ཡོད་ལ། གཙོ་བོ་ནི་སྔོན་རྩིས་ལག་བསྟར་གྱི་ཁྲོད་དུ་ཞིང་ཆེན་རིམ་པའི་ལས་རིགས་གཙོ་གཉེར་སྡེ་ཁག་གིས་བཏོན་པའི་ལས་གཞིའི་བགོ་བྱའི་འཆར་གཞི་ལྟར། ཞིང་ཆེན་རིམ་པའི་གྲབས་བསྐྱུར་མ་དངུལ་ས་གནས་སོ་སོར་གཤམ་སྤྲོད་བྱས་ནས། བབ་བསྟུན་གྱིས་ཞིང་ཆེན་རིམ་པར་ཉུང་འཕྲི་དང་ས་གནས་སོ་སོའི་སྔོན་རྩིས་འགྲོ་སྒོ་འཕར་སྣོན་བྱས་ཡོད། བཞི་ནི་ས་གནས་སྲིད་གཞུང་གི་བུན་འཛིན་འགྲེམ་སྤེལ་བཀོལ་སྤྱོད་སྐོར་གྱི་གནས་ཚུལ་ཏེ། 2018ལོར་ཞིང་ཆེན་ཡོངས་སུ་ས་གནས་སྲིད་གཞུང་གི་སྤྱིར་བཏང་གི་བུན་འཛིན་སྒོར་དུང་ཕྱུར424.8(བུན་འཛིན་སྒོར་དུང་ཕྱུར206.8གསར་སྣོན་དང་བུན་འཛིན་སྒོར་དུང་ཕྱུར218བརྗེ་སྒྱུར་བྱས)བཀྲམ་པ་དང་། ས་གནས་སྲིད་གཞུང་གི་ཆེད་སྤྱོད་བུན་འཛིན་སྒོར་དུང་ཕྱུར49(བུན་འཛིན་སྒོར་དུང་ཕྱུར47གསར་སྣོན་དང་བུན་འཛིན་སྒོར་དུང་ཕྱུར2བརྗེ་སྒྱུར་བྱས)བཀྲམ་ཡོད་ལ། གསར་དུ་བསྣན་པའི་བུན་འཛིན་གཙོ་བོ་རྨང་གཞིའི་སྒྲིག་བཀོད་སོགས་སྤྱི་ཕན་རང་བཞིན་དང་མ་རྩ་རང་བཞིན་གྱི་ལས་གཞི་འཛུགས་སྐྲུན་སྟེང་དུ་བཀོལ་བ་དང་། རྗེས་སྒྱུར་བྱས་པའི་བུན་འཛིན་དུས་ཐོན་པའི་གསོག་ཚད་ཀྱི་བུན་ལོན་མ་རྩ་ཕྱིར་སྤྲོད་པའི་ཐད་ལ་བཀོལ་ཡོད། འབྲེལ་ཡོད་གཏན་ཕབ་ལྟར་ཐ་དད་དུ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་དང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ནང་དུ་མངོན་པར་བྱས་ཡོད། 2018ལོའི་ལོ་མཇུག་བར་དུ་ཞིང་ཆེན་ཡོངས་ཀྱི་ས་གནས་སྲིད་གཞུང་གི་བུ་ལོན་སྒོར་དུང་ཕྱུར1763ལྷག་ཡོད་ལ། ཕྱོགས་བསྡུས་བུ་ལོན་ཁུར་ཚད45.5%ཡིན་ཞིང་། ཞིང་ཆེན་ཡོངས་ཀྱི་བུ་ལོན་ཉེན་ཁ་སྤྱིའི་ཆ་ནས་ཚོད་འཛིན་ཐུབ་ཡོད།

(གཉིས) ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་སྔོན་རྩིས་ཞིབ་བཤེར་གྲོས་ཆོད་དང་ནོར་སྲིད་ཀྱི་བྱ་བ་གཙོ་བོ་དོན་འཁྱོལ་བྱས་པའི་གནས་ཚུལ།

2018ལོར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་སྔོན་རྩིས་གྲོས་ཆོད་ཀྱི་བླང་བྱ་ལྟར། ཞིང་ཆེན་ནོར་སྲིད་ཐིན་གྱིས་སྔོན་རྩིས་བཅའ་ཁྲིམས་ལག་བསྟར་ནན་མོ་བྱས་ཏེ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་སྒྲིག་གཞིའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཞིང་། གཏོང་ཡོང་སྔོན་རྩིས་དོ་དམ་ཚད་ལྡན་དུ་བཏང་ལ། མ་དངུལ་བཀོལ་སྤྱོད་ཀྱི་ལས་ཕྱོད་ཇེ་མཐོར་བཏང་ནས། གཙོ་གནད་འགྲོ་སྒོར་ཤུགས་ཆེན་པོས་འགན་སྲུང་བྱས་པ་དང་། དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་གོང་དུ་འཕེལ་བར་ཤུགས་ཆེན་པོས་སྐུལ་འདེད་བཏང་ཡོད། གཙོ་བོ་གཤམ་གྱི་བྱ་བ་དག་བསྒྲུབས་པ་སྟེ།

1.ས་གནས་ནོར་ཤུགས་ཀྱི་གཞི་རྒྱ་བརྟན་འཇགས་ངང་འཕར་བ། ཞིང་ཆེན་གྱི་གནས་ཚུལ་ལ་རྐང་བཙུགས་ཏེ། གཙོ་གནད་འབུར་དོད་སྒོས་ཐོག་མཐའ་བར་གསུམ་དུ་ནོར་ཤུགས་ཀྱི་སྤྱི་འབོར་མང་དུ་བསྐྱེད་རྒྱུ་དེ་ནོར་སྲིད་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བཟུང་ནས་བསྒྲུབས། ཡོང་སྒོ་བསྡུ་བའི་དོ་དམ་དང་སྤུས་ཚད་མཐོར་འདེགས་ཤུགས་དྲག་ཏུ་བཏང་བ། ཁྲིམས་ལྟར་བསྡུ་ལེན་དོ་དམ་བྱེད་པ་རྒྱུན་འཁྱོངས་དང་། ཡོང་སྒོར་ལྟ་བཤེར་ཚོད་འཛིན་མ་ལག་འཐུས་ཚང་དུ་བཏང་ནས། ནོར་སྲིད་ཀྱི་ཡོང་སྒོའི་སྤུས་ཚད་ཤུགས་ཆེན་པོས་ཇེ་ལེགས་སུ་བཏང་ནས། ནོར་སྲིད་ཡོང་སྒོ་བསྡུ་དགོས་པ་མཐའ་དག་བསྡུས་ནས་དུས་ཐོག་ཏུ་ཁ་ཚང་མཛོད་དུ་འཇུག་པར་ཁག་ཐེག་བྱས་ཏེ། ལོ་མགོར་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱས་ཡོད། ཀྲུང་དབྱང་གི་ནོར་སྲིད་རྒྱབ་སྐྱོར་ཧུར་ཐག་གིས་བརྩོན་ལེན་བྱས་པ། ཞིང་ཆེན་གྱི་གནས་ཚུལ་ལ་ངོས་འཛིན་ཟབ་མོ་བྱས་ཏེ། འགན་འཁྲི་ཁུར་སེམས་ཇེ་དྲག་ཏུ་བཏང་བ་དང་། ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་སྒོས་ཀྲུང་དབྱང་གི་པུའུ་ཨུ་ལ་སྙན་ཞུ་ཕུལ་ནས་འབྲེལ་མཐུད་བྱེད་ཤུགས་ཇེ་ཆེར་བཏང་ཞིང། མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཇེ་དྲག་དང་བྱ་བའི་སྒྲིལ་ཤུགས་ཕྱོགས་བསྡུས་བྱས་ཐོག བྱ་བའི་གྲུབ་འབྲས་དངོས་འབུར་དོད་ནས་ལོ་ཧྲིལ་བོར་སྤྱི་བསྡོམས་པས་ཀྲུང་དབྱང་གི་རིགས་སྣ་ཚོགས་ཀྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར1230.4དོན་འཁྱོལ་བྱས་པ་དང10.1%འཕར་ལ། 2017ལོ་ལས་སྒོར་དུང་ཕྱུར113.2ཇེ་མང་དུ་སོང་ཡོད་ལ་ལོ་རིམ་བྱུང་ལས་ཆེས་མཐོ་ཤོས་རེད། ས་གནས་སྲིད་གཞུང་གི་གསར་བསྣན་བུ་ལོན་གྱི་ཚད་སྒོར་དུང་ཕྱུར261བརྩོན་ལེན་བྱས་ཤིང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར15.5དོན་འཁྱོལ་བྱས་པ་དང8.5%འཕར་ཡོད། ཞིང་ཆེན་ཡོངས་ཀྱི་སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར1800ལས་བརྒལ་བ་དང་། ཞིང་ཆེན་ཡོངས་ཀྱི་འགྲོ་སྒོ་གཙོ་བོ་འགན་སྲུང་བྱེད་པར་ཤུགས་དང་ལྡན་པའི་འདེགས་སྐྱོར་འདོན་སྤྲོད་བྱས་པ་རེད།

2.འགག་གཏོར་གཡུལ་འཐབ་ཆེན་པོ་གསུམ་གྱི་བྱེད་ཐབས་དོན་འཁྱོལ་ནུས་ལྡན་བྱས་པ། ལོ་འཁོར་གྱི་དམིགས་འབེན་ལས་འགན་ལ་དམིགས་ནས། མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་སྟེ། འགག་གཏོར་གཡུལ་འཐབ་ཆེན་པོ་གསུམ་ལེགས་པོར་རྒྱག་པ་རྒྱུན་འཁྱོངས་བྱས། སྲིད་གཞུང་གི་བུ་ལོན་ཉེན་ཁར་ནུས་ཡོད་འགོག་ཟོན་བྱས་པ། ས་གནས་སྲིད་གཞུང་རང་བཞིན་གྱི་བུ་ལོན་དོ་དམ་བྱེད་ཐབས་བཏོན་ནས། ཁྲིམས་འགལ་སྲོལ་འགལ་སྒོས་བུ་ལོན་བླངས་པའི་ངན་ཕྱོགས་ཀྱི་རྩིས་ཐོ་གསལ་ཐག་ཆོད་པར་བྱས་ཏེ། ཚད་ལྡན་མིན་པའི་བུ་ལོན་ལེན་པའི་བྱ་སྤྱོད་ལ་ཁྱོན་ཡོངས་ནས་ལེགས་སྒྱུར་བྱས། ཆེད་སྤྱོད་བུན་འཛིན་འགྲེམ་པའི་རིགས་སྣ་གསར་སྐྲུན་བྱས་ཏེ། སྨན་བཅོས་འཕྲོད་བསྟེན་གྱི་ཆེད་སྤྱོད་བུན་འཛིན་དེ་རྒྱལ་ཡོངས་ཀྱི་ཐོག་མར་གྱུར་ཡོད། བུ་ལོན་གསོག་ཚད་བརྗེ་སྒྱུར་བྱ་བ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས་ཏེ། དུས་ཐོན་པའི་བུ་ལོན་གྱི་མ་སྐྱེད་དུས་ལྟར་འདང་ངེས་ཀྱིས་ཕྱིར་སློག སྲིད་གཞུང་གི་མི་མངོན་པའི་བུ་ལོན་གཞི་རྒྱ་ལ་དམིགས་ནས། དེ་སེལ་བའི་འཆར་གཞི་གཏན་འབེབས་བྱས་ཤིང་། མ་མཐའ་ཡང་མ་ལག་རང་བཞིན་དང་ས་ཁོངས་རང་བཞིན་གྱི་ཉེན་ཁ་མི་འབྱུང་བ་ནན་སྲུང་བྱས། གནད་འཁེལ་དབུལ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བ། ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་དུ་གཅིག་བསྡུས་བྱས་ཏེ། ནོར་སྲིད་ཀྱི་དབུལ་སྐྱོར་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར63.9གཤམ་སྤྲོད་བྱས་ཏེ། ཐོན་ལས་དབུལ་སྐྱོར་དང་ཡུལ་གཞན་དུ་གནས་སྤོར་ནས་དབུལ་སྐྱོར། གྲོང་གསེབ་དར་སྤེལ་ཚོད་ལྟ་གནས་བཅས་ཤུགས་ཆེན་པོས་ལག་བསྟར་བྱས་པ་དང། དབུལ་ཕོངས་ལ་སྐྱེ་ཁམས་ལྟ་སྲུང་ལས་རྐང་སོགས་བཙུགས་ནས། དབུལ་ཕོངས་རྫོང12ཀྱི་ཞྭ་མོ་ཕུད་པ་དང་དབུལ་ཕོངས་སྡེ་བ526དབུལ་ཕོངས་སྡེ་བའི་གྲལ་ནས་ཕྱིར་འཐེན་པ། དབུལ་ཕོངས་མི་གྲངས་ཁྲི17.6དབུལ་ཕོངས་ལས་ཐར་བར་བདེ་བླག་ངང་སྐུལ་འདེད་བཏང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་བྱས་པ། མ་དངུལ་སྒོར་དུང་ཕྱུར72.6གཤམ་སྤྲོད་བྱས་ནས། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་སྐུལ་འདེད་བཏང་བ་དང་། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་ཁ་གསབ་རོགས་དངུལ་དང་བྱ་དགའ་སྟེར་བའི་སྲིད་ཇུས་དོན་འཁྱོལ་བྱས་ཤིང་། རང་བྱུང་ནགས་སྲུང་སྐྱོང་དང་ནགས་ཚལ་དང་བརླན་སའི་སྐྱེ་ཁམས་ཕན་འབྲས་ཐོབ་པར་ཁ་གསབ་སྟེར་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཡོད། མཁའ་དབུགས་དང་ཆུ། ས་གཤིན་སྦགས་བཙོག་གི་མགོ་ཁུངས་བཅོས་སྐྱོང་ལ་རྒྱབ་སྐྱོར་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཡོངས་སུ་བཅོས་སྐྱོང་བྱས་ནས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མངོན་གསལ་སྒོས་ལེགས་སྒྱུར་བྱུང་ཡོད།

3. ནོར་སྲིད་སྲིད་ཇུས་དོན་འཁྱོལ་བྱས་པར་དགེ་མཚན་དང་ཕན་ནུས་ཐོན་པ། ནོར་སྲིད་འགྲོ་སྒོའི་གཞི་རྒྱ་ཧུར་ཐག་གིས་ཆེ་རུ་བཏང་ནས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ཁྲལ་འཕྲི་རིན་གཅོག་གི་ཤུགས་ཚད་ཇེ་ཆེར་བཏང་ནས་དཔལ་འབྱོར་སྤུས་ཚད་ལེགས་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། རྨང་གཞི་འཛུགས་སྐྲུན་གྱི་མ་དངུལ་སྒོར་དུང་ཕྱུར359.5གཤམ་སྤྲོད་བྱས་ཏེ། “འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པ”དང་ཙོང་ཆུའི་མ་ཡུར་བྱང་མའི་བཟོ་སྐྲུན། གྲོང་ཁྱེར་གྱི་སྦུག་དྲ། རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ། ཁྱུང་རི་མྱུར་ལམ་སོགས་ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས། ནུས་ལྡན་གྱིས་མ་དངུལ་བཏང་བ་དེས་དཔལ་འབྱོར་འཕར་བར་གནད་འགག་རང་བཞིན་གྱི་བྱེད་ནུས་འདོན་སྤེལ་བྱས་ཡོད། ཐོན་ལས་རིགས་སྒྱུར་རིམ་སྤར་གྱི་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར36.3གཤམ་སྤྲོད་བྱས་ཏེ། བཟོ་ལས་ཁེ་ལས་ཀྱི་རིགས་སྒྱུར་རིམ་སྤར་དང་ནུས་སྲི་འཛད་གྲོན། རེས་འཁོར་གྱིས་བཀོལ་སྤྱོད། ཁེ་ལས་ཀྱི་ལག་རྩལ་གསར་སྐྲུན། སྒུལ་ནུས་གསར་རྙིང་བརྗེ་སྒྱུར། རྒྱལ་དབང་ཁེ་ལས་དབུལ་སྒྲོལ་གོང་སྤེལ་སོགས་ལ་རྒྱབ་སྐྱོར་བྱས་ཏེ། དཔལ་འབྱོར་འཕར་ས་གསར་བ་གསོ་སྐྱོང་དང་སྟོབས་ཆེན་དུ་བཏང་། ཚོང་ལས་ཞབས་ཕྱིའི་ལས་རིགས་ཐད་ལ་མ་དངུལ་སྒོར་དུང་ཕྱུར15གཤམ་སྤྲོད་བྱས་ཏེ། ཚོང་ཟོག་ཁོར་རྒྱུག་དང་ཕྱི་འབྲེལ་ཉོ་ཚོང་། འཁྱགས་སྦྲེལ་ཟོང་སྐྱེལ། མཐོ་སྒང་ཡུལ་སྐོར་སོགས་ཐོན་ལས་གསུམ་པ་སྤུས་ལེགས་སྐྱོན་བྲལ་ངང་གོང་དུ་འཕེལ་བར་རྒྱབ་སྐྱོར་བྱས། རྒྱལ་ཁབ་ཀྱི་ཁྲལ་འཕྲི་རིན་གཅོག་གི་སྲིད་ཇུས་དོན་འཁྱོལ་ནན་མོ་བྱས་ཏེ། རིན་འཕར་དཔྱ་ཁྲལ་གྱི་ཚབ་འཇོག་ཁྲལ་འབོར་ཕྱིར་སློག་གི་བྱ་བ་ལེགས་པོར་བསྒྲུབས་པ་དང་། ཆ་རྐྱེན་དང་འཚམ་པའི་ཁེ་ལས་ཆུང་བར་ཁེ་ལས་ཀྱི་ཐོབ་ཁྲལ་ཕྱེད་ཀ་ཉུང་བསྡུ་བྱེད་པ་སོགས་ཀྱི་ཁྲལ་འབབ་ཆག་ཡང་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱས་ཐོག སྲིད་འཛིན་དོན་ལས་རང་བཞིན་གྱི་གྲོན་དངུལ་བསྡུ་བའི་རྣམ་གྲངས་གཉིས་བསྡུ་མཚམས་བཞག་པ་དང་། སྲིད་འཛིན་རང་བཞིན་གྱི་གྲོན་དངུལ་བསྡུ་བའི་རྣམ་གྲངས་གསུམ་དང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩ་བསྡུ་བའི་ཚད་གཞི་ཇེ་དམའ་རུ་བཏང་ནས། ལོ་ཧྲིལ་བོར་ཚོང་ར་གཙོ་བོར་སྤྱི་བསྡོམས་ཁྲལ་དངུལ་སྒོར་དུང་ཕྱུར105.3ཆག་ཡང་ངམ་རྩ་ཆག་ཏུ་བཏང་ཡོད།

4. དམངས་འཚོ་འགན་སྲུང་ཆུ་ཚད་བསྟུད་མར་ཇེ་མཐོར་བཏང་བ། མི་དམངས་ལྟེ་བ་ཡིན་པའི་གོང་འཕེལ་གྱི་བསམ་བློ་ལག་ལེན་མཐར་ཕྱིན་བྱས་ཏེ། དམངས་འཚོའི་ཁྱབ་ཁོངས་སུ་གཏོང་སྒོ་མུ་མཐུད་དུ་ཇེ་ཆེར་བཏང་ནས་དམངས་འཚོའི་དོན་དངོས་བཟོ་སྐྲུན་དོན་ཚན36ཁྱོན་ཡོངས་སུ་ལེགས་འགྲུབ་བྱུང་ཡོད། དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་དོན་འཁྱོལ་བྱས་ཏེ། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་འགན་སྲུང་ལ་རྒྱབ་སྐྱོར་དང་ངལ་རྩོལ་ནུས་རྩལ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཁེ་ལས་ཀྱི་ལས་རྐང་བརྟན་འཇགས་གཏོང་བ། ངལ་ལས་ཚོང་རྟགས་བསྐྲུན་པ་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད་ནས། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་སྔར་བས་ཇེ་མང་དུ་བཏང་ཡོད། སློབ་གསོ་སྔོན་དུ་སྤེལ་བ་རྒྱུན་འཁྱོངས་བྱས་ཏེ། སྔོན་འགྲོ་སློབ་གསོའི་ལོ་གསུམ་འཆར་གཞིའི་འགུལ་སྐྱོད་ལག་བསྟར་དང་འོས་འགན་སློབ་གསོའི་སློབ་གྲྭའི་ཞན་ཆ་བསྒྱུར་བཀོད། མཐོ་འབྲིང་དཀྱུས་མའི་འགག་གཏོར་འཆར་གཞི། དེང་རབས་ལས་རིགས་སློབ་གསོའི་སྤུས་ཚད་མཐོར་འདེགས། མཐོ་སློབ་ཕྱོགས་བསྡུས་དངོས་ཤུགས་མཐོར་འདེགས་སོགས་ལས་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཤིང། སློབ་གསོའི་རིམ་པ་སོ་སོའི་སློབ་མར་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ཏེ་སློབ་མ་ཁྲི99ལ་ཕན་ཁེ་བསྐྲུན། བདེ་ཐང་གི་མཚོ་སྔོན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། གསོ་སྨན་འཕྲོད་བསྟེན་གྱི་སྒྲིག་གཞི་བཅོས་སྒྱུར་ལ་སྐུལ་འདེད་དང“སྨན་གསུམ་མཉམ་འགུལ”གཏིང་ཟབ་ཏུ་སྤེལ་ནས། སྨན་བཅོས་འགན་སྲུང་གི་རིན་སྤྲོད་བྱེད་སྟངས་བཅོས་སྒྱུར་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་བ་དང་། གཞུང་བཙུགས་སྨན་ཁང་གི་སྨན་བཅོས་ཞབས་ཕྱིའི་ནུས་ཤུགས་ཤུགས་ཆེན་པོས་ཇེ་དྲག་ཏུ་བཏང་ཡོད། རྒྱལ་ཁབ་ཀྱི་ལས་ཁུངས་དོན་ལས་སྡེ་ཚན་གྱི་མི་སྣའི་གཞི་རྩའི་གླ་ཕོགས་སྙོམ་སྒྲིག་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་དང་ལས་འཁྱུར་ངལ་གསོ་མི་སྣའི་རྒན་གསོའི་ཉེན་སྲུང་། མ་མཐའི་འཚོ་བའི་འགན་སྲུང་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་སོགས་སྲིད་ཇུས་ཀྱི་ཚད་གཞི་ཇེ་མཐོར་བཏང་ཐོག སྡོད་ཁྱིམ་དང་སྡེ་གླིང་གི་རྒན་གསོའི་ཞབས་ཕྱི་ཚོད་ལྟའི་གྲུབ་འབྲས་བརྟན་སྲུང་དང་རྒྱ་ཆེར་བཏང་ནས་སྡོད་དམངས་ཀྱི་སྣ་མང་རང་བཞིན་གྱི་འདོད་བློ་བསྐངས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁང་ཆ་རྐྱེན་བསྟུད་མར་ལེགས་སྒྱུར་བྱས་ཏེ། སྡོད་ཁང་ཐབས་ཆག་ཁུལ་དུ་ཁང་པ་ཁྲི3.05སྒྱུར་བཀོད་དང་ཁང་པ་ཁྲི2ཕྱོགས་བསྡུས་བཅོས་སྐྱོང། ཞིང་སྡེའི་ཁང་བ་ཉེན་ཁ་ཅན་དང་རྙིང་བ་ཁྲི6སྒྱུར་བཀོད་བྱས་ཤིང་། མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ300དང་མཛེས་པའི་གྲོང་རྡལ16འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཡོད། རིག་གནས་ལུས་རྩལ་ལས་དོན་དར་རྒྱས་གོང་འཕེལ་ཏུ་འགྲོ་བར་སྐུལ་འདེད་བྱས་ཏེ། རིག་གནས་ཐོན་ལས་ལས་གཞི་དང་གཞི་རིམ་གྱི་ཕྱོགས་བསྡུས་རིག་གནས་ཞབས་ཕྱི་ལྟེ་གནས་འཛུགས་སྐྲུན། “ཁང་ལྔ”རིན་མེད་སྒོ་འབྱེད་དང་ལུས་རྩལ་ར་བ་ཆེ་གྲས་རིན་དམའ་སྒོས་སྤྱི་ཚོགས་ལ་སྒོ་འབྱེད་པ། རིག་དངོས་དང་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བཅས་ལ་རྒྱབ་སྐྱོར་བྱས་པ་དང་། རིག་གནས་ལུས་རྩལ་ཡུལ་སྐོར་སོགས་བྱ་འགུལ་གལ་ཆེན་གྱི་རིགས་སྤེལ་བར་རྒྱབ་སྐྱོར་བྱས་ཡོད།

5. ནོར་ཁྲལ་སྒྲིག་གཞིའི་བཅོས་སྒྱུར་གཏིང་ཟབ་ཏུ་སྐུལ་འདེད་བཏང་བ། བཏོན་ཡོད་པའི་བཅོས་སྒྱུར་འཆར་གཞི་དོན་འཁྱོལ་བྱ་བ་ལེགས་པོར་བཟུང་བའི་རྨང་གཞིའི་སྟེང་། མུ་མཐུད་དུ་ལམ་ལུགས་གསར་སྐྲུན་དང་འཐུས་ཚང་དུ་བཏང་ནས། བཅོས་སྒྱུར་བྱ་བའི་ཤུགས་ཚད་དང་རྒྱུན་མཐུད་རང་བཞིན་སྲུང་འཛིན་སྒོས་བཅོས་སྒྱུར་བྱ་བའི་སྤུས་ཚད་ཇེ་ལེགས་སུ་བཏང་ཡོད། སྡེ་ཁག་གི་སྔོན་རྩིས་བྱེད་ཐབས་བཅོས་སྒྱུར་ཟབ་མོ་བྱས་པ། 2019ལོའི་སྔོན་རྩིས་སྒྲིག་བཟོ་འཛིན་ལུང་བྱས་ཏེ། ལས་གཞིའི་མཛོད་ཀྱི་དོ་དམ་དང་སྔོན་རྩིས་ལེགས་སྒྲིག་དང་སྙོམ་སྒྲིག། གཞི་རྩའི་འགྲོ་སྒོའི་སྔོན་རྩིས་སྒྲིག་བཟོ། སྤྱི་པའི་གྲོན་དངུལ་སྣ་རྐྱང་གི་དངུལ་ཚད་ཚད་གཞི། སྲིད་གཞུང་གི་ཉོ་སྒྲུབ་སྔོན་རྩིས་དོ་དམ་སོགས་ལམ་ལུགས་བྱེད་ཐབས་དང་བཀོལ་སྤྱོད་སྒྲིག་སྲོལ་བཅས་བཏོན་ནས། བཅོས་སྒྱུར་ལ་སྐུལ་འདེད་དང་དོན་འཁྱོལ་བྱ་བ་ནན་མོར་བཟུང་ཡོད། སྔོན་རྩིས་སྒྲིག་བཟོ་བྱེད་ཐབས་ལེགས་སྒྱུར་བྱས་ཏེ། བརྟན་ཅིང་དགེ་མཚན་ལྡན་པའི་རྩ་དོན་ལྟར། དཔག་རྩིས་བྱ་ཐུབ་པའི་ཀྲུང་དབྱང་གི་སྤོ་སྒྱུར་གཏོང་སྤྲོད་དང་མ་དངུལ་རིགས་སྣ་ཚོགས་ཚང་མ་ལོ་མགོའི་སྔོན་རྩིས་ཀྱི་ཁོངས་སུ་བཞག་པ་དང་། “བྱ་བའི་ཚད”སྔོན་རྩིས་བྱེད་ཐབས་ཧུར་ཐག་གིས་ཁྱབ་སྤེལ་བྱས་ཏེ། སྲིད་འཛིན་ལས་ཆོད་དང་སྔོན་རྩིས་ལག་བསྟར་ནུས་ཤུགས་གཞི་འཛིན་ས་བྱས་ཏེ་སྡེ་ཁག་གི་འགྲོ་སྒོའི་སྔོན་རྩིས་གཅིག་གྱུར་འཆར་འགོད་ཀྱིས་བཀོད་སྒྲིག་བྱས། ལོ་མགོའི་སྔོན་རྩིས་ཞིབ་ཚགས་ཅན་དང་དངོས་སྤྱོད་ཅན་དུ་བཏང་ནས། མ་དངུལ་བྱེ་བྲག་གི་ས་ཁུལ་དང་ལས་གཞིའི་སྟེང་དུ་དོན་འཁྱོལ་བྱས་ཏེ། ལོ་མགོའི་སྔོན་རྩིས་དོན་ཐོག་ཏུ་ཐོན་ཚད་ཇེ་མཐོར་བཏང་ཡོད། བསགས་ཡོད་པའི་མ་དངུལ་ཧུར་པོར་གཏོང་ཤུགས་ཇེ་ཆེར་བཏང་བ། སྒྲུབ་ཐུབ་པ་དང་དོན་འཁྱོལ་ཐུབ་པའི་དོ་དམ་རྐྱེན་སྲོལ་བཙུགས་ནས། “གཙང་སེལ”འགུལ་སྐྱོད་ཁྱོན་ཡོངས་ནས་སྤེལ་བ་དང་། བསགས་ཡོད་པའི་མ་དངུལ་ཧུར་པོར་གཏོང་བའི“མཐའ་མཇུག་གི་སྤྱི་ལེ་གཅིག”གི་འགག་རྩ་གཏོར་ནས། རྒྱལ་ཁབ་ཀྱི་དམིགས་བསལ་གཏན་འཁེལ་ཡོད་པའི་མ་དངུལ་ལས་གཞན། བསགས་ཡོད་པའི་མ་དངུལ་ལ་རིགས་དབྱེ་བ་དང་རིམ་པ་བཀར་ཏེ་ཕྱིར་བསྡུས་ཏེ། རིམ་པ་སོ་སོའི་ནོར་སྲིད་ཀྱིས་ལོ་ཧྲིལ་བོར་ནོར་སྲིད་ཀྱི་བསགས་ཡོད་མ་དངུལ་རིམ་བསགས་ཀྱིས་སྒོར་དུང་ཕྱུར112ཕྱིར་བསྡུས་ཡོད་ལ། བསགས་ཡོད་པའི་མ་དངུལ་གྱི་གནད་དོན་ཞི་འཇགས་སུ་ཚད་ཅུང་ཆེན་པོ་བཏང་ཡོད། ལས་གཞིའི་མཛོད་བསྐྲུན་པར་ཤུགས་བསྣན་པ། ལས་གཞི་གྲབས་ཉར་བྱ་བ་གཙིགས་སུ་བཟུང་ནས། ལས་གཞི་གྲུབ་པ་དང་མཛོད་ཉར། འཁོར་སྐྱོད་ཀྱིས་དོ་དམ་སོགས་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ནས། རིམ་པ་འབྱེད་ནས་འཛུགས་པ་དང་རིམ་པ་བཀར་ནས་དོ་དམ། འཁོར་སྐྱོད་ཀྱིས་གསར་སྒྱུར་བྱེད་པའི་སྡེ་ཚན་དང་སྡེ་ཁག ནོར་སྲིད་བཅས་རིམ་པ་གསུམ་གྱི་ལས་གཞི་མཛོད་བཙུགས་ཡོད། སྔོན་རྩིས་ནང་འགོད་དགོས་པའི་ལས་གཞི་ངེས་པར་དུ་ཐོག་མར་ལས་གཞིའི་མཛོད་དུ་བཅུག་ཅིང་། ལས་གཞི་གྲུབ་པའི་གཞི་འཛིན་ས་འདང་ངེས་དང་ལག་བསྟར་གྱི་དུས་ཡུན་གསལ་ཐག་ཆོད་པ། ལུགས་མཐུན་གྱི་སྔོན་རྩིས་དགོས་མཁོ་དང་དཔྱད་འཇོག་ཐུབ་པའི་ལས་ཕྱོད་དམིགས་འབེན་བཅས་ཡོད་པ་ལས། ལས་གཞིའི་མཛོད་དུ་བཅུག་མེད་པ་གཅིག་ལའང་སྔོན་རྩིས་བཀོད་སྒྲིག་བྱས་མེད། ནོར་སྲིད་ཀྱི་དོན་གཅོད་དབང་ཆ་དང་འགྲོ་སྒོའི་འགན་འཁྲི་དབྱེ་གཅོད་ལ་སྐུལ་འདེད་བཏང་བ། གཞི་རྩའི་སྤྱི་པའི་ཞབས་ཕྱིའི་ཁྱབ་ཁོངས་སུ་ཞིང་ཆེན་གྱིས་འོག་རིམ་ནོར་སྲིད་ཀྱི་དོན་གཅོད་དབང་ཆ་དང་འགྲོ་སྒོའི་འགན་འཁྲི་དབྱེ་གཅོད་བཅོས་སྒྱུར་བྱེད་པའི་ལག་བསྟར་འཆར་གཞི་བཏོན་ནས། རིམ་པ་སོ་སོའི་སྲིད་གཞུང་གི་ནོར་ཤུགས་དང་དོན་དབང་འགྲོ་སྒོ་དོ་མཉམ་པའི་མ་དངུལ་འགན་བགོས་རྐྱེན་སྲོལ་གཟུགས་པར་སྐུལ་འདེད་བཏང་ནས། རིམ་པ་སོ་སོའི་སྲིད་གཞུང་གིས་སྔར་ལས་ལེགས་པའི་སྒོ་ནས་འགན་འཁྲི་ལག་ཏུ་བསྟར་བར་སྐུལ་འདེད་བཏང་ཡོད། ཞིང་ཆེན་གྱིས་འོག་རིམ་དུ་སྤོ་སྒྱུར་གཏོང་སྤྲོད་སྐོར་གྱི་དཀར་ཆག་རྩིས་ཐོ་དཔར་འགྲེམས་བྱས་ཏེ། ཞིང་ཆེན་རིམ་པའི་སྡེ་ཁག་གིས་འགན་སྒྲུབ་བྱ་སྤྱོད་མཐུན་སྦྱོར་བྱས་ཤིང་། ཞིང་ཆེན་གྱིས་འོག་རིམ་ལ་སྤོ་སྒྱུར་གཏོང་སྤྲོད་བྱེད་པའི་བཀོད་སྒྲིག་ཚད་ལྡན་དུ་བཏང་བ་དང་། ཞིང་ཆེན་རིམ་པའི་འགྲོ་སྒོ་དང་ཞིང་ཆེན་གྱིས་འོག་རིམ་ལ་སྤོ་སྒྱུར་གཏོང་སྤྲོད་བྱེད་པའི་དབྱེ་མཚམས་ཡང་དག་སྒོས་བཅད་དེ། ཞིང་ཆེན་གྱིས་འོག་རིམ་དུ་ཆེད་སྤྱོད་མ་དངུལ་སྤོ་སྒྱུར་གཏོང་སྤྲོད་བྱེད་པའི་མ་ལག་སྔར་བས་འཐུས་ཚང་དུ་བཙུགས་ཡོད། ཁྲལ་ལུགས་བཅོས་སྒྱུར་མགྱོགས་མྱུར་ངང་སྐུལ་འདེད་བཏང་བ། དུས་ལྟར་ཁོར་ཡུག་སྲུང་སྐྱོང་གི་དཔྱ་ཁྲལ་བསྡུ་མགོ་བརྩམས་པ་དང། བཟོ་སྐྲུན་ལས་རིགས་དང་འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ལས་རིགས་ཀྱི་རིན་འཕར་ཁྲལ་གྱི་ཁྲལ་ཚད་ཇེ་དམའ་རུ་བཏང་ལ། མི་སྒེར་གྱི་ཐོབ་ཁྲལ་བསྡུ་མཚམས་ཇེ་མཐོར་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱས་ཡོད།

6. ནོར་སྲིད་ལ་དོ་དམ་ལྟ་སྐུལ་བྱེད་ཤུགས་བསྟུད་མར་ཇེ་དྲག་ཏུ་བཏང་བ། ལམ་ལུགས་འཛུགས་སྐྲུན་དང་ལག་བསྟར་ནན་མོར་བཟུང་སྟེ། ཁྲིམས་ལྟར་ནོར་གཉེར་ནན་བཟུང་དང་ནོར་སྲིད་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ནོར་སྲིད་མ་དངུལ་དང་སྤྱི་པའི་རྒྱུ་ནོར་ངེས་པ་དོན་གྱིས་དོ་དམ་ལེགས་པོ་དང་བཀོལ་སྤྱོད་ལེགས་པོ་བྱས་ཡོད། སྔོན་རྩིས་ལས་ཕྱོད་དོ་དམ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ལས་ཕྱོད་དམིགས་འབེན་ཡོངས་འགྲུབ་དེ་སྡེ་ཁག་གི་སྔོན་རྩིས་ལས་གཞིའི་འགྲོ་སྒོ་ཡོངས་སུ་ཁེབས་པར་བྱས་པ་དང་། སྡེ་ཁག་སྤྱི་ཡོངས་ཀྱི་འགྲོ་སྒོའི་ལས་ཕྱོད་དོ་དམ་བྱེད་པའི་ཚོད་ལྟའི་གནས་དངོས་སུ་མགོ་བརྩམས་ཏེ། གཙོ་གནད་ལས་གཞིའི་ལས་ཕྱོད་འཁོར་སྐྱོད་ལ་ལྟ་སྐུལ་ཚོད་འཛིན་བྱས། ཞིང་ཆེན་གྱིས་འོག་རིམ་གྱི་ནོར་སྲིད་དོ་དམ་དང་ཞིང་ཆེན་རིམ་པའི་སྡེ་ཁག་གི་སྔོན་རྩིས་དོ་དམ་ཕྱོགས་བསྡུས་ལས་ཕྱོད་ལ་དཔྱད་འཇོག་བྱེད་པའི་དམིགས་ཚད་མ་ལག་སྔར་བས་ལེགས་སྒྱུར་བྱས་པས། བྱ་བ་དངོས་དང་སྦྲེལ་མཐུད་ཀྱི་ཚད་དང་དམིགས་གཏད་རང་བཞིན་དེ་བས་ཇེ་མཐོར་སོང་། གཙོ་གནད་ཆེད་སྤྱོད་འགྲོ་སྒོའི་ལས་ཕྱོད་དཔྱད་འཇོག་གི་ཁྱབ་རྒྱ་སྔར་བས་ཆེ་རུ་བཏང་ནས། འབྲེལ་ཡོད་ལས་གཞི45དང་མ་དངུལ་སྒོར་དུང་ཕྱུར288ལ་ལས་ཕྱོད་དཔྱད་འཇོག་བྱས། ལས་ཕྱོད་ཆ་འཕྲིན་ཡོངས་བསྒྲགས་བྱེད་པར་སྐུལ་འདེད་བཏང་ནས། ལས་ཕྱོད་དམིགས་འབེན་དང་གཙོ་གནད་ཆེད་སྤྱོད་ལས་ཕྱོད་དཔྱད་འཇོག་གི་མཇུག་འབྲས་དེ་སོ་སོར་སྔོན་རྩིས་དང་ངེས་རྩིས་ཀྱི་གནས་ཚུལ་དང་མཉམ་དུ་དམངས་འཐུས་ཚོགས་ཆེན་ལ་སྙན་ཞུ་ཕུལ་ཡོད། སྔོན་རྩིས་ཆ་འཕྲིན་ཡོངས་བསྒྲགས་ཤུགས་ཚད་ཆེ་རུ་བཏང་ནས། ལམ་ལུགས་འཛུགས་སྐྲུན་དང་དོན་འཁྱོལ་འཛིན་པ་མཉམ་གཉེར་བྱ་རྒྱུར་གཙིགས་འཛིན་བྱས་ནས། ཞིང་ཆེན་རིམ་པའི་སྡེ་ཁག་གི་སྔོན་རྩིས་ཆ་འཕྲིན་ཡོངས་བསྒྲགས་མ་དཔེ་གཏན་འཁེབས་བྱས་ཏེ། ལོ་ཧྲིལ་བོར་ཞིང་ཆེན་ནོར་སྲིད་སྡེ་ཁག་དང་ཞིང་ཆེན་རིམ་པའི་སྔོན་རྩིས་སྡེ་ཁག་གི་ལས་སྒྲུབ་མི་སྣར་གསོ་སྦྱོང་ཚོགས་འདུ་ཐེངས་གཉིས་ལ་བསྡུ་བ་དང་། དུས་ངེས་གཏན་སྒོས་འཐེན་ཞིབ་དང་དཔྱད་ཞིབ་ལྟ་སྐུལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་དང་སྡེ་ཁག་གི་སྔོན་རྩིས་དང་ངེས་རྩིས་ཀྱི་སྙན་ཞུ་དང་འབྲེལ་ཡོད་རེའུ་མིག་ཡོངས་བསྒྲགས་བྱས་པར་མ་ཟད། འགྲེལ་བའི་གསལ་བཤད་ཀྱང་ཟུར་དུ་བཀོད་ཡོད། སྔོན་རྩིས་དང་ངེས་རྩིས་ཡོངས་བསྒྲགས་བྱ་བར་རྒྱལ་ཡོངས་སུ་དཔྱད་འཇོག་བྱས་པའི་ཨང་རིམ་དེ་ལས་ལོ་སྔོན་མ་ལས་ཨང་གནས14ཡར་འཕར་ཡོད། ཁ་ཚད་ཡོངས་ཀྱི་སྔོན་རྩིས་དོ་དམ་དོན་འཁྱོལ་ནན་མོ་བྱས་ཏེ། སྔོན་རྩིས་གཅིག་གྱུར་འཆར་འགོད་བྱེད་པའི་ཤུགས་ཚད་ཆེ་རུ་བཏང་བ་དང་། རིགས་སོ་སོའི་ནོར་སྲིད་ཀྱི་སྡེབ་གསོག་མ་དངུལ་དེ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ནང་དུ་བཅུག་སྟེ་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ། རྒྱལ་དབང་མ་རྩའི་སྔོན་རྩིས་དེ་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ནང་དུ་བཅུག་པའི་བསྡུར་ཚད25%ཇེ་མཐོར་བཏང་ཡོད། ནོར་སྲིད་འགྲོ་སྒོའི་སྒྲིག་གཞི་སྐོར་གྱི་ལེགས་སྒྱུར་བསམ་འཆར་དོན་འཁྱོལ་བྱས་ཏེ། གཙོ་གནད་འགྲོ་སྒོའི་མཐུད་སྦྲེལ་རྐྱེན་སྲོལ་ཚད་ལྡན་གཙང་སེལ་བྱས་པ་དང་། སྔོན་རྩིས་རྗེས་སྣོན་བྱེད་པའི་དོན་ཚན་ཚོད་འཛིན་ནན་མོ་བྱས་ཏེ། སྤྱིར་བཏང་གི་འགྲོ་སྒོ་ཤུགས་ཆེན་པོས་ཇེ་ཉུང་དུ་བཏང་ལ། “གཞུང་གསུམ་གྲོན་དངུལ”ལོ་སྔོན་མ་དང་བསྡུར་ན3.8%ཇེ་དམའ་རུ་བཏང་ཡོད། རྒྱལ་དབང་མ་རྩའི་དོ་དམ་ཤུགས་དྲག་ཏུ་བཏང་ནས། མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་དོན་ལས་རང་བཞིན་གྱི་རྒྱལ་དབང་མ་རྩར་དོ་དམ་བྱེད་ཐབས་གཏན་འབེབས་བྱས་ཏེ། རྒྱལ་ཁབ་ལ་རྒྱལ་དབང་མ་རྩའི་ཕྱོགས་བསྡུས་སྙན་ཞུ་དང་དངུལ་ལོར་ཁེ་ལས་ཀྱི་རྒྱལ་དབང་མ་རྩའི་ཆེད་དོན་སྙན་ཞུ་ཕུལ་ཡོད། ཧུར་ཐག་ནུས་ལྡན་སྒོས་ནོར་སྲིད་ལྟ་སྐུལ་ལག་བསྟར་བྱས་ཏེ། རྩིས་གཉེར་ལྟ་སྐུལ་དང་སྔོན་རྩིས་དང་ངེས་རྩིས་ཡོངས་བསྒྲགས་སོགས་ཀྱི་ཞིབ་བཤེར་དང“མཛོད་ཁང་ཆུང་བ”ཆེད་དོན་བཅོས་སྐྱོང་ནན་ཏན་སྒོས་རྩ་འཛུགས་བྱས་ནས། ཁྲིམས་སྲོལ་སྒྲིག་སྲོལ་ལྟར་ངོ་བོ་གཏན་འཁེལ་སྒོས་ཐག་གཅོད་པ་རྒྱུན་འཁྱོངས་བྱས་ཏེ། ནོར་སྲིད་སྒྲིག་ཁྲིམས་ལ་དངོས་གནས་སྲུང་སྐྱོང་བྱས་པ་དང་། མ་དངུལ་གྱི་བདེ་འཇགས་ལ་འགན་སྲུང་ཐོབ་ཡོད།

འཐུས་མི་རྣམ་པ། འདས་ཟིན་པའི་ལོ་གཅིག་ནང་དུ། བཅོས་སྒྱུར་གྱི་བླང་བྱ་གསར་བ་དང་གནས་བབ་གསར་བར་བལྟོས་བཅས་ཀྱིས་ནོར་སྲིད་བྱ་བར་སྔར་བཞིན་དཀའ་ཁག་དང་མི་འདང་སའང་ཡོད་པ་ང་ཚོས་གསལ་བོར་མཐོང་ཡོད་ལ། གཙོ་བོ་ནི། དཔལ་འབྱོར་མར་ཆག་པ་དང་དཔྱ་ཁྲལ་འཕྲི་བའི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཞིང་ཆེན་ཡོངས་ཀྱི་སྤྱིའི་ནོར་ཤུགས་འཕར་ཚད་དལ་ལ། དེས་ནོར་སྲིད་འགྲོ་སྒོའི་གཞི་རྒྱ་བརྟན་འཇགས་ངང་འཕར་བར་བཀག་རྒྱ་བཟོས་ཡོད། དམངས་འཚོ་དང་བུན་སྐྱེད་སྤྲོད་པ་སོགས་ཅིས་ཀྱང་གཏང་དགོས་པའི་འགྲོ་སྒོ་འཕར་ཚད་མགྱོགས་དྲགས་པའི་ཁར་ནོར་སྲིད་འགན་སྲུང་གི་ཁྱབ་ཁོངས་མུ་མཐུད་ཇེ་ཆེར་ཕྱིན་པ་དང་། ཆེད་སྤྱོད་མ་དངུལ་ཁག་ཅིག་གཏན་འཇགས་ཅན་དུ་གྱུར་བས་གཏོང་ཡོང་གི་འགལ་བ་ཧ་ཅང་ཛ་དྲག་རེད། འགྲན་རྩོད་རང་བཞིན་གྱི་ཁྱབ་ཁོངས་སུ་བཏང་བ་ཅུང་མང་ལ། དུས་ཡུན་ཐུང་ངུའི་ནང་དུ་ནོར་སྲིད་ཀྱི་གཏོང་སྒོར་འགྱུར་ལྡོག་བྱུང་ནས་ཁེ་ལས་ཀྱི་རྣམ་པར་འགྲོ་བ་ལ་དཀའ་ཁག་ངེས་ཅན་ལྡན་པ་རེད། ཚད་གཞི་ཇེ་མཐོར་བཏང་བའི་སྲིད་ཇུས་ཀྱི་ཤུགས་རྐྱེན་ལས། སྤྱི་ཚོགས་འགན་སྲུང་གི་ཐེབས་རྩ་ཁག་ཅིག་གིས་ལོ་དེའི་ཡོང་འབབ་ཡིས་འགྲོ་སྒོ་ཟིན་མེད་པས། ནོར་སྲིད་ཀྱི་རྒྱུན་མཐུད་ལ་ཤུགས་ཆེན་ཐེབས་ཡོད། འགྲོ་སྒོའི་དོ་དམ་ད་དུང་ཇེ་དྲག་ཏུ་གཏོང་དགོས་ལ། སྔོན་རྩིས་ལས་བསྟར་ཚད་ཅུང་དལ་བ་དང་། མ་དངུལ་བཀོལ་སྤྱོད་ཀྱི་ཕན་འབྲས་ད་དུང་སྔར་བས་ཇེ་མཐོར་གཏོང་དགོས། གནད་དོན་འདི་དག་ལ་ང་ཚོས་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཤུགས་དང་ལྡན་པའི་བྱེད་ཐབས་ཀྱིས་ཐག་གཅོད་བྱེད་རྒྱུ།

གཉིས། 2019ལོའི་ཞིང་ཆེན་ཡོངས་དང་ཞིང་ཆེན་རིམ་པའི་སྔོན་རྩིས་སྐོར་གྱི་འཆར་ཟིན།

2019ལོར་རང་རྒྱལ་གྱི་གོང་འཕེལ་དེ་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ཏུ་སྔར་བཞིན་གནས་ཡོད་པར་མ་ཟད་ད་དུང་ཡུན་རིང་དུ་གནས་སྲིད་ལ། དཔལ་འབྱོར་ཇེ་ལེགས་སུ་འགྲོ་བའི་གཞི་རྩའི་རྣམ་པར་འགྱུར་ལྡོག་བྱུང་མེད་པས། ནོར་སྲིད་ཀྱི་གཏོང་ཡོང་བརྟན་འཇགས་ངང་འཕར་བར་ཆ་རྐྱེན་ལེགས་པོ་འདོན་སྤྲོད་བྱས་ཡོད། འོན་ཀྱང་གོང་འཕེལ་ཐད་ཀྱི་རྒྱལ་སྤྱིའི་ཁོར་ཡུག་དང་རྒྱལ་ནང་གི་ཆ་རྐྱེན་དག་ལ་རྙོག་འཛིང་གི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་ལ། དཔལ་འབྱོར་ཐད་མར་ཆག་པའི་གནོན་ཤུགས་དང་འཕྲད་ཡོད་ཅིང། གཙོ་གནད་ཁྱབ་ཁོངས་ཁག་ཅིག་གི་ཉེན་ཁའི་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད། རང་ཞིང་ཆེན་དང་རྒྱལ་ཡོངས་ཀྱི་གནས་བབ་རྩ་བའི་ཆ་ནས་མཐུན་ལ། བརྟན་འཇགས་མིན་པ་དང་ངེས་གཏན་མེད་པའི་རྒྱུ་རྐྱེན་ཁག་ཅིག་གིས2019ལོའི་ནོར་སྲིད་གཏོང་ཡོང་ལ་ཤུགས་རྐྱེན་ཅུང་ཆེན་པོ་ཐེབས་སྲིད་པ་རེད།

གཅིག་ནི་ས་གནས་ཡོང་སྒོ་ལ་ཁྲལ་འཕྲིའི་རྒྱུ་རྐྱེན་གྱིས་བཀག་རྒྱ་ཅུང་ཆེན་པོ་ཐེབས་སྲིད་པ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུ་དང་རྒྱལ་ཡོངས་ནོར་སྲིད་བྱ་བའི་གྲོས་ཚོགས་ཀྱི་བརྡ་རྟགས་ལས། 2019ལོར་ཀྲུང་དབྱང་གིས་སྔར་ལས་གཞི་རྒྱ་ཆེ་བའི་ཁྲལ་འཕྲི་རིན་གཅོག་གི་སྲིད་ཇུས་འདོན་གྲབས་ཡོད་པ་དེས། ནོར་སྲིད་ཡོང་སྒོ་འཕར་བར་ཤུགས་རྐྱེན་ཅུང་ཆེན་པོ་བཟོ་སྲིད། རིན་འཕར་དཔྱ་ཁྲལ་གྱི་ཐད་ནས། འོས་འཚམ་གྱིས་རིན་འཕར་དཔྱ་ཁྲལ་གྱི་ཁྲལ་ཚད་ཇེ་དམའ་རུ་གཏོང་བ་དང། གཞི་རྒྱ་ཆུང་བའི་ཁྲལ་འཇལ་མཁན་ནས་བསྡུ་མགོ་རྩོམ་མཚམས་ཇེ་མཐོར་གཏོང་བ་དང། རིམ་བཞིན་རིན་འཕར་དཔྱ་ཁྲལ་གྱི་ཚབ་འཇོག་ཁྲལ་སློག་ལམ་ལུགས་རིམ་བཞིན་འཛུགས་རྒྱུ་རེད། ཁེ་ལས་ཀྱི་ཐོབ་ཁྲལ་གྱི་ཐད་ནས། ཁེ་ལས་ཆུང་གྲས་དང་ཚན་རྩལ་རྣམ་པའི་གསར་སྐྲུན་ཁེ་ལས་ལ་གཟིགས་སྐྱོང་རང་བཞིན་གྱི་ཁྲལ་བསྡུ་ཉུང་འཕྲི་རྩ་ཆག་གཏང་རྒྱུ་རེད། མི་སྒེར་གྱི་ཐོབ་ཁྲལ་གྱི་ཐད་ནས། ཆེད་དོན་དོན་ཚན6གི་ཟུར་སྣོན་འཕྲི་བའི་སྲིད་ཇུས་ལག་བསྟར་བྱས་ཏེ། ཁྲལ་འཕྲི་ཚད་དང་ཁྱབ་རྒྱ་མུ་མཐུད་དུ་ཇེ་ཆེར་གཏང་རྒྱུ་རེད། དེ་ལས་གཞན། ཞིང་ཆེན་ནང་གི་གཙོ་གནད་ཁེ་ལས་ཁག་ཅིག་གིས་ཚོང་གཉེར་དཀའ་ཁག་གི་དབང་གིས་ཁྲལ་འཇལ་དུས་འགྱངས་ཀྱི་གནས་ཚུལ་བསྟུད་མར་བྱུང་བས། དེས་ཀྱི་ཁྲལ་བསྡུ་ཡོང་སྒོ་འཕར་བར་ཤུགས་རྐྱེན་བཟོས་ཡོད། རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་སྒྲིག་གཞི་ཆུང་ལ་ཁེ་ལས་ཀྱི་སྟོབས་ཤུགས་ཆུང་བས། ཁྲལ་རིགས་གཙོ་བོ་ཉུང་བསྡུ་བྱས་པའི་ཤུགས་རྐྱེན་དེར་ཐབས་ལམ་གཞན་དག་བརྒྱུད་ནས་ཁ་གསབ་བྱེད་ཁག་པོ་ཡོད། གལ་ཏེ2019ལོར་ཀྲུང་དབྱང་གི་ཁྲལ་འཕྲི་ཤུགས་ཚད་ང་ཚོའི་སྔོན་དཔག་ལས་ཆེས་ཆེར་བརྒལ་ན། ཡོང་སྒོའི་སྔོན་རྩིས་ལ་བབ་མཐུན་གྱིས་སྙོམ་སྒྲིག་བྱ་དགོས།

གཉིས་ནི་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་བརྩོན་ལེན་བྱེད་པའི་དཀའ་ཁག་ཇེ་ཆེར་སོང་བ། 2019ལོར་ཁྲལ་འཕྲིའི་ཤུགས་ཚད་ཇེ་ཆེར་བཏང་ན། ཀྲུང་དབྱང་གི་ཡོང་སྒོ་ལ་ཤུགས་རྐྱེན་ཐེབས་པ་དང་། ས་གནས་ཀྱི་སྤོ་སྒྱུར་གཏོང་སྤྲོད་འཕར་ཚད་ལ་ཚད་བཀག་ཡོད་ལ། རང་རེའི་ཞིང་ཆེན་གྱིས་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་བརྩོན་ལེན་བྱེད་པའི་དཀའ་ཁག་སྔར་བས་ཇེ་ཆེར་བཏང་ཡོད།

གསུམ་ནི་ནོར་སྲིད་ཀྱི་འགྲོ་སྒོའི་དགོས་མཁོ་ཆེ་རུ་ཕྱིན་པ། རང་རེའི་ཞིང་ཆེན་ནི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དུ་འགྲོ་བའི་གནད་འགག་གི་དུས་རིམ་ལ་འཁེལ་ཡོད་པས། འཕེལ་རྒྱས་ལ་སྐུལ་འདེད་དང་ཞན་ཆ་ཁ་གསབ། རྒྱལ་ཁབ་ཀྱི་གོང་སྤེལ་འཐབ་ཇུས་སུ་འཇུག་པ་བཅས་ལ་ནོར་སྲིད་ཀྱི་ཤུགས་དང་ལྡན་པའི་རོགས་སྐྱོར་དགོས། དབུལ་ཐར་འགག་སྒྲོལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང། གྲོང་གསེབ་དར་སྤེལ། “རྒྱུད་གཅིག་ལམ་གཅིག”“ཞིན་བོད་བརྟན་སྲུང”། འགྲིམ་འགྲུལ། ཆུ་བེད་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མ་ཟད། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་སྒོ་དང་སློབ་གསོ། སྨན་བཅོས་འཕྲོད་བསྟེན་སོགས་དམངས་འཚོའི་ལས་དོན་གྱི་ཞན་ཆ་བཅས་ཚང་མའི་ཐད་ལ་ནོར་སྲིད་ཀྱི་འགྲོ་སྒོ་འོས་འཚམ་གྱིས་འཕར་བ་སྲུང་འཛིན་བྱ་དགོས་པ་རེད། “གླ་ཕོགས་འགན་སྲུང་དང་འཁོར་སྐྱོད་འགན་སྲུང་། དམངས་འཚོ་འགན་སྲུང”སོགས་ཅིས་ཀྱང་གཏང་དགོས་པའི་འགྲོ་སྒོའི་གནོན་ཤུགས་ཀྱང་ཉིན་རེ་བཞིན་ཇེ་དྲག་ཏུ་འགྲོ་བཞིན་ཡོད།

བཞི་ནི་བུན་འཇལ་སྐྱེད་སྤྲོད་ཀྱི་གནོན་ཤུགས་མངོན་གསལ་ཡིན་པ། 2018ལོའི་ལོ་མཇུག་ཏུ་ཞིང་ཆེན་སྲིད་གཞུང་གི་བུ་ལོན་ལྷག་དངུལ་སྒོར་དུང་ཕྱུར1763(སྤྱིར་བཏང་གི་བུ་ལོན་སྒོར་དུང་ཕྱུར1463དང་ཆེད་སྤྱོད་བུན་འཛིན་སྒོར་དུང་ཕྱུར300)ཡོད་པ་དང་། 2019ལོར་ཞིང་ཆེན་ཡོངས་ཀྱི་འཇལ་དགོས་པའི་མ་སྐྱེད་སྒོར་དུང་ཕྱུར192.7(མ་རྩ་སྒོར་དུང་ཕྱུར128.3དང་སྐྱེད་ཀ་སྒོར་དུང་ཕྱུར64.4)ཡོད། དེའི་ནང་དུ་ཞིང་ཆེན་རིམ་པར་སྒོར་དུང་ཕྱུར148.7(སྤྱིར་བཏང་གི་བུན་འཛིན་མ་རྩ་སྒོར་དུང་ཕྱུར91.8ཡོད་ཅིང་། དེ་བུན་གསར་བླངས་ནས་བུན་རྙིང་སྤྲད་ཆོག་པ་དང་། སྐྱེད་ཀ་དང་འགྲེམས་སྤེལ་རིན་སྒོར་དུང་ཕྱུར56.9སྤྱི་པའི་སྔོན་རྩིས་ནོར་ཤུགས་ཀྱིས་བཀོད་སྒྲིག་བྱ་དགོས)ཡོད། དེ་ལས་གཞན། སྲིད་གཞུང་གི་མངོན་མིན་བུ་ལོན་འཇལ་བར་ད་དུང་མ་དངུལ་ངེས་ཅན་ཞིག་བཀོད་སྒྲིག་བྱ་དགོས།

མདུན་དུ་ལྷགས་པའི་ནོར་སྲིད་དཔལ་འབྱོར་གྱི་གནས་བབ་གཞིར་བཟུང་སྟེ། 2019ལོའི་སྔོན་རྩིས་སྒྲིག་བཟོའི་མཛུབ་སྟོན་བསམ་བློ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གིས་ཕྱོགས་ཡོངས་ནས་མགོ་ཁྲིད་པ་རྒྱུན་འཁྱོངས་དང་ཤུགས་དྲག་ཏུ་བཏང་ནས། བརྟན་བརླིང་ཁྲོད་ཡར་ཐོན་བརྩོན་པའི་བྱ་བ་སྤྱིའི་མདོ་དོན་རྒྱུན་འཁྱོངས་དང། གསར་སྐྲུན་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་གོང་འཕེལ་འདུ་ཤེས་རྒྱུན་འཁྱོངས་བྱས་ཐོག རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་དེ་མཚོ་སྔོན་དུ་དངོས་སུ་མངོན་པར་དམ་པོར་དམིགས་ཏེ། “འཐབ་ཇུས་བཞི་ཅན་ལྔ”དང“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་དེ་ནོར་སྲིད་སྲིད་ཇུས་དང་སྔོན་རྩིས་ཀྱི་མ་དངུལ་བཀོད་སྒྲིག་གི་གཞི་འཛིན་ས་གཙོ་བོར་འཛིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང“བརྟན་བརླིང་དྲུག”གི་བྱ་བའི་བླང་བྱ་དོན་འཁྱོལ། ལྗང་མདོག་གོང་སྤེལ་གྱི་རྣམ་པ་བསྐྲུན་པར་དམིགས་ནས། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་དེ་བྱེད་ཕྱོགས་གཙོ་བོ་བྱེད་པ་རྒྱུན་འཁྱོངས་སྒོས་དགེ་མཚན་དང་ཕན་ནུས་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་དང་། ཁྲལ་འཕྲི་རིན་གཅོག་ཤུགས་ཆེན་བྱས་ཏེ། ངེས་པ་དོན་གྱིས་ཁེ་ལས་ཀྱི་ཁུར་བོ་ཡང་དུ་གཏང་དགོས། ནོར་སྲིད་འགྲོ་སྒོའི་སྒྲིག་གཞི་སྔར་བས་ལེགས་སྒྱུར་བྱས་ཏེ། “འགག་གཏོར་གཡུལ་འཐབ་ཆེན་པོ་གསུམ”ལེགས་པར་བརྒྱག་པར་རྒྱབ་སྐྱོར་བྱ་དགོས་ལ། ནོར་སྲིད་སྲིད་ཇུས་ཀྱི་གནད་ལ་འཁེལ་ཚད་དང་ནུས་ཐོན་རང་བཞིན་ཇེ་མཐོར་གཏང་དགོས།“གྲོན་ཆུང་སྒོས་འཚོ་བ་རོལ་བའི”བསམ་བློ་བརྟན་པོར་བཅངས་ནས། སྤྱིར་བཏང་རང་བཞིན་གྱི་འགྲོ་སྒོར་ཚོད་འཛིན་ནན་མོ་བྱ་དགོས་ལ། གཞི་རྩ་འགན་སྲུང་དང་གཙོ་གནད་འགན་སྲུང་། ཞན་ཆ་ཁ་གསབ་བཅས་སྔོན་ལ་བྱ་དགོས། ནོར་ཁྲལ་སྒྲིག་སྲོལ་བཅོས་སྒྱུར་མུ་མཐུད་གཏིང་ཟབ་ཏུ་སྤེལ་ནས། དེང་རབས་ནོར་སྲིད་ལམ་ལུགས་མགྱོགས་པོར་བསྐྲུན་པ་དང་། སྔོན་རྩིས་ལས་ཕྱོད་དོ་དམ་ཁྱོན་ཡོངས་ནས་ལག་བསྟར་དང་། ནོར་སྲིད་མ་དངུལ་བཀོལ་སྤྱོད་ཀྱི་ཕན་འབྲས་ཇེ་མཐོར་གཏང་དགོས། ས་གནས་སྲིད་གཞུང་གི་བུ་ལོན་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། མངོན་མིན་བུ་ལོན་གྱི་ཉེན་ཁ་ཧུར་ཐག་གིས་འགོག་ཟོན་བྱས་ཐོག ནོར་སྲིད་ཀྱི་ཉེན་ཁ་རྩ་བ་ནས་སྔོན་འགོག་དང་གཙང་སེལ་བྱས་ནས་དཔལ་འབྱོར་སྤྱི་ཚོགས་བསྟུད་མར་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱ་རྒྱུ་དེ་ཡིན།

གོང་གི་མཛུབ་སྟོན་བསམ་བློ་གཞིར་བཟུང་ནས། སྔོན་རྩིས་སྒྲིག་བཟོའི་ཁྲོད་སྤྱིའི་ཆ་ནས་གཤམ་གྱི་ཕྱོགས་འགར་བསམ་གཞིགས་གཏང་དགོས་ཏེ།

(གཅིག) ལོ་མགོའི་སྔོན་རྩིས་དམིགས་སར་སླེབས་ཚད་མཐོར་འདེགས་ཚད་མཐོན་པོར་གཏང་དགོས། རང་རེའི་ཞིང་ཆེན་གྱི་ནོར་སྲིད་འགྲོ་སྒོའི80%ཡན་ནི་ཀྲུང་དབྱང་གི་རོགས་སྐྱོར་ལ་བརྟེན་པ་དང། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་གྱི་གཞི་རྒྱ་གཏན་འཁེལ་བྱ་དཀའ་བས། འདས་ཟིན་པའི་ལོ་འཁོར་དག་གི་ལོ་མགོའི་སྔོན་རྩིས་བཀོད་སྒྲིག་གི་ནོར་ཤུགས་གཙོ་བོ་ནི་ས་གནས་ཀྱི་ཡོང་སྒོ་དང་ཀྲུང་དབྱང་གི་གཏན་འཇགས་རོགས་དངུལ་ཉུང་ཙམ་གཙོ་བོར་བྱས་པ་དང་། དེར་བསྟུན་ཏེ་བཀོད་སྒྲིག་བྱས་པའི་འགྲོ་སྒོའི་གཞི་རྒྱ་ཆུང་བ་དང་སྔོན་རྩིས་ཡོངས་སུ་དམིགས་སར་སླེབས་ཚད་ཅུང་དམའ་བ་རེད། 2015ལོར་སྔོན་རྩིས་བཅའ་ཁྲིམས་གསར་བ་ལག་བསྟར་བྱས་པ་ནས་བཟུང་། ལོ་མགོའི་སྔོན་རྩིས་དམིགས་སར་སླེབས་ཚད་ཇེ་མཐོར་གཏོང་བ་དང་སྔོན་རྩིས་སྒྲིག་བཟོ་ཞིབ་ཚགས་སུ་གཏོང་བ། སྔོན་རྩིས་ཀྱི་བཀག་རྒྱ་ཇེ་དམ་དུ་གཏོང་བ་སོགས་ཀྱི་ཐད་ལ་སྔར་ལས་མཐོ་བའི་བླང་བྱ་གསར་བ་བཏོན། ཉེ་བའི་ལོ་གཉིས་ཀྱི་རིང་ལ། ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྔོན་སྤྲོད་བྱེད་པའི་གཞི་རྒྱ་མུ་མཐུད་ཆེ་རུ་བཏང་ནས། སྔོན་སྤྲོད་བྱས་པའི་བསྡུར་ཚད་ལོ་ཧྲིལ་བོའི80%ལ་སླེབས་ཡོད་ལ། དེས་ས་གནས་ཀྱི་ལོ་མགོའི་སྔོན་རྩིས་དམིགས་སར་སླེབས་ཚད་མཐོ་རུ་གཏོང་བར་ཆ་རྐྱེན་ལེགས་པོ་བསྐྲུན་ཡོད། དེའི་རྐྱེན་གྱིས་ང་ཚོས2019ལོའི་སྔོན་རྩིས་སྒྲིག་བཟོ་བྱེད་སྐབས། ཧུར་ཐག་བརྟན་བརླིང་གི་རྩ་དོན་གཞིར་བཟུང་ནས། 2018ལོར་ལག་བསྟར་བྱས་པའི་གནས་ཚུལ་དང་ཀྲུང་དབྱང་གིས་སྔོན་སྤྲོད་བྱས་པའི2019ལོའི་རོགས་སྐྱོར་མ་དངུལ་སྦྲེལ་ཏེ། ཀྲུང་དབྱང་གིས་སྤོ་སྒྱུར་གཏོང་སྤྲོད་གཞི་རྒྱར་བྱེད་སྲིད་པའི་ལུགས་མཐུན་གྱིས་དཔག་རྩིས་བྱས་ཡོད(2018ལོར་ལག་བསྟར་བྱས་པའི་གྲངས་འབོར་གྱི96%ལྟར་དཔག་རྩིས་བྱས་པ)། དེའི་སྟེང་དུ2018ལོ་ནས་བཟུང་སྟེ་སྡེ་ཁག་གི་སྔོན་རྩིས་སྒྲིག་བཟོའི་བཅོས་སྒྱུར་གཏིང་ཟབ་ཏུ་སྐུལ་འདེད་བྱས་ཏེ། ལས་གཞིའི་མཛོད་འཛུགས་སྐྲུན་ཐད་ནས་ཐོད་བརྒལ་ངེས་ཅན་བྱུང་ཡོད་ལ། སྔོན་རྩིས་ཞིབ་ཚགས་སུ་བཟོ་བར་རྨང་གཞི་བཏིང་བ་དང་། ལོ་མགོའི་སྔོན་རྩིས་དམིགས་སར་སླེབས་ཚད་ཇེ་མཐོར་ཚད་མཐོན་པོ་སོང་ཡོད། སྔོན་རྩིས་ཀྱི་གཞི་གྲངས་སྟེང་མངོན་པ་ལྟར་ན། 2019ལོའི་ལོ་མགོའི་སྔོན་རྩིས་ཀྱི་གཏོང་ཡོང་བཀོད་སྒྲིག་ལོ་སྔོན་མའི་ལོ་མགོའི་སྔོན་རྩིས་ལས་འཕར་སྣོན་ཅུང་ཚད་མཐོན་པོ་བྱུང་ཡོད། འདི་ལས་ལོ་ཧྲིལ་བོའི་ནོར་ཤུགས་ཚད་མཐོན་པོར་འཕར་བ་མཚོན་མི་ཐུབ་ལ། ལོ་སྔོན་མ་དག་ཏུ་ལག་བསྟར་བྱེད་པའི་ཁྲོད་དུ། ཀྲུང་དབྱང་གི་རྗེས་བསྣན་བཀོད་སྒྲིག་གི་ནོར་ཤུགས་དེ་སྔོན་ལ་ལོ་མགོའི་སྔོན་རྩིས་ཀྱི་ཁྲོད་དུ་འཆར་འགོད་བཀོད་སྒྲིག་བྱས་པས་ཡིན། འདི་ལྟར་བྱས་ན། གཅིག་ནས་སྔོན་རྩིས་ཀྱི་སྒྲིག་བཟོ་ཚད་ལྡན་དུ་བཏང་སྟེ་དམངས་འཐུས་ཚོགས་ཆེན་གྱིས་ཞིབ་བཤེར་དང་རྩིས་བཤེར་ལྟ་སྐུལ་ལ་སྟབས་བདེ་བཟོས་ཡོད། གཉིས་ནས་ལག་བསྟར་ཁྲོད་ཀྱི་རྗེས་སྣོན་དོན་ཚན་ཇེ་ཉུང་དུ་གཏོང་བར་ཕན་པ་དང་། སྔོན་རྩིས་ཀྱི་བཀག་རྒྱ་བཙན་པོ་དང་གཟབ་ནན་རང་བཞིན་མངོན་པར་བྱས་ཡོད། གསུམ་ནས་སྡེ་ཁག་གིས་མ་དངུལ་སྔ་མོ་ནས་བྱེ་བྲག་གི་ལས་གཞིའི་སྟེང་དོན་འཁྱོལ་བྱས་ནས། སྔོན་རྩིས་ལག་བསྟར་མགྱོགས་སུ་གཏོང་བ་དང་འགྲོ་སྒོའི་ལས་ཆོད་ཇེ་མཐོར་གཏོང་བར་སྐུལ་འདེད་བཏང་ཡོད།

(གཉིས) སྔོན་སྤྲོད་བྱས་པའི་ས་གནས་སྲིད་གཞུང་གི་བུན་འཛིན་དེ་ལོ་མགོའི་སྔོན་རྩིས་ཁྲོད་དུ་འཇུག་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་དང་། བུ་ལོན་གཏོང་བ་དང་བུན་འཛིན་མ་དངུལ་མགྱོགས་མྱུར་ངང་བཀོལ་བའི་བྱ་བ་སྔ་མོ་ནས་མགོ་བརྩམས་ཏེ། གཙོ་གནད་ལས་གཞིའི་མ་དངུལ་གྱི་དགོས་མཁོ་འགན་སྲུང་བྱ་ཆེད། 2018ལོའི་ཟླ12པའི་ཚེས29ཉིན་ལ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པའི་སྟེང་སྲིད་གཞུང་གི་གསར་བསྣན་བུན་འཛིན་བཅད་གྲངས་སྔོན་སྤྲོད་བྱེད་དབང་སྟེར་བའི་གྲོས་གཞི་ལ་གྲོས་ཞིབ་བྱས་ནས་གྲོས་མཆན་བྱུང་བས། 2019ལོ་ནས་བཟུང་སྟེ། ཞིང་ཆེན་སོ་སོའི་ནོར་སྲིད་སྡེ་ཁག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔོན་སྤྲོད་བྱས་པའི་ས་གནས་སྲིད་གཞུང་གི་གསར་འཕར་བུ་ལོན་བཅད་གྲངས་དེ་ལོ་མགོའི་སྔོན་རྩིས་ནང་བཅུག་སྟེ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱིས་ཞིབ་བཤེར་ཆོག་མཆན་འགོད་པར་སྙན་ཞུ་འབུལ་ཆོག དེར་བསྟེན་ང་ཚོས་ནོར་སྲིད་པུའུ་ཡིས་རང་རེའི་ཞིང་ཆེན་ལ་སྔོན་སྤྲོད་བྱས་པའི་སྲིད་གཞུང་གི་གསར་བསྣན་བུ་ལོན་བཅད་གྲངས་སྒོར་དུང་ཕྱུར178དེ2019ལོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ཁྲོད(དེའི་ཁྲོད་དུ། སྤྱིར་བཏང་གི་བུན་འཛིན་སྒོར་དུང་ཕྱུར150དང་ཆེད་སྤྱོད་བུན་འཛིན་སྒོར་དུང་ཕྱུར28ཡོད)བཅུག་སྟེ་ཡོངས་རྫོགས་མ་རྩ་རང་བཞིན་དང་སྤྱི་ཕན་རང་བཞིན་གྱི་ལས་གཞིའི་འགྲོ་སྒོར་བཀོལ་རྒྱུ་ཡིན།

(གསུམ) 2019ལོའི་གཏོང་ཡོང་བཀོད་སྒྲིག་གི་རྩ་དོན། གཅིག་ནི་ཧུར་ཐག་བརྟན་བརླིང་གིས་ས་གནས་ཀྱི་ཡོང་སྒོའི་སྔོན་རྩིས་བཀོད་སྒྲིག་བྱ་དགོས། དངོས་ཐོག་བདེན་འཚོལ་དང་ཚན་རིག་གིས་སྔོན་དཔག་བྱས་ཏེ། ས་གནས་ཀྱི་ཡོང་སྒོ་འཕར་ཚད་དེ་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་གནས་ཚུལ་གསར་བ་དང་འཚམ་པའི་སྒོ་ནས་ནོར་སྲིད་སྲིད་ཇུས་དང་མཐུད་སྦྲེལ་བྱ་དགོས་ལ། ཁྲལ་འཕྲི་རིན་གཅོག་སྲིད་ཇུས་སོགས་དོན་འཁྱོལ་བྱེད་པའི་རྒྱུ་རྐྱེན་གྱིས་ཐེབས་པའི་ཤུགས་རྐྱེན་ལ་བསམ་གཞིགས་གང་ལེགས་གཏང་དགོས། གཉིས་ནི་ཀྲུང་དབྱང་གི་རོགས་སྐྱོར་ཡོང་སྒོ་ལུགས་མཐུན་གྱིས་དཔག་རྩིས་བྱ་དགོས། 2018ལོར་ལག་བསྟར་དང་ཀྲུང་དབྱང་གིས་སྔོན་སྤྲོད་བྱས་པའི2019ལོའི་རོགས་སྐྱོར་མ་དངུལ་གྱི་གནས་ཚུལ་དང་སྦྲེལ་ནས། ཀྲུང་དབྱང་གི་རོགས་སྐྱོར་མ་དངུལ་ལུགས་མཐུན་གྱིས་དཔག་རྩིས་བྱས་ཐོག། ས་གནས་སྲིད་གཞུང་གི་བུན་འཛིན་གྲངས་བཅད་ཤུགས་ཆེན་པོས་བརྩོན་ལེན་སྒོས་ལོ་མགོའི་ནོར་ཤུགས་གཞི་རྒྱ་ཧུར་ཐག་གིས་ཆེ་རུ་བཟོ་དགོས། གསུམ་ནི“གྲོན་ཆུང་སྒོས་འཚོ་བ་རོལ་བའི”བསམ་བློ་བརྟན་པོར་བཅངས་དགོས། ཅིས་ཀྱང་གཏང་དགོས་པའི་འགྲོ་སྒོ་དང་གཙོ་གནད་ལས་གཞིའི་འགྲོ་སྒོ་ལས་གཞན། འགྲོ་སྒོ་གཞན་པ་མཐའ་དག2018ལོར་ཡོངས་འགྲུབ་བྱས་པའི་གྲངས་འབོར་གྱི5%ཡི་བསྡུར་ཚད་ལས་མི་དམའ་བ་ལྟར་ཉུང་འཕྲི་བྱ་དགོས། བཞི་ནི་དམངས་འཚོའི་ཞན་ཆ་ཧུར་ཐག་གིས་ཁ་གསབ་བྱ་དགོས། གཞི་རྩའི་དམངས་འཚོ་འགན་སྲུང་སྔོན་ལ་བྱས་ཏེ། དམངས་འཚོའི་དམིགས་ཚད་སྙོམ་སྒྲིག་གི་ཚད་ལུགས་མཐུན་སྒོས་ཁོང་དུ་ཆུད་པར་བྱེད་པ་དང་། དམངས་འཚོའི་བཟོ་སྐྲུན་གྱི་ཞན་ཆ་ཁ་གསབ་པའི་ཐད་ལ་མ་དངུལ་མུ་མཐུད་དུ་ཇེ་ཆེར་གཏང་དགོས། ལྔ་ནི་འཐབ་ཇུས་གལ་ཆེན་དོན་འཁྱོལ་ལ་རྒྱབ་སྐྱོར་བྱ་དགོས། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱིས་སྣེ་འཁྲིད་ནས། སྐྱེ་ཁམས་སྲུང་སྐྱོང་སྔོན་དུ་འགྲོ་བ་རྒྱུན་འཁྱོངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱས་ཏེ། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ཐད་ལ་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བ་དང་། ས་ཁོངས་མཐུན་སྦྱོར་གོང་སྤེལ་གྱི་འཐབ་ཇུས་དོན་འཁྱོལ་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏང་དགོས། དྲུག་ནི“འགག་གཏོར་གཡུལ་འཐབ་ཆེན་པོ་གསུམ”ལ་རྒྱལ་ཁ་ལེན་པར་རྒྱབ་སྐྱོར་བྱ་དགོས། ས་གནས་སྲིད་གཞུང་གི་བུ་ལོན་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ཐོན་ཁུངས་ཕྱོགས་བསྡུས་སྒོས་དབུལ་ཐར་འགག་གཏོར་གཡུལ་འཐབ་ལ་རྒྱལ་ཁ་ལེན་པ་དང་། སྦགས་བཙོག་འགོག་བཅོས་ཁྱབ་ཁོངས་ལ་མ་དངུལ་གཏོང་ཚད་ཇེ་མང་དུ་གཏང་དགོས། བདུན་ནི་ཐོན་ལས་གོང་དུ་སྤེལ་སྟངས་བསྒྱུར་བར་རྒྱབ་སྐྱོར་བྱ་དགོས། སྲིད་གཞུང་དང་ཚོང་རའི་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། ཐད་ཀར་མ་དངུལ་གཏོང་ཚད་ཇེ་ཉུང་དུ་གཏོང་བ་དང་། ཐད་ཀར་མ་དངུལ་གཏོང་བ་ནས་གཞན་བརྒྱུད་ཀྱིས་རོགས་སྐྱོར་བྱེད་པར་བསྒྱུར་བར་སྐུལ་འདེད་བཏང་ཐོག། ད་སྔ་བཙུགས་ཟིན་པའི་ཐོན་ལས་ཐེབས་རྩ་བསྡུ་རུབ་ལེགས་སྒྱུར་བྱས་ཏེ། ཐེབས་རྩའི་སྣེ་འཁྲིད་བྱེད་ནུས་འདོན་སྤེལ་གང་ལེགས་བྱ་དགོས། བརྒྱད་ནི་ཞིང་ཆེན་གྱིས་འོག་རིམ་ལ་སྤོ་སྒྱུར་གཏོང་སྤྲོད་ཀྱི་ཤུགས་ཚད་ཆེ་རུ་གཏང་དགོས། རྫོང་རིམ་པའི་གཞི་རྩའི་ནོར་ཤུགས་འགན་སྲུང་བྱེད་པར་ཞིང་ཆེན་རིམ་པས་འགྲོ་སྒོ་གཏོང་བའི་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཞིང་ཆེན་གྱིས་འོག་རིམ་ལ་སྤོ་སྒྱུར་གཏོང་སྤྲོད་དང་ནོར་ཤུགས་སྙོམ་སྒྲིག་གི་ཤུགས་ཚད་ཇེ་ཆེར་གཏང་དགོས།

(བཞི) 2019ལོའི་ཡོང་སྒོ་དང་འགྲོ་སྒོའི་བཀོད་སྒྲིག་གི་གནས་ཚུལ། སྔོན་རྩིས་སྒྲིག་བཟོའི་བླང་བྱ་དང་འགྲོ་སྒོ་སྐོར་གྱི་སྲིད་ཇུས་ལྟར། ཞིང་ཆེན་ཡོངས་དང་ཞིང་ཆེན་རིམ་པའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་དང་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་དང། རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་བཅས་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་པ་གཤམ་གསལ་ལྟར།

1.སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས།

(1) ཞིང་ཆེན་ཡོངས་ཀྱི་གནས་ཚུལ། ཞིང་ཆེན་ཡོངས་ཀྱི་ལོ་མགོའི་སྤྱིའི་ནོར་ཤུགས་སྒོར་དུང་ཕྱུར1841.9ཡོད་པ་དང། ལོ་སྔོན་མའི་ལོ་མགོའི་སྔོན་རྩིས་ལས36.8%འཕར། དེའི་ནང་དུ་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར292.4བཀོད་སྒྲིག་བྱས་ཡོད་ཅིང་ལོ་སྔོན་མའི་ལག་བསྟར་ཚད་ལས7%འཕར། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་ཡོང་སྒོ་སྒོར་དུང་ཕྱུར1182.8ཡོད་ལ། ས་གནས་སྲིད་གཞུང་གི་གསར་བསྣན་བུན་འཛིན་སྒོར་དུང་ཕྱུར150ཡོད་པ་དང། སྔོན་རྩིས་བརྟན་འཇགས་ལེགས་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར89ནང་འདྲེན་བྱས་པ་དང་། གཅིག་གྱུར་གྱིས་བསྡུ་རུབ་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར30ནང་འདྲེན་བྱས་པ་དང། ལོ་སྔོན་མར་སྤོས་པ་སྒོར་དུང་ཕྱུར97.7ཡོད།

ཞིང་ཆེན་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར1838.4བཀོད་སྒྲིག་བྱས་པ་དང། གོང་སྤྲོ་འགྲོ་སྒོའི་ཐད་ལ་སྒོར་དུང་ཕྱུར3.5གཏང་རྒྱུ་ཡིན།

(2) ཞིང་ཆེན་རིམ་པའི་གནས་ཚུལ། ཞིང་ཆེན་རིམ་པའི་ལོ་མགོའི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར740.3ཡོད་ཅིང་ལོ་སྔོན་མའི་ལོ་མགོའི་སྔོན་རྩིས་ལས19.9%འཕར། དེའི་ནང་དུ་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར90.1བཀོད་སྒྲིག་བྱས་ཡོད་ལ་ལོ་སྔོན་མའི་ལག་བསྟར་ཚད་ལས7%འཕར་ཡོད། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་ཡོང་སྒོ་སྒོར་དུང་ཕྱུར375.4(ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར1182.8ལས་གྲོང་ཁྱེར་དང་ཁུལ་ལ་ཁ་གསབ་སྟེར་བྱའི་སྒོར་དུང་ཕྱུར807.4ཕུད་ཡོད)ཡོད། ས་གནས་སྲིད་གཞུང་གི་གསར་བསྣན་བུན་འཛིན་སྒོར་དུང་ཕྱུར150ཡོད་ཅིང་། གཅིག་གྱུར་འཆར་འགོད་ཀྱིས་མ་དངུལ་རིགས་སྣ་ཚོགས་སྒོར་དུང་ཕྱུར25.2ནང་འདྲེན་བྱས། སྔོན་རྩིས་གཏན་འཇགས་སྙོམ་སྒྲིག་ཐེབས་རྩ་སྒོར་དུང་ཕྱུར68བཀོལ་བ་དང། གྲོང་ཁྱེར་དང་ཁུལ་གྱིས་གོང་སྤྲོད་བྱས་པའི་མ་དངུལ་སྒོར་དུང་ཕྱུར3.8དང། ལོ་སྔོན་མའི་རྩིས་ཁོངས་ནས་སྤོས་པ་སྒོར་དུང་ཕྱུར27.8ཡོད།

ཞིང་ཆེན་རིམ་པའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སྒོ་སྒོར་དུང་ཕྱུར736.8བཀོད་སྒྲིག་བྱས་པ་དང། ལོ་སྔོན་མའི་ལོ་མགོའི་སྔོན་རྩིས་ལས18.8%(གཤམ་ནས་འདི་དང་མཚུངས)འཕར་ཡོད། གོང་སྤྲོད་འགོ་སྒོ་སྒོར་དུང་ཕྱུར3.5ཡོད། བྱེ་བྲག་གི་བཀོད་སྒྲིག་བྱེད་ཚུལ་ནི། སྤྱིར་བཏང་གི་སྤྱི་པའི་ཞབས་ཕྱི་ཐད་ལ་སྒོར་དུང་ཕྱུར34.9ཡོད་པ་དང13.2%འཕར་ཡོད། སྤྱི་པའི་བདེ་འཇགས་ཐད་ལ་སྒོར་དུང་ཕྱུར43.7ཡོད་པ་དང2.8%འཕར། སློབ་གསོའི་ཐད་ལ་སྒོར་དུང་ཕྱུར47.3ཡོད་པ་དང8.2%འཕར། ཚན་རིག་ལག་རྩལ་ཐད་ལ་སྒོར་དུང་ཕྱུར8.9ཡོད་པ་དང4.1%འཕར། རིག་གནས་ཡུལ་སྐོར་ལུས་རྩལ་དང་སྨྱན་བྱད་ཐད་ལ་སྒོར་དུང་ཕྱུར14.3ཡོད་པ་དང14.4%འཕར། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཐད་ལ་སྒོར་དུང་ཕྱུར90.3ཡོད་པ་དང53.8%འཕར། འཕྲོད་བསྟེན་བདེ་ཐང་གི་ཐད་ལ་སྒོར་དུང་ཕྱུར55.5ཡོད་པ་དང38.7%འཕར། ནུས་སྲི་ཁོར་སྲུང་ཐད་ལ་སྒོར་དུང་ཕྱུར22.9ཡོད་པ་དང20.6%འཕར། གྲོང་ཁྱེར་དང་གྲོང་གསེབ་སྡེ་གླིང་གི་ཐད་ལ་སྒོར་དུང་ཕྱུར4.9ཡོད་པ་དང17.8%འཕར། ཞིང་ནགས་ཆུ་གསུམ་ཐད་ལ་སྒོར་དུང་ཕྱུར69.3ཡོད་པ་དང35.6%འཕར། འགྲིམ་འགྲུལ་སྐྱེལ་འདྲེན་ཐད་ལ་སྒོར་དུང་ཕྱུར153ཡོད་པ་དང12.5%འཕར། ཐོན་ཁུངས་རྩད་གཅོད་ཆ་འཕྲིན་སོགས་ཀྱི་ཐད་ལ་སྒོར་དུང་ཕྱུར16.8ཡོད་པ་དང5.3%འཕར། ཚོང་ལས་དང་ཞབས་ཕྱིའི་ལས་རིགས་སོགས་ཀྱི་ཐད་ལ་སྒོར་དུང་ཕྱུར2.3ཡོད་པ་དང29.4%འཕར། དངུལ་ལོར་གྱི་ཐད་ལ་སྒོར་དུང་ཕྱུར2.6ཡོད་པ་དང18.2%འཕར། རང་བྱུང་ཐོན་ཁུངས་དང་རྒྱ་མཚོ་གནམ་གཤིས་སོགས་ཀྱི་ཐད་ལ་སྒོར་དུང་ཕྱུར19.3ཡོད་པ་དང32.7%འཕར། སྡོད་ཁང་འགན་སྲུང་ཐད་ལ་སྒོར་དུང་ཕྱུར14ཡོད་པ་དང37.3%མར་ཆག འགྲོ་སྒོ་གཞན་པ་སྣ་ཚོགས་ཐད་ལ་སྒོར་དུང་ཕྱུར136.8ཡོད་པ་དང17.5%འཕར་ཡོད།

2019ལོའི་ཞིང་ཆེན་རིམ་པའི་སྡེ་ཁག་གི་སྔོན་རྩིས་ཕྱོགས་བསྡོམས་བྱས་ན། ཞིང་ཆེན་རིམ་པའི་སྲིད་འཛིན་དོན་ལས་སྡེ་ཚན་གྱིས་ནོར་སྲིད་ཀྱི་མ་དངུལ་སྤྱད་དེ“གཞུང་གསུམ་གྲོན་དངུལ”སྒོར་དུང་ཕྱུར1.86(དེའི་ནང་དུ་གཞུང་དོན་དུ་ཕྱི་རྒྱལ་ལ་འགྲོ་བའི་གྲོན་དངུལ་སྒོར་དུང་ཕྱུར0.31དང། གཞུང་དོན་སྣེ་ལེན་གྲོན་དངུལ་སྒོར་དུང་ཕྱུར0.3དང། གཞུང་འཁོར་བཀོལ་སྤྱོད་དང་ཉོ་སྒྲུབ་གྲོན་དངུལ་སྒོར་དུང་ཕྱུར0.1དང། གཞུང་འཁོར་འཁོར་རྒྱུག་གྲོན་དངུལ་སྒོར་དུང་ཕྱུར1.15བཅས་ཡིན)བཀོད་སྒྲིག་བྱས་ཡོད།

གསལ་བཤད་བྱ་དགོས་པ་ཞིག་ལ། ཞིང་ཆེན་རིམ་པའི་འགྲོ་སྒོའི་སྔོན་རྩིས་ཁག་ཅིག་མར་ཆག་པའི་རྒྱུན་རྐྱེན་གཙོ་བོ་ནི། བཅོས་སྒྱུར་གྱི་བླང་བྱ་གཞིར་བཟུང་ནས2019ལོའི་སྔོན་རྩིས་བཀོད་སྒྲིག་བྱེད་སྐབས། མ་དངུལ་བཀོད་སྒྲིག་གི་རིམ་ཐེངས་གཟབ་ནན་གྱིས་བཀར་ཏེ། སྔོན་ཆད་ཞིང་ཆེན་རིམ་པ་རུ་གྲབས་འཇོག་བྱས་པའི་མ་དངུལ་དེ་ཞིང་ཆེན་གྱིས་འོག་རིམ་ལ་ཁ་གསབ་རོགས་དངུལ་སྟེར་བའི་ཁྲོད་དུ་ཕྲ་ཞིབ་ཀྱིས་བཀོད་སྒྲིག་བྱས་པས་ཡིན།

(3) ཞིང་ཆེན་གྱིས་འོག་རིམ་ལ་ཁ་གསབ་རོགས་དངུལ་སྟེར་བའི་གནས་ཚུལ། ཞིང་ཆེན་གྱིས་གྲོང་ཁྱེར(ཁུལ)ལ་སྟེར་བྱའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར807.4ཡོད་པ་དང་། ལོ་སྔོན་མའི་ལོ་མགོའི་སྔོན་རྩིས་སྒོར་དུང་ཕྱུར293.6ཇེ་མང་དུ་བཏང་ལ57.1%འཕར། དེའི་ནང་དུ་ཕྱིར་སློག་རང་བཞིན་གྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར39.2ཡོད་ལ་ལོ་སྔོན་མ་དང་འདྲ་མཉམ་རེད། སྤྱིར་བཏང་གི་སྤོ་སྒྱུར་གཏོང་སྤྲོད་སྒོར་དུང་ཕྱུར434.9ཡོད་པ་དང་སྒོར་དུང་ཕྱུར90.1ཇེ་མང་དུ་སོང་ཞིང26.1%འཕར། ཆེད་སྤྱོད་སྤོ་སྒྱུར་གཏོང་སྤྲོད་སྒོར་དུང་ཕྱུར333.2ཡོད་པ་དང་སྒོར་དུང་ཕྱུར206.4ཇེ་མང་དུ་སོང་ཞིང162.8%འཕར་ཡོད།

2. སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ཡོང་སྒོ་སྒོར་དུང་ཕྱུར104.8ཡོད་པ་དང། ས་གནས་སྲིད་གཞུང་གི་གསར་བསྣན་ཆེད་སྤྱོད་བུན་འཛིན་སྒོར་དུང་ཕྱུར28བཀྲམ་ལ། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་འགྲོ་སྒོ་སྒོར་དུང་ཕྱུར128.4བཀོད་སྒྲིག་བྱས་ཡོད། ཞིང་ཆེན་རིམ་པའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་ཡོང་སྒོ་སྒོར་དུང་ཕྱུར24.8ཡོད་པ་དང། ས་གནས་སྲིད་གཞུང་གི་གསར་བསྣན་ཆེད་སྤྱོད་བུན་འཛིན་སྒོར་དུང་ཕྱུར28བཀྲམ་ལ། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་འགྲོ་སྒོ་སྒོར་དུང་ཕྱུར63.4བཀོད་སྒྲིག་བྱས་ཡོད།

3. རྒྱལ་དབང་མ་རྩ་བདག་གཉེར་གྱི་སྔོན་རྩིས། ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་མ་རྩ་བདག་གཉེར་གྱི་ཡོང་སྒོ་སྒོར་དུང་ཕྱུར1ཡོད་པ་དང། རྒྱལ་དབང་མ་རྩ་བདག་གཉེར་གྱི་འགྲོ་སྒོ་སྒོར་དུང་ཕྱུར1.4བཀོད་སྒྲིག་བྱས་ཡོད། ཞིང་ཆེན་རིམ་པའི་རྒྱལ་དབང་མ་རྩ་བདག་གཉེར་གྱི་ཡོང་སྒོ་སྒོར་དུང་ཕྱུར0.8དང། རྒྱལ་དབང་མ་རྩ་བདག་གཉེར་གྱི་འགྲོ་སྒོ་སྒོར་དུང་ཕྱུར1.1བཀོད་སྒྲིག་བྱས་ཡོད།

4. སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ཡོང་སྒོ་སྒོར་དུང་ཕྱུར396.4དང། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་འགྲོ་སྒོ་སྒོར་དུང་ཕྱུར371.4བཀོད་སྒྲིག་བྱས་ཡོད། ཞིང་ཆེན་རིམ་པའི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ཡོང་སྒོ་སྒོར་དུང་ཕྱུར325.4ཡོད་པ་དང། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་འགྲོ་སྒོ་སྒོར་དུང་ཕྱུར319.5བཀོད་སྒྲིག་བྱས་ཡོད།

(ལྔ) 2019ལོའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་གཙོ་གནད་འགྲོ་སྒོའི་གནས་ཚུལ།

1. ལྗང་མདོག་གོང་སྤེལ་ལ་རྒྱབ་སྐྱོར་བྱེད་པའི་ཐད་ལ། མ་དངུལ་སྒོར་དུང་ཕྱུར78.7བཀོད་སྒྲིག་བྱས་ལ། ལོ་སྔོན་མའི་ལོ་མགོའི་སྔོན་རྩིས་ལས36.3%འཕར་ཡོད། དེའི་ནང་དུ་ཞིང་ཆེན་རིམ་པའི་འགྲོ་སྒོ་སྒོར་དུང་ཕྱུར29.3དང་ཞིང་ཆེན་གྱིས་འོག་རིམ་ལ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར49.4བཀོད་སྒྲིག་བྱས་ཡོད།

(1) སྐྱེ་ཁམས་དཔལ་ཡོན་མ་ལག་བསྐྲུན་པར་མ་དངུལ་སྒོར་དུང་ཕྱུར32.5བཀོད་སྒྲིག་བྱས་ཡོད་ལ། སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བའི་ཐད་དང་། རྩྭ་ཐང་དང་ནགས་ཚལ། བརླན་སའི་སྐྱེ་ཁམས་སྲུང་སྐྱོང་གི་རོགས་དངུལ་སྟེར་བའི་སྲིད་ཇུས་དོན་འཁྱོལ་དང་། གཙང་གསུམ་འབྱུང་ཡུལ་དང་ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན། རྒྱལ་ཁོངས་སོགས་སྐྱེ་ཁམས་བཟོ་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ཐདད་ལ་བཀོལ་དགོས། ཆུ་བོའི་མགོ་ཁུངས་བཅོས་སྐྱོང་དང་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཏེར་ལས་དབང་ཆ་ཕྱིར་སྤྲོད་ཀྱི་ཁ་གསབ་སྟེར་བ་སོགས་བྱ་བ་སྤེལ་བར་རྒྱབ་སྐྱོར་བྱས་ཏེ། སྐྱེ་ཁམས་ཀྱི་སྤྱི་ཕན་ལྟ་སྐྱོང་ལས་རྐང་གི་མ་དངུལ་དགོས་མཁོ་འགན་སྲུང་སྒོས་འབྲོག་དམངས་སྐྱེ་ཁམས་སྲུང་སྐྱོང་ཁྲོད་དུ་ཞུགས་པའི་བརྩོན་སེམས་སྐུལ་སློང་བྱ་དགོས།

(2) སྦགས་བཙོག་འགོག་བཅོས་ཀྱི་འགག་གཏོར་གཡུལ་འཐབ་ལ་རྒྱལ་ཁ་ལེན་པར་མ་དངུལ་སྒོར་དུང་ཕྱུར4.9བཀོད་སྒྲིག་བྱས་ཡོད་ལ། མཁའ་དབུགས་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་དང་གཙོ་གནད་འབབ་རྒྱུད་ཀྱི་ཆུའི་སྦགས་བཙོག་བཅོས་སྐྱོང་། གཤིན་སའི་སྦགས་བཙོག་དོ་དམ་ཚོད་འཛིན་དང་བསྐྱར་གསོ་སོགས་ཀྱི་བཟོ་སྐྲུན་ལག་བསྟར་ལ་རྒྱབ་སྐྱོར་དང་། ཁོར་ཡུག་ཁྲིམས་འཛིན་ལྟ་སྐུལ་དོ་དམ་གྱི་ནུས་ཤུགས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་དགོས།

(3) སྐྱེ་ཁམས་འབྱུང་ཁྲོད་ཀྱི་ཁྱིམ་གཞི་གསར་བ་བསྐྲུན་པར་མ་དངུལ་སྒོར་དུང་ཕྱུར36.9བཀོད་སྒྲིག་བྱས་ཡོད་ལ། མཐོ་སྒང་གི་མཛེས་པའི་གྲོང་གསེབ་བསྐྲུན་པར་མུ་མཐུད་དུ་རྒྱབ་སྐྱོར་བྱས་ཏེ། ཞིང་སྡེའི་མི་སྡོད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལོ་གསུམ་འགུལ་སྐྱོད་དང་ཞིང་སྡེའི་སྤྱི་ཡོངས་གནས་སྤོ་ལས་གཞི་ལ་སྐུལ་འདེད་གཏོང་བ་དང་། གྲོང་རྡལ་གྱི་བཙོག་ཆུ་ཐག་གཅོད་སྒྲིག་ཆས་འཛུགས་སྐྲུན་དང་ཚོང་གཉེར་གྱི་ཁ་གསབ་རོགས་དངུལ་སྟེར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གད་རྙིགས་སྒྱུར་འདྲེན་བྱེད་པར་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏང་དགོས།

(4) ཡུལ་སྐོར་ཀྱི་རྐང་འཛིན་ཐོན་ལས་ཤུགས་ཆེན་པོས་བསྐྲུན་པར་མ་དངུལ་སྒོར་དུང་ཕྱུར4.4བཀོད་སྒྲིག་བྱས་ཡོད་ལ། ཡུལ་སྐོར་གོང་སྤེལ་ཐེབས་རྩའི་སྣེ་འཁྲིད་བྱེད་ནུས་འདོན་སྤེལ་བྱས་ཏེ། གྲོང་གསེབ་ཏུ་ཡུལ་སྐོར་དང་སྐྱེ་ཁམས་ཡུལ་སྐོར། ཤེས་རིག་ཡུལ་སྐོར། ཁོངས་ཡོངས་སུ་ཡུལ་སྐོར། འཁོར་ལྡན་ཡུལ་སྐོར་སོགས་ཀྱི་ཆ་འགྲིག་སྒྲིག་བཀོད་འཐུས་ཚང་དུ་བསྐྲུན་པར་རྒྱབ་སྐྱོར་སྒོས་ཡུལ་སྐོར་ལས་དོན་གོང་འཕེལ་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏང་དགོས།

2. མཐུན་སྦྱོར་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་ཐད་ལ། མ་དངུལ་སྒོར་དུང་ཕྱུར218.5བཀོད་སྒྲིག་བྱས་ལ། ལོ་སྔོན་མའི་ལོ་མགོའི་སྔོན་རྩིས་ལས58%འཕར་ཡོད། དེའི་ནང་དུ་ཞིང་ཆེན་རིམ་པའི་འགྲོ་སྒོ་སྒོར་དུང་ཕྱུར172.6དང་ཞིང་ཆེན་གྱིས་འོག་རིམ་ལ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར46བཀོད་སྒྲིག་ཡོད།

(1) གྲོང་རྡལ་གོང་འཕེལ་གྱི་རྒྱུ་སྤུས་ཇེ་ལེགས་སུ་གཏོང་བའི་ཐད་མ་དངུལ་སྒོར་དུང་ཕྱུར11.5བཀོད་སྒྲིག་བྱས་ཡོད་ལ། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་ཤར་རྒྱུད་གྲོང་ཁྱེར་ཁྱུ་ཚོགས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་། མཚོ་ནུབ་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དུ་གཅིག་གྱུར་འཆར་འགོད་བྱེད་པའི་དཔེ་སྟོན་འཛུགས་སྐྲུན་ལས་གཞིར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང། གྲོང་ཁྱེར་གྱི་ཆུ་འདོན་ཕྱུང་གི་སྦུག་དྲ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་དགོས།

(2) གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་ལ་མ་དངུལ་སྒོར་དུང་ཕྱུར67.6བཀོད་སྒྲིག་བྱས་ཡོད་ལ། ཞིང་སྡེ་དང་འབྲོག་ཁུལ་གྱི་སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན། རིག་གནས། རྨང་གཞིའི་སྒྲིག་བཀོད། སྐྱེ་ཁམས་སྲུང་སྐྱོང་། ས་ཞིང་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཐད་ལ་གཏོང་ཆ་ཇེ་མང་དུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་བར་ཁྱད་རིམ་བཞིན་ཇེ་ཆུང་དུ་གཏང་དགོས། ཞིང་ལས་ཀྱི་ཁ་གསབ་སྟེར་བའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། འབྲུ་ཐོན་སྐྱེད་རྫོང་ཆེན་དང་ཕག་ཕྱིར་འདྲེན་རྫོང་ཆེན་ལ་བྱ་དགའ་སྟེར་བའི་སྲིད་ཇུས་དོན་འཁྱོལ་བྱ་དགོས། ཞིང་ཕྱུགས་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞིའི་རང་བཞིན་གྱི་བཅོས་སྒྱུར་ལ་གཏིང་ཟབ་སྒོས་སྐུལ་འདེད་བཏང་ནས། སྤུས་ཚད་དང་ལྗང་མདོག་གིས་ཞིང་ལས་དར་སྤེལ་གཏོང་བ་རྒྱུན་འཁྱོངས་བྱས་ཐོག། ཞིང་སྨན་དང་ལུད་རྫས་ཉུང་འཕྲི་སྒོས་ཕན་འབྲས་མཐོར་འདེགས་གཏོང་བའི་འགུལ་སྐྱོད་སྤེལ་བར་རྒྱབ་སྐྱོར་བྱས་ནས། ཁོངས་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་དུ་སྐྲུན་པ་དང་། དེང་རབས་ཞིང་ལས་གོང་སྤེལ་གྱི་རྨང་གཞི་སྲ་བརྟན་དུ་གཏང་བ་དང་། རོང་འབྲོག་ཁུལ་གྱི་གཞི་རྩའི་ཚོང་གཉེར་ལམ་ལུགས་སྲ་བརྟན་དུ་གཏང་དགོས།

(3) བདེ་མྱུར་ངང་སྒོ་ཕྱིར་སྐྱོད་སྟངས་བསྐྲུན་པར་མ་དངུལ་སྒོར་དུང་ཕྱུར133.3བཀོད་སྒྲིག་བྱས་ཡོད་ལ། ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་དང་ཟི་ལིང་གནམ་གྲུ་ཐང་གི་ལས་གྲྭ་སྐབས་གསུམ་པ། གཅན་ཚ་ནས་གུང་ཧོ་དང་ཀྲང་ཡེ་ནས་ཏ་ཐུང་སོགས་བར་གྱི་གཙོ་གནད་རྒྱལ་ལམ་དང་ཞིང་ཆེན་ལམ། མྱུར་ལམ་འཛུགས་སྐྲུན་དང་བདག་སྐྱོང་ལ་རྒྱབ་སྐྱོར་བྱེད་ཅིང་། དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་ཁ་གསབ་དང་སྤྱི་སྤྱོད་རླངས་འཁོར། གླ་འཁོར་བཅས་ཀྱི་སྣུམ་རིན་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱ་དགོས།

(4) དེང་རབས་ཞབས་ཕྱིའི་ལས་རིགས་ཤུགས་ཆེན་པོས་གོང་འཕེལ་དུ་གཏོང་བར་མ་དངུལ་སྒོར་དུང་ཕྱུར6.1བཀོད་སྒྲིག་བྱས་ཡོད་ལ། ཐོན་སྐྱེད་རང་བཞིན་གྱི་ཞབས་ཕྱིའི་ལས་རིགས་མཉམ་འདྲེས་གོང་འཕེལ་དང་བཟོ་སྐྲུན་ལས་རིགས་ཞབས་ཕྱི་ཅན་དུ་རིགས་སྒྱུར། ཞབས་ཕྱིའི་ནུས་ཤུགས་གསར་སྐྲུན་སོགས་ཀྱི་བཟོ་སྐྲུན་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཕྱི་ཕྱོགས་ཉོ་ཚོང་དང་ཉོ་ཚོང་། སྐྱེལ་འདྲེན། མཛོད་ཉར་སྡེབ་སྐྱེལ། སྒྱུར་སྐྱེལ་སོགས་ལ་གཏོང་ཆ་ཇེ་མང་དུ་བཏང་ཐོག། “རྒྱུད་གཅིག་ལམ་གཅིག”གི་འབྲེལ་འདྲིས་དང་གོང་འཕེལ་ལ་རྒྱབ་སྐྱོར་བྱ་དགོས།

3. མཉམ་སྤྱོད་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་ཐད་ལ། མ་དངུལ་སྒོར་དུང་ཕྱུར346.8བཀོད་སྒྲིག་བྱས་ཡོད་ལ་ལོ་སྔོན་མའི་ལོ་མགོའི་སྔོན་རྩིས་ལས70.6%འཕར་ཡོད། དེའི་ནང་དུ་ཞིང་ཆེན་རིམ་པའི་འགྲོ་སྒོ་སྒོར་དུང་ཕྱུར162.1དང་ཞིང་ཆེན་གྱིས་འོག་རིམ་ལ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར184.7བཀོད་སྒྲིག་ཡོད།

(1) གནད་འཁེལ་དབུལ་སྐྱོར་གྱི་འགག་གཏོར་གཡུལ་འཐབ་ལ་རྒྱལ་ཁ་ལེན་པར་མ་དངུལ་སྒོར་དུང་ཕྱུར56.8བཀོད་སྒྲིག་བྱས་ཡོད་ལ། ནོར་གནག་དང་ནས། འོད་ཝོལ། གྲོང་གསེབ་ཏུ་ཡུལ་སྐོར། མི་རིགས་ཀྱི་ལས་ཤེས་བཟོ་ལས་སོགས་དབུལ་སྐྱོར་གྱི་ཐོན་ལས་ཆེན་པོ་ལྔ་ལ་ཤུགས་ཆེན་པོས་སྐུལ་འདེད་བྱེད་པ་དང་། ལས་རིགས་དབུལ་སྐྱོར་དང་དབུལ་ཕོངས་སྡེ་བ་གོང་སྤེལ་བཟོ་སྐྲུན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བྱེད་ཅིང་། དབུལ་སྐྱོར་གནས་སྤོ་མཇུག་སྒྲིལ་བ་དང་ཞིང་ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཞིང་ལས་ཚན་རྩལ་ཁྱབ་བརྡལ། སྐྱེ་ཁམས་དབུལ་སྐྱོར་སོགས་ལས་གཞི་ལག་བསྟར་ལ་རྒྱབ་སྐྱོར་བྱ་དགོས།

(2) སློབ་གསོ་དོ་མཉམ་ངང་གོང་དུ་འཕེལ་བར་ཤུགས་ཆེན་པོས་སྐུལ་འདེད་བྱེད་པར་མ་དངུལ་སྒོར་དུང་ཕྱུར63.2བཀོད་སྒྲིག་བྱས་ཡོད་ལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། དུས་རིམ་སོ་སོའི་སྐབས་ཀྱི་སློབ་གསོའི་སློབ་མའི་རོགས་སྐྱོར་སྲིད་ཇུས་མུ་མཐུད་དུ་ལག་བསྟར་དང་། སྔོན་འགྲོ་སློབ་གསོའི་ཐོན་ཁུངས་རྒྱ་ཆེ་རུ་བཏང་ནས། གྲོང་གསེབ་ཀྱི་གཞི་རྒྱ་ཆུང་བའི་སློབ་གྲྭ་དང་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་དང་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཐོག མཐོ་རིམ་སློབ་གྲྭའི་ཕྱོགས་བསྡུས་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་བའི་འཆར་གཞི་དང་རིག་ཚན་རྩེ་གྲས་འཛུགས་པ་ལག་བསྟར་བྱས་ཏེ། སློབ་སྒྲུབ་ཆ་རྐྱེན་ལེགས་སྒྱུར་ལ་རྒྱབ་སྐྱོར་བྱ་དགོས།

(3) བདེ་ཐང་མཚོ་སྔོན་བསྐྲུན་པར་མུ་མཐུད་དུ་སྐུལ་འདེད་གཏོང་བར་མ་དངུལ་སྒོར་དུང་ཕྱུར24.7བཀོད་སྒྲིག་བྱས་ཡོད་ལ། མི་རེའི་ཆ་སྙོམས་ཀྱི་གཞི་རྩའི་སྤྱི་པའི་འཕྲོན་བསྟེན་ཞབས་ཕྱིའི་གྲོན་དངུལ་དང་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ཇེ་མཐོར་གཏོང་བ་དང་། རིམ་པ་སོ་སོའི་གཞུང་བཙུགས་སྨན་ཁང་གི་ནུས་ཤུགས་ཇེ་དྲག་ཏུ་གཏོང་བར་རྒྱབ་སྐྱོར་དང། གསོ་སྨན་འཕྲོད་བསྟེན་སྒྲིག་གཞིའི་བཅོས་སྒྱུར་གཏིང་ཟབ་ཏུ་སྐུལ་འདེད་གཏང་དགོས། ཟས་རིགས་ཀྱི་བདེ་འཇགས་ཞིབ་བཤེར་དང་ཚད་ལེན་གྲོན་དངུལ་དོན་འཁྱོལ་ལེགས་པོ་བྱས་ཏེ། ཟས་རིགས་སྨན་རྫས་ཀྱི་བདེ་འཇགས་དོ་དམ་ལ་རམ་འདེགས་ཞབས་ཕྱིའི་ལས་གཞི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱ་དགོས།

(4) སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བར་མ་དངུལ་སྒོར་དུང་ཕྱུར164བཀོད་སྒྲིག་བྱས་ཡོད་ལ། ལས་ཞུགས་བརྟན་འཇགས་ཡོང་བར་རྒྱབ་སྐྱོར་ཤུགས་ཚད་ཆེ་རུ་བཏང་ནས། ལས་ཞུགས་ཀྱི་ཁ་གསབ་སྟེར་བ་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་དང་། གྲོང་ཁྱེར་སྡོད་ཁང་ཐབས་ཆག་ཁུལ་གྱི་སྒྱུར་བཀོད་དང་ཞིང་སྡེའི་ཉེན་ཁང་དང་ཁང་རྙིང་སྒྱུར་བཀོད། རོང་འབྲོག་པའི་སྡོད་ཁང་ཆ་རྐྱེན་ཕྱོགས་བསྡུས་ཀྱིས་ལེགས་སྒྱུར་སོགས་བཟོ་སྐྲུན་ལག་བསྟར་ལ་རྒྱབ་སྐྱོར་བྱེད་པ་དང་། རྒན་གསོའི་འགན་སྲུང་དང་སྤྱི་ཚོགས་རོགས་སྐྱོབ། སྤྱི་ཚོགས་ཕན་བདེ། གཟིགས་སྐྱོང་བཀོད་སྒྲིག་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བར་རྒྱབ་སྐྱོར་དང་། ཁེ་ལས་ཀྱི་ལས་བཟོ་བ་དང་ལས་ཁུངས་ལས་དོན་སྡེ་ཚན་གྱི་ལས་འཁྱུར་ངལ་གསོ་མི་སྣའི་རྒན་གསོ་དངུལ་གྱི་ཚད་གཞི་སྙོམ་སྒྲིག་གི་སྲིད་ཇུས་དོན་འཁྱོལ་བྱས་ཐོག དཀའ་ཁག་ཆེ་བའི་དབང་བོ་སྐྱོན་ཅན་གྱི་འཚོ་བ་དང་དབང་བོ་སྐྱོན་ཅན་ཚབས་ཆེན་གྱི་ལྟ་སྐྱོང་ཁ་གསབ་རོགས་དངུལ་སྟེར་བའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱ་དགོས།

(5) བསམ་པའི་རིག་གནས་འཚོ་བ་ཕུན་ཚོགས་སུ་གཏོང་བར་མ་དངུལ་སྒོར་དུང་ཕྱུར13.3བཀོད་སྒྲིག་བྱས་ཡོད་ལ། སྤྱི་པའི་རིག་གནས་ཞབས་ཕྱི་མ་ལག་འཐུས་ཚང་དང་། རིག་གནས་ཞབས་ཕྱིའི་སྒྲིག་ཆས་འགན་སྲུང་། ཞབས་ཕྱིའི་བྱེད་ནུས་འཐུས་ཚང་དུ་གཏང་དགོས། མཚོ་སྔོན་འཁོར་སྐར་འཕྲིན་ལམ་ཡུལ་ཀུན་ཏུ་ཁྱབ་པ་དང“བོད་རྒྱ་སྐད་གཉིས”ཀྱི་དྭངས་གསལ་རྒྱང་སྒྲོག་བརྙན་འཕྲིན་ལྟེ་གནས་བསྐྲུན་པར་རྒྱབ་སྐྱོར་བྱ་དགོས། རིག་དངོས་སྲུང་སྐྱོབ་དང་ཤུལ་བཞག་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ངང་གོང་འཕེལ་གྱི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། དངོས་མང་བཤམས་སྟོན་ཁང་དང་རིག་གནས་ཁང་། དཔེ་མཛོད་ཁང་སོགས་སྤྱི་ཕན་རང་བཞིན་གྱི་རིག་གནས་སྒྲིག་བཀོད་དེ་སྤྱི་ཚོགས་སུ་རིན་མི་ལེན་པར་སྒོ་འབྱེད་པར་མུ་མཐུད་དུ་རྒྱབ་སྐྱོར་བྱ་དགོས།

(6) ཁྲིམས་སྐྱོང་མཚོ་སྔོན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་མ་དངུལ་སྒོར་དུང་ཕྱུར24.6བཀོད་སྒྲིག་བྱས་ཡོད་ལ། ཁྲིམས་འཛིན་སྒྲིག་སྲོལ་བཅོས་སྒྱུར་ཟབ་མོ་བྱེད་པར་རྒྱབ་སྐྱོར་དང་། སྲིད་ཁྲིམས་གྲོན་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཁྲིམས་སའི་དྲུང་ཡིག་དང་ཉེན་རྟོག་པ་ཟུར་བ་གདན་ཞུའི་གྲོན་དངུལ་དོན་འཁྱོལ་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་གསར་སྐྲུན་ལ་རྒྱབ་སྐྱོར་དང་། རྒྱལ་སྲུང་དང་མེ་འགོག མི་དམངས་ཀྱི་མཁའ་ཉེན་འགོག་སྲུང་སོགས་ལས་གྲྭ་བསྐྲུན་པར་རྒྱབ་སྐྱོར་བྱས་ཏེ། མཉམ་སྐྲུན་དང་མཉམ་བཅོས། མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་བསྐྲུན་དགོས།

4. གསར་སྐྲུན་གོང་སྤེལ་ལ་རྒྱབ་སྐྱོར་བྱེད་པའི་ཐད་ལ། མ་དངུལ་སྒོར་དུང་ཕྱུར33.3བཀོད་སྒྲིག་བྱས་ལ། ལོ་སྔོན་མའི་ལོ་མགོའི་སྔོན་རྩིས་ལས22.4%འཕར་ཡོད། དེའི་ནང་དུ་ཞིང་ཆེན་རིམ་པའི་འགྲོ་སྒོ་སྒོར་དུང་ཕྱུར19དང་ཞིང་ཆེན་གྱིས་འོག་རིམ་ལ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར14.3བཀོད་སྒྲིག་ཡོད།

(1) འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་མགྱོགས་མྱུར་ངང་སྟོབས་ཆེན་དུ་གསོ་སྐྱོང་བྱེད་པར་མ་དངུལ་སྒོར་དུང་ཕྱུར2.4བཀོད་སྒྲིག་བྱས་ཡོད་ལ། གྲངས་ཀའི་དཔལ་འབྱོར་དང་གཞི་གྲངས་ཆེན་མོའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང། ཁེ་ལས་ཆུང་འབྲིང་གོང་དུ་སྤེལ་བར་རོགས་སྐྱོར་ཤུགས་ཚད་ཆེ་རུ་གཏོང་བ་དང་། ནུས་སྲི་ཁོར་སྲུང་དང་དྭངས་གཙང་ཐོན་སྐྱེད། དྭངས་གཙང་ནུས་ཁུངས་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྟོབས་ཆེན་དུ་གསོ་སྐྱོང་བྱེད་པར་མུ་མཐུད་དུ་རྒྱབ་སྐྱོར་བྱ་དགོས།

(2) སྲོལ་རྒྱུན་ཐོན་ལས་ཀྱི་རིགས་སྒྱུར་རིམ་འཕར་ལ་མུ་མཐུད་དུ་སྐུལ་འདེད་གཏང་བར་མ་དངུལ་སྒོར་དུང་ཕྱུར15.8བཀོད་སྒྲིག་བྱས་ཡོད་ལ། བཟོ་ལས་ཁེ་ལས་ཀྱི་སྒྲིག་གཞི་སྙོམ་སྒྲིག་ལ་རྒྱབ་སྐྱོར་བྱ་དགོས། ཐོན་ལས་གོང་དུ་སྤེལ་སྟངས་སྙོམ་སྒྲིག་དང་འཐུས་ཚང་དུ་གཏོང་བར་རྒྱབ་སྐྱོར་དང་། ད་སྔ་བཙུགས་ཟིན་པའི་ཐོན་ལས་ཐེབས་རྩ་ལེགས་སྒྱུར་བསྡུ་རུབ་དང་། དངོས་གཉེར་དཔལ་འབྱོར་དང་དམངས་གཉེར་དཔལ་འབྱོར་གོང་སྤེལ་ལ་སྐུལ་འདེད་གཏང་དགོས།

(3) གསར་སྐྲུན་གྱི་སྒུལ་ཤུགས་ནུས་ཤུགས་མཐོར་འདེགས་བྱེད་པར་མ་དངུལ་སྒོར་དུང་ཕྱུར7.9བཀོད་སྒྲིག་བྱས་ཡོད་ལ། ཚན་རྩལ་གསར་སྐྲུན་གྱི་སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་བྱས་ཏེ། ཚན་རྩལ་གྱི་ལས་གཞི་གལ་ཆེན་དང་གཙོ་གནད་ཞིབ་འཇུག་གསར་སྤེལ། མཐོ་རིམ་སློབ་གྲྭའི་ཚན་རིག་ཞིབ་འཇུག་གི་རྨང་གཞིའི་ནུས་ཤུགས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་དགོས། “ཁུ་ནུ་ཕུལ་བྱུང་འཇོན་མི”འགུལ་སྐྱོད་འཆར་གཞི་ལག་བསྟར་ལ་རྒྱབ་སྐྱོར་བྱ་དགོས་ལ། ཁེ་ལས་ཀྱི་ལག་རྩལ་གསར་སྐྲུན་གྱི་བྱེད་པོའི་གོ་གནས་སྔར་བས་ཇེ་དྲག་ཏུ་བཏང་ནས། ཚན་རྩལ་གྲུབ་འབྲས་གཞན་དུ་བསྒྱུར་བར་སྐུལ་འདེད་གཏང་དགོས།

(4) ནོར་སྲིད་ཀྱི་དངུལ་ལོར་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བར་མ་དངུལ་སྒོར་དུང་ཕྱུར7.2བཀོད་སྒྲིག་བྱས་ཡོད་ལ། ཞིང་ལས་ཀྱི་ཉེན་འགོག་རིན་སྲུང་ཁ་གསབ་ཀྱི་སྲིད་ཇུས་འཐུས་ཚང་དུ་བཏང་ནས། ཞིང་ཕྱུགས་ལས་ཀྱི་ཉེན་སྲུང་རྒྱ་བསྐྱེད་པ་དང་དམིགས་ཚད་མཐོར་འདེགས། སྣ་ཁ་ཇེ་མང་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱས་ཏེ། དངུལ་ལོར་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། དངུལ་བསྡུ་ཁག་ཁུར་སོགས་ཕུང་གསུམ་པའི་ལས་སྟེགས་ཀྱིས་གཞུང་བཙུགས་མིན་པའི་དཔལ་འབྱོར་དང་ཁེ་ལས་ཆུང་གྲས་ལ་ཞབས་ཕྱི་སྒྲུབ་པར་རྒྱབ་སྐྱོར་བྱ་དགོས།

5རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་ཁ་གསབ་ཀྱི་ཐད་ལ། མ་དངུལ་སྒོར་དུང་ཕྱུར134.6བཀོད་སྒྲིག་བྱས་ཡོད་ལ། ལོ་སྔོན་མའི་ལོ་མགོའི་སྔོན་རྩིས་ལས92.1%འཕར་ཡོད། དེའི་ནང་དུ་ཞིང་ཆེན་རིམ་པའི་འགྲོ་སྒོ་སྒོར་དུང་ཕྱུར49.8དང་ཞིང་ཆེན་གྱིས་འོག་རིམ་ལ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར84.8བཀོད་སྒྲིག་བྱས་ཡོད། གཙོ་གནད་ཆུ་བེད་གལ་ཆེན་དང་སློབ་གསོ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཁུལ། འཕྲོད་བསྟེན་བདེ་ཐང་། སྤྱི་པའི་བདེ་འཇགས་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་དང་། གཞི་རྩའི་འཛུགས་སྐྲུན་ལས་གཞིའི་བུ་ལོན་གྱི་སྐྱེད་ཀར་ཁ་གསབ་སྤྲོད་པ་དང་ལས་གཞིའི་དུས་མགོའི་འགྲོ་གྲོན་སོགས་ལ་རྒྱབ་སྐྱོར་བྱེད་པར་བཀོལ་རྒྱུ་ཡིན།

གསུམ། 2019ལོའི་ནོར་སྲིད་བྱ་བ་དངོས་གནས་ལེགས་སྒྲུབ་བྱ་དགོས།

2019ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་དང་། རང་རེའི་ཞིང་ཆེན་བཅིངས་འགྲོལ་བྱས་ཏེ་ལོ་འཁོར་བདུན་ཅུ་འཁོར་བའི་ལོ་ཡིན་ལ། རང་རེའི་ཞིང་ཆེན་གྱིས་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁའི་རྟིང་མ་ལེན་པའི་གནད་འགག་གི་ལོ་དེ་ཡང་ཡིན། ཞིང་ཆེན་ཡོངས་ཀྱི་ནོར་སྲིད་བྱ་བ་དེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་འབྲེལ་ཡོད་གྲོས་ཆོད་ལ་དམ་པོར་དམིགས་ནས། དུས་ཐོག་ཏུ་གནས་བབ་གསར་བ་དང་ལས་འགན་གསར་བ། བླང་བྱ་གསར་བར་དམ་དུ་སྦྲེལ་ཐོག“འཐབ་ཇུས་བཞི་ཅན་ལྔ”ལག་བསྟར་གཏིང་ཟབ་སྒོས“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང། བྱ་བའི་བྱེད་ཐབས་ཞིབ་ཅིང་འཐུས་ཚང་དུ་གཏང་དགོས་ཤིང་། ནོར་སྲིད་ཡོང་སྒོ་ཧུར་ཐག་གིས་རྩ་འཛུགས་བྱས་ཏེ་གཙོ་གནད་འགྲོ་སྒོ་འགན་སྲུང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། ནོར་ཁྲལ་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་གཤམ་གྱི་བྱ་བ་དག་ཤུགས་ཡོད་རྒུས་ལེགས་པོར་བསྒྲུབ་དགོས།

(གཅིག) གཏོང་ཡོང་དོ་དམ་ནན་མོར་བཟུང་སྟེ། ནོར་སྲིད་མ་དངུལ་འགན་སྲུང་ནུས་ཤུགས་ཇེ་དྲག་ཏུ་གཏང་དགོས། གཅིག་ནས་ཡོང་སྒོའི་སྤུས་ཚད་དོ་དམ་ཚོད་འཛིན་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ཡོང་སྒོའི་སྤུས་ཚད་དང་ཕན་འབྲས་མུ་མཐུད་ཇེ་ལེགས་སུ་གཏང་དགོས། ཁྲལ་དོན་སོགས་བསྡུ་ལེན་བྱེད་མཁན་ལས་ཁུངས་དང་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་པར་ཤུགས་སྣོན་པ་དང་། ཁྱོན་ཡོངས་ནས་ཁྲལ་འཕྲི་རིན་གཅོག་གི་སྲིད་ཇུས་དོན་འཁྱོལ་ལེགས་པོ་བྱས་ཏེ། སྒྲིག་འགལ་གྱིས་ཁྲལ་དངུལ་ཆག་ཡང་ངམ་རྩ་ཆག་གཏོང་བ་དང་འགྱངས་སྤྲོད་བྱེད་པ་གཏན་འགོག་བྱ་དགོས། བསྡུ་ལེན་དོ་དམ་གྱི་སྟོང་ཆ་ཤུགས་ཆེན་པོས་བཀག་ནས་ཡོང་སྒོ་ཧུར་ཐག་གིས་སྔོག་འདོན་བྱ་དགོས། ནོར་སྲིད་བསྡུ་བའི་བྱ་སྤྱོད་ཚད་ལྡན་དུ་བཏང་ནས། ཡོང་སྒོ་རྫུན་སྤར་དང་ནོར་སྲིད་ཕྱིར་སློག་གཡོ་ལེན་སོགས་ཀྱི་བྱ་སྤྱོད་གཏན་འགོག་དང་རྡུང་རྡེག་ནན་མོ་གཏང་དགོས་ལ། མཛོད་ཁང་བརྗེ་བ་དང་མཛོད་ཁང་བསྲེས་པའི་སྲོལ་འགལ་གྱི་བྱ་སྤྱོད་གཏན་འགོག་ནན་མོ་བྱེད་པ་དང་། ཁྲལ་མ་ཡིན་པའི་ཡོང་སྒོ་རང་དགར་གྱིས་བསྡུ་ལེན་དང་ཕྱིར་གཏོང་བྱེད་པ་གཏན་འགོག་བྱས་ཏེ། ནོར་སྲིད་ཀྱི་ཡོང་སྒོ་འདང་ངེས་མཛོད་ཉར་བྱེད་པར་ཁག་ཐེག་བྱ་དགོས། གཉིས་ནས་ཀྲུང་དབྱང་གི་ཆེད་སྤྱོད་མ་དངུལ་བརྩོན་ལེན་བྱེད་ཤུགས་ཚད་ཆེ་རུ་གཏང་དགོས། དབྱེ་ཞིབ་བརྡ་བསྒྲགས་ལམ་ལུགས་འཐུས་ཚང་དུ་བཏང་ནས། ལྟ་སྐུལ་མཛུབ་སྟོན་ཤུགས་ཚད་ཆེ་རུ་གཏང་བ་དང་། རྒྱལ་ཁབ་སྲིད་ཇུས་ཀྱི་ཁྲིད་ཕྱོགས་དང་མ་དངུལ་གཏོང་ཕྱོགས་དང་དམ་པོར་སྦྲེལ་ནས། མཚོ་སྔོན་གྱི་དམིགས་བསལ་རང་བཞིན་གྱི་རྒྱུ་རྐྱེན་སྔོག་འདོན་གཏིང་ཟབ་བྱས་ཐོག། ལས་གཞིའི་དུས་མགོའི་བྱ་བ་ནན་མོར་འཛིན་པ་དང་། དམིགས་གཏད་རང་བཞིན་ཡོད་པའི་སྒོ་ནས་འབྲེལ་ཡོད་པུའུ་ཨུ་དང་མཐུད་སྦྲེལ་བྱེད་པར་ཤུགས་བསྣན་ནས། ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྣ་ཚོགས་བརྟན་འཇགས་ངང་འཕར་བར་བརྩོན་ལེན་བྱ་དགོས། གསུམ་ནས་སྔོན་རྩིས་ལག་བསྟར་གྱི་ལས་ཚད་ཇེ་མགྱོགས་སུ་གཏང་དགོས། སྔོན་ལ་གཤམ་སྤྲོད་དང་སྔོན་ལ་གཏོང་སྤྲོད། སྤྲོད་དངུལ་སྔ་འདོན། གསོག་ཚད་མ་དངུལ་ཧུར་པོར་སྒྱུར་བ། བུན་འཛིན་སྔོན་འགྲེམས་སོགས་ཀྱི་རྣམ་པ་ཕྱོགས་བསྡུས་སྤྱད་ནས། སྔོན་རྩིས་ལག་བསྟར་དོ་དམ་བྱ་བའི་བརྒྱུད་རིམ་ལེགས་སྒྱུར་དང་། སྔོན་རྩིས་དམིགས་ཚད་མགྱོགས་མྱུར་ངང་གཤམ་སྤྲོད་བྱེད་པ། ཆེད་སྤྱོད་མ་དངུལ་འགུལ་རྣམ་ལྟར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ལས་གཞི་གལ་ཆེན་ལ་ལྟ་སྐུལ་སྣེ་འཁྲིད་སྤེལ་བ་དང་། ལས་གཞི་གང་མགྱོགས་སྒོས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས། མ་དངུལ་བཀོལ་སྤྱོད་ཀྱི་ཕན་འབྲས་འདོན་སྤེལ་བྱ་དགོས། བཞི་ནས་ནོར་སྲིད་ཀྱི་རྒྱུན་མཐུད་རང་བཞིན་ཇེ་དྲག་ཏུ་གཏང་དགོས། ནོར་སྲིད་ཀྱི་རྒྱུན་མཐུད་པའི་འགན་འཁྲི་དངོས་གནས་ཁུར་ཏུ་བླངས་ནས། ཐོག་མཐའ་བར་གསུམ་དུ་ནོར་སྲིད་ཀྱི་རྒྱུན་མཐུད་པའི་འགག་རྩ་དམ་པོར་བཟུང་སྟེ། གནད་དོན་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་བྱ་བའི་བྱེད་ཐབས་ཤུགས་དྲག་ཏུ་བཏང་ནས། གཏོང་ཡོང་སྔོན་རྩིས་ལུགས་མཐུན་གྱིས་བཀོད་སྒྲིག་དང་། ལས་གཞི་གལ་ཆེན་གྱི་རྒྱུན་མཐུད་པའི་ནུས་ཤུགས་དཔྱད་དཔོག་བྱེད་ཤུགས་ཇེ་དྲག་ཏུ་བཏང་ཐོག། རྒྱལ་མཛོད་ཀྱི་མཛོད་དངུལ་དང་གཏོང་ཡོང་མ་དངུལ་ལ་དོ་དམ་ནན་མོར་བྱེད་པ་དང་། མངོན་མིན་བུ་ལོན་སེལ་བ་དང་ཐག་གཅོད་འོས་འཚམ་བྱས་ཏེ། ནོར་སྲིད་འཁོར་སྐྱོད་ཀྱི་བརྟན་འཇགས་རང་བཞིན་དང་ཉེན་ཁ་སྔོན་འགོག་གི་ནུས་ཐོན་རང་བཞིན་ཇེ་དྲག་ཏུ་གཏང་དགོས།

(གཉིས) འགྲོ་སྒོའི་སྒྲིག་གཞི་ལེགས་སྒྱུར་བྱས་ཏེ། གཞི་རྩ་སྲུང་བ་དང་གཙོ་གནད་ལ་སྐུལ་འདེད་བྱ་བ་ཤུགས་ཆེན་པོས་འབུར་དུ་དོད་དགོས། གཅིག་ནས“འགན་གསུམ”འགྲོ་སྒོ་སྔོན་ལ་འགན་སྲུང་བྱ་དགོས། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བཅངས་ནས“འགན་གསུམ”དེ་བྱ་བ་སོ་སོའི་མགོར་འཇོག་དགོས་ལ། “གཞི་རྩའི་ཁྲོད་ཀྱི་གཞི་རྩ་དང་མ་མཐའི་ཁྲོད་ཀྱི་མ་མཐའ”སྲུང་འཛིན་ནན་མོ་བྱ་དགོས། མ་མཐའ་སྲུང་བའི་འགན་འཁྲི་དངོས་གནས་དོན་འཁྱོལ་ལེགས་པོ་བྱ་དགོས་ལ། དཀའ་ཁག་ཆེ་བའི་གྲོང་ཁྱེར(ཁུལ)དང་རྫོང་ལ“གནད་འཁེལ་རོགས་སྐྱོར”བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་རིམ་པ་སོ་སོའི་སྔོན་རྩིས་སྒྲིག་བཟོའི་ཐད་ནས“འགན་གསུམ”དགོས་མཁོ་དོན་འཁྱོལ་ནན་མོ་བྱེད་པར་ལྟ་སྐུལ་བྱ་དགོས། གཉིས་ནས་དམངས་འཚོ་ལེགས་སྒྱུར་ལ་ཤུགས་ཆེན་པོས་སྐུལ་འདེད་གཏང་དགོས། ནུས་པ་དང་བསྟུན་ཏེ་སྒྲུབ་པ་དང་ཅི་ཐུབ་ཀྱིས་སྒྲུབ་པའི་རྩ་དོན་གཞིར་བཟུང་ནས། དམངས་འཚོའི་སྲིད་ཇུས་ཀྱི་དམིགས་ཚད་སྙོམ་སྒྲིག་གི་ཚད་ལུགས་མཐུན་གྱིས་ངེས་པར་བྱས་ཏེ་ནོར་སྲིད་ཀྱི་རྒྱུན་མཐུད་རང་བཞིན་ཇེ་དྲག་ཏུ་གཏང་དགོས། ལས་ཞུགས་བརྟན་འཇགས་སུ་གཏང་རྒྱུ་དེ་འབུར་ཐོན་གྱི་གོ་གནས་སུ་བཞག་ནས། གཙོ་བོ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་ཞིང་བ་གླ་རྒྱག་པ། དམག་ཁོངས་ནས་བུད་པའི་མི་སྣ་བཅས་གཙོ་གནད་ཁྱུ་ཚོགས་ཀྱི་ལས་ཞུགས་ཐག་གཅོད་ལ་རྒྱབ་སྐྱོར་བྱ་དགོས། དམངས་འཚོའི་ཞན་ཆར་དམིགས་ཏེ། སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན་གྱི་ལས་དོན་གོང་སྤེལ་ལ་ཤུགས་ཆེན་པོས་རྒྱབ་སྐྱོར་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ཡོང་སྒོ་ཇེ་མཐོར་གཏང་བར་རྒྱབ་སྐྱོར་སྒོས2019ལོའི་དམངས་འཚོའི་དོན་དངོས་བཟོ་སྐྲུན་ནན་ཏན་སྒོས་ལེགས་པོར་བསྒྲུབ་དགོས། གསུམ་ནི་དབུལ་ཐར་འགག་གཏོར་གཡུལ་འཐབ་རྒྱག་པར་རྒྱབ་སྐྱོར་བྱ་དགོས། ཞིང་ཆེན་ཏང་ཨུའི་དབུལ་ཐར་འགག་གཏོར་གཡུལ་འཐབ་ཀྱི་བྱ་བའི་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། སྲིད་གཞུང་གི་མ་དངུལ་གཏོང་མཁན་དང་གཙོ་ཁྲིད་ཀྱི་བྱེད་ནུས་འདོན་སྤེལ་སྒོས། དབུལ་ཐར་འགག་གཏོར་གྱི་ལས་འགན་དང་འཚམ་པའི་གཏོང་འཇོག་འགན་སྲུང་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ཞིང་ལས་དང་འབྲེལ་བའི་མ་དངུལ་དོན་དམ་སྒོས་བསྡུ་རུབ་ལ་སྐུལ་འདེད་གཏིང་ཟབ་བྱེད་པ་དང་། དབུལ་སྐྱོར་ལས་གཞིའི་མ་དངུལ་གྱི་ལས་ཕྱོད་དོ་དམ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཐོག། དབུལ་སྐྱོར་མ་དངུལ་ལ་འགུལ་རྣམ་ལྟར་ལྟ་སྐུལ་ཚོད་འཛིན་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། དངོས་གནས་དབུལ་སྐྱོར་གྱི་མ་དངུལ་དོ་དམ་ལེགས་པོ་དང་བཀོལ་སྤྱོད་ལེགས་པོ་བྱ་དགོས། ཐོན་སྐྱེད་བྱེད་པར་བྱ་དགའ་དང་ཁ་གསབ་སྟེར་བ་དང་ངལ་ལས་ལ་ཁ་གསབ་རོགས་དངུལ་སྟེར་བ་སོགས་བྱེད་སྟབས་གསར་སྐྲུན་བྱས་ནས། དབུལ་ཕོངས་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ། དབུལ་ཐར་འགག་གཏོར་གྱི་དམིགས་འབེན་ལས་འགན་ཡོོངས་འགྲུབ་བྱེད་པར་སྐུལ་འདེད་གཏང་དགོས། བཞི་ནས་སྐྱེ་ཁམས་སྲུང་སྐྱོང་སྔོན་དུ་བྱེད་པ་ཤུགས་ཆེན་པོས་རྒྱབ་སྐྱོར་བྱ་དགོས། སྐྱེ་ཁམས་དུམ་ཁག་ཆེན་པོ་ལྔའི་འཛུགས་སྐྲུན་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ནས། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གསར་སྐྲུན་ལ་རྒྱབ་སྐྱོར་དང་། རྩྭ་ཐང་དང་བརླན་ས། རྨོ་ཞིང་། ས་རྒོད། ཆུ་མགོ་སོགས་སྐྱེ་ཁམས་ཀྱི་ལས་གྲྭ་གལ་ཆེན་མུ་མཐུད་དུ་བསྐྲུན་ཏེ། མཁའ་དབུགས་དང་ཆུ། ས་གཤིན་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱ་བར་མགྱོགས་མྱུར་ངང་སྐུལ་འདེད་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཐད་ལ་གཏོང་ཆ་ཇེ་མང་དུ་བཏང་ནས། དངོས་གནས་མི་དམངས་འཚོ་སྡོད་ཀྱི་ཁོར་ཡུག་ལེགས་སྒྱུར་བྱ་དགོས། ལྔ་ནས་སྲིད་གཞུང་གིས་མ་དངུལ་གཏོང་ཚད་རན་པོ་སྲུང་འཛིན་བྱ་དགོས། ཀྲུང་དབྱང་གི་སྔོན་རྩིས་ནང་གི་དངུལ་གཏོང་དང་ས་གནས་སྲིད་གཞུང་གི་བུན་འཛིན་སོགས་མ་དངུལ་གཅིག་གྱུར་གྱིས་འཆར་འགོད་ལེགས་པོ་བྱས་ཏེ། འགྲོ་སྒོའི་སྒྲིག་གཞི་སྔར་བས་ལེགས་སྒྱུར་དང་། གཙོ་གནད་རྨང་གཞིའི་སྒྲིག་བཀོད་དང་དབུལ་ཐར་འགག་གཏོར། སྐྱེ་ཁམས་ཁོར་སྲུང་། དམངས་འཚོ་འགན་སྲུང་སོགས་ཁྱབ་ཁོངས་དམིགས་སུ་བཟུང་སྟེ། དུས་མགོ་བྱ་བའི་ཐད་ལ་གྲོན་དངུལ་བཀོད་སྒྲིག་བྱེད་ཚད་ཇེ་མང་དུ་གཏང་བ་དང་། འགྲིལ་སྤྱོད་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཐོག། ལས་གཞི་གལ་ཆེན་ཁག་ཅིག་གྲབས་གསོག་དང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། སྲིད་གཞུང་གིས་མ་དངུལ་བཏང་ནས་འཕར་སྣོན་བརྟན་འཇགས་གཏོང་བའི་ཕྱོགས་ཀྱི་སྐུལ་ཁྲིད་ནུས་པ་སྔར་བས་འདོན་སྤེལ་ལེགས་པོ་བྱ་དགོས།

(གསུམ) ནོར་ཁྲལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། དེང་རབས་ནོར་སྲིད་ལམ་ལུགས་གང་མགྱོགས་ཀྱིས་འཛུགས་དགོས། གཅིག་ནས་ནོར་སྲིད་ཀྱི་དོན་གཅོད་དབང་ཆ་དང་འགྲོ་སྒོའི་འགན་འཁྲི་དབྱེ་གཅོད་ཀྱི་བཅོས་སྒྱུར་ཇེ་མགྱོགས་སུ་གཏང་དགོས། ད་ཡོད་ཀྱི་ནོར་ཤུགས་སྒྲིག་གཞི་དང་གཞི་རྒྱ་སྤྱིའི་ཆ་ནས་བརྟན་འཇགས་ཡིན་པ་སྲུང་འཛིན་བྱས་པའི་རྨང་གཞིའི་སྟེང་། ཞིང་ཆེན་རིམ་པའི་དོན་གཅོད་དབང་ཆ་དང་འགྲོ་སྒོའི་འགན་འཁྲི་འོས་འཚམ་གྱིས་ཇེ་ཆེར་གཏོང་བ་དང་། སློབ་གསོ་དང་འཚུབ་བསྟུན་རོགས་སྐྱོབ། རང་བྱུང་ཐོན་ཁུངས་སོགས་ཁྱབ་ཁོངས་ཀྱི་ནོར་སྲིད་དོན་གཅོད་དབང་ཆ་དང་འགྲོ་སྒོའི་འགན་འཁྲི་དབྱེ་གཅོད་ཀྱི་བྱ་བར་ཧུར་ཐག་གིས་སྐུལ་འདེད་གཏང་དགོས། ཞིང་ཆེན་གྱིས་འོག་རིམ་ལ་སྤོ་སྒྱུར་གཏོང་སྤྲོད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཅོས་སྒྱུར་བྱས་ནས། ཐུན་མོང་གི་ནོར་སྲིད་དོན་གཅོད་དབང་ཆ་གཅིག་སྒྲིལ་གྱིས་སྤོ་སྒྱུར་གཏོང་སྤྲོད་བྱེད་པ་དང་། མ་དངུལ་བགོ་བཤའ་རྒྱག་ཐབས་འཐུས་ཚང་དུ་བཏང་ནས། ཚོད་འཛིན་དང་གཅུན་འདོམས་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། གཉིས་ནས་ཁྲལ་ལུགས་བཅོས་སྒྱུར་ལས་འགན་དུས་ཐོག་ཏུ་དམ་འཛིན་གྱིས་དོན་འཁྱོལ་བྱ་དགོས། རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་བཀོད་སྒྲིག་གཞིར་བཟུང་ནས། མི་སྒེར་གྱི་ཐོབ་ཁྲལ་བཅོས་སྒྱུར་སྲིད་ཇུས་དོན་འཁྱོལ་ལེགས་པོ་བྱེད་པ་དང་། རྒྱལ་ཁབ་ལ་གཞོགས་འདེགས་སྒོས། ཐོན་ཁུངས་དཔྱ་ཁྲལ་དང་རིན་འཕར་དཔྱ་ཁྲལ་བཅོས་སྒྱུར་དང་ཁྲལ་བསྡུ་སྐོར་གྱི་ཁྲིམས་འཛུགས་པར་སྐུལ་འདེད་གཏིང་ཟབ་བྱས་ཏེ། ས་གནས་ཁྲལ་སྲིད་བྱ་བ་ལེགས་སྒྲུབ་དང་ས་གནས་ཀྱི་དཔྱ་ཁྲལ་མ་ལག་འཐུས་ཚང་དུ་གཏང་དགོས། གསུམ་ནས་དམངས་འཐུས་ཚོགས་ཆེན་གྱི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་གྱི་གཙོ་གནད་འགྲོ་སྒོའི་སྔོན་རྩིས་དང་སྲིད་ཇུས་ཕྱོགས་སུ་རྒྱ་བསྐྱེད་པའི་བླང་བྱ་དོན་འཁྱོལ་བྱས་ཏེ། འགྲོ་སྒོའི་སྔོན་རྩིས་དང་སྲིད་ཇུས་ཇེ་གསལ་དུ་གཏང་དགོས། སྡེ་ཁག་གི་སྔོན་རྩིས་དོ་དམ་བྱེད་སྟངས་བཅོས་སྒྱུར་ཟབ་མོ་བྱེད་པ་དང་། ལས་གཞིའི་མཛོད་དོ་དམ་ལམ་ལུགས་འཐུས་ཚང་དང་། ལས་གཞིར་དཔྱད་ཞིབ་རོགས་སྒྲུབ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། མཛོད་ཉར་ལས་གཞིའི་སྤུས་ཚད་ཇེ་ལེགས་སུ་གཏང་དགོས། འགྲོ་སྒོའི་ཚད་གཞི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། སྲིད་གཞུང་སྡེ་ཁག་གི་འགྲོ་སྒོའི་ཆུ་ཚད་ཚོད་འཛིན་བྱེད་ཚད་ཇེ་དམ་དུ་གཏང་དགོས། བཞི་ནས་ས་གནས་ཀྱི་རྒྱལ་དབང་དངུལ་ལོར་མ་རྩའི་དོ་དམ་འཐུས་ཚང་དུ་བཏང་ནས། རྒྱལ་དབང་དངུལ་ལོར་མ་རྩའི་མ་དངུལ་གཏོང་མཁན་གྱི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། རྒྱལ་དབང་དངུལ་ལོར་མ་རྩར་བསྡོམས་རྩིས་ལྟ་བཤེར་བྱ་བ་ལེགས་པོར་བསྒྲུབས་ནས། ས་གནས་རྒྱལ་དབང་དངུལ་ལོར་མ་རྩར་ཕྱོགས་བསྡུས་གཅིག་གྱུར་གྱིས་དོ་དམ་བྱེད་པར་ཏན་ཏིག་གིས་སྐུལ་འདེད་གཏང་དགོས། སྲིད་འཛིན་དོན་ལས་རང་བཞིན་གྱི་རྒྱལ་དབང་རྒྱུ་ནོར་དོ་དམ་ལམ་ལུགས་དང་རྒྱལ་དབང་རྒྱུ་ནོར་སྙན་ཞུ་འབུལ་བའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། རྒྱལ་དབང་རྒྱུ་ནོར་ཕྱོགས་བསྡུས་ཀྱིས་སྙན་ཞུ་དང་སྲིད་འཛིན་དོན་ལས་རང་བཞིན་གྱི་རྒྱལ་དབང་རྒྱུ་ནོར་ཆེད་དོན་སྙན་ཞུ་འབུལ་བའི་བྱ་བ་ལེགས་པོར་བསྒྲུབ་དགོས། ལྔ་ནས་སྲིད་གཞུང་གི་སྣེ་འཁྲིད་པའི་ཐེབས་རྩ་སྣ་ཚོགས་བསྡུ་རུབ་བྱ་དགོས། དོན་དམ་པའི་བྱེད་ནུས་ད་དུང་མ་བཏོན་པ་དག་གཅིག་གྱུར་གྱིས་བསྡུ་རུབ་བྱེད་པ་དང་། གཙོ་བོ“དོན་དག་བཞི་ལེགས་པོ་བསྒྲུབ་པར”རྒྱབ་སྐྱོར་བྱ་དགོས། བཙུགས་ཟིན་པར་མ་ཟད་འཁོར་སྐྱོད་བྱེད་བཞིན་པ་དག་ལ། འཁོར་སྐྱོད་ལ་ཚད་ལྡན་གྱིས་དོ་དམ་བྱེད་པར་ལྟ་སྐུལ་བྱ་དགོས། མ་དངུལ་སྔར་ལས་མང་པོ་སྔོག་འདོན་བྱས་ཏེ“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་གཙོ་གནད་ཁྱབ་ཁོངས་དང་ཉམ་ཞན་པའི་ཁག་ལ་གཏང་དགོས། དྲུག་ནས་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏང་དགོས། ཡོངས་བསྒྲགས་བྱེད་པ་རྒྱུན་རྣམ་དང་ཡོངས་བསྒྲགས་མི་བྱེད་པ་དམིགས་བསལ་ཡིན་པ་རྒྱུན་འཁྱོངས་བྱས་ཏེ། སྔོན་རྩིས་ཡོངས་བསྒྲགས་ཀྱི་ནང་དོན་དང་ཁྱབ་ཁོངས་མུ་མཐུད་དུ་ཇེ་ཆེར་གཏང་དགོས་ལ། སྔོན་རྩིས་ཡོངས་བསྒྲགས་བྱེད་སྟངས་དང་བྱེད་ཐབས་འཐུས་ཚང་དུ་བཏང་ཐོག སྔོན་རྩིས་ངེས་རྩིས་ཡོངས་བསྒྲགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱེད་ཤུགས་ཇེ་ཆེར་བཏང་ནས། ཆ་འཕྲིན་ཡོངས་བསྒྲགས་ཀྱི་སྤུས་ཚད་ཁྱོན་ཡོངས་ནས་ཇེ་ལེགས་སུ་བཏང་སྟེ། ཕྱི་གསལ་ནང་གསལ་གྱི་སྔོན་རྩིས་ལམ་ལུགས་ཚད་ལྡན་ཅན་འཛུགས་པར་སྐུལ་འདེད་གཏང་དགོས།

(བཞི) ལས་ཕྱོད་དོ་དམ་ཤུགས་དྲག་ཏུ་བཏང་ནས། མ་དངུལ་བཀོལ་སྤྱོད་ཀྱི་ཕན་འབྲས་ཤུགས་ཆེན་པོས་མཐོར་འདེགས་གཏང་དགོས། གཅིག་ནས་ཕྱོགས་ཡོངས་ནས་དོ་དམ་གྱི་རྣམ་པ་བསྐྲུན་དགོས། ཞིང་ཆེན་གྱིས་འོག་རིམ་ནོར་སྲིད་ལ་དོ་དམ་དང་ཞིང་ཆེན་རིམ་པའི་སྔོན་རྩིས་དོ་དམ་ཕྱོགས་བསྡུས་ལས་ཕྱོད་ཀྱི་དཔྱད་འཇོག་བྱེད་སྟངས་བཅོས་སྒྱུར་ཟབ་མོ་བྱས་ཏེ། སྲིད་གཞུང་གི་སྔོན་རྩིས་དང་། སྡེ་ཁག་དང་སྡེ་ཚན་གྱི་སྔོན་རྩིས་ལས་ཕྱོད་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་གཏང་དགོས། སྲིད་ཇུས་དང་ལས་གཞིའི་ལས་ཕྱོད་དོ་དམ་ལག་བསྟར་བྱས་ནས། སྲིད་ཇུས་དང་ལས་གཞིའི་སྔོན་རྩིས་མ་དངུལ་གྱི་བཀོལ་སྤྱོད་ཕན་འབྲས་ཕྱོགས་བསྡུས་སྒོས་ཚད་འཇལ་ཏེ། འགུལ་རྣམ་ལྟར་གདེང་འཇོག་དང་སྙོམ་སྒྲིག་གི་རྐྱེན་སྲོལ་བཙུགས་ནས། སྲིད་ཇུས་དང་ལས་གཞི་ལག་བསྟར་གྱི་ཕན་འབྲས་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་གཏང་དགོས། གཉིས་ནས་བརྒྱུད་རིམ་ཡོངས་ལ་དོ་དམ་གྱི་སྦྲེལ་ཐག་འཛུགས་དགོས། ལས་ཕྱོད་དམིགས་འབེན་སྒྲིག་འཛུགས་དེ་སྔོན་རྩིས་བཀོད་སྒྲིག་གི་སྔོན་འགྲོའི་ཆ་རྐྱེན་དུ་བཞག་ནས། ལས་ཕྱོད་དམིགས་འབེན་ལ་དཔྱད་ཞིབ་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། ལས་ཕྱོད་དམིགས་འབེན་གསལ་ཐག་མི་ཆོད་པ་དང་འཐུས་ཚང་མིན་པའམ་སྒྲིག་བཟོའི་སྤུས་ཚད་མི་མཐོ་བར་སྔོན་རྩིས་བཀོད་སྒྲིག་ཉུང་དུ་གཏོང་བའམ་བཀོད་སྒྲིག་མི་བྱེད། ལས་ཕྱོད་འཁོར་སྐྱོད་ལ་ངེས་པ་དོན་གྱི་ལྟ་སྐུལ་ཚོད་འཛིན་བྱས་ནས། ལས་ཕྱོད་དམིགས་འབེན་མངོན་འགྱུར་བྱས་ཚད་དང་སྔོན་རྩིས་ལག་བསྟར་གྱི་འགྲོས་ཚད་ལ“ལྟ་སྐུལ་ཚོད་འཛིན་ཟུང”ལས་བསྟར་བྱེད་པ་དང། ཉེན་བརྡ་ཡོ་བསྲང་རྐྱེན་སྲོལ་བསྐྲུན་དགོས། ལས་ཕྱོད་གདེང་འཇོག་གི་བྱ་བ་ཤུགས་དྲག་ཏུ་བཏང་སྟེ། སྲིད་ཇུས་གལ་ཆེན་དང་གཙོ་གནད་ལས་གཞིའི་ལས་ཕྱོད་དཔྱད་འཇོག་གི་རྒྱུན་རྣམ་རྐྱེན་སྲོལ་བཙུགས་ནས། གདེང་འཇོག་བྱ་བའི་སྤུས་ཚད་ཇེ་ལེགས་སུ་གཏང་དགོས། ལས་ཕྱོད་མཇུག་འབྲས་ཀྱི་བཀོལ་སྤྱོད་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ལས་ཕྱོད་མཇུག་འབྲས་དེ་སྔོན་རྩིས་བཀོད་སྒྲིག་དང་སྲིད་ཇུས་སྙོམ་སྒྲིག་གི་གཞི་འཛིན་ས་གཙོ་བོར་བཞག་སྟེ། ལས་ཕྱོད་ཀྱི་ཚོད་འཛིན་དངོས་གནས་ཇེ་དྲག་ཏུ་གཏང་དགོས། གསུམ་ནས་ཡོངས་སུ་ཁྱབ་པའི་དོ་དམ་མ་ལག་འཐུས་ཚང་དུ་གཏང་དགོས། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ལས་ཕྱོད་དོ་དམ་མ་ལག་བསྐྲུན་པའི་རྨང་གཞིའི་སྟེང་། སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་དང་རྒྱལ་དབང་མ་རྩའི་ཚོང་གཉེར་སྔོན་རྩིས། སྤྱི་ཚོགས་འགན་སྲུང་ཐེབས་རྩའི་སྔོན་རྩིས་བཅས་རིམ་བཞིན་ལས་ཕྱོད་དོ་དམ་ཁྲོད་བཅུག་ནས། སྔོན་རྩིས་བཞིའི་བར་གྱི་མཐུད་སྦྲེལ་ཤུགས་དྲག་ཏུ་གཏང་དགོས། སྲིད་གཞུང་གི་དངུལ་གཏོང་ཐེབས་རྩ་དང་སྲིད་གཞུང་གི་ཉོ་སྒྲུབ། སྲིད་གཞུང་གིས་ཞབས་ཕྱི་ཉོ་སྒྲུབ། སྲིད་གཞུང་གི་བུ་ལོན་ལས་གཞི་བཅས་ཀྱི་ལས་ཕྱོད་དོ་དམ་ཧུར་ཐག་གིས་སྤེལ་དགོས།

(ལྔ) བུ་ལོན་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ནོར་སྲིད་ཀྱི་ཉེན་ཁ་རྩ་བ་ནས་འགོག་སེལ་གཏང་དགོས། གཅིག་ནས་ས་གནས་སྲིད་གཞུང་གི་བུ་ལོན་གྱི་བཅད་གྲངས་དོ་དམ་དང་སྔོན་རྩིས་དོ་དམ་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། ཉེན་འགོག་དང་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་བར་གྱི་འབྲེལ་བ་ཁོང་དུ་ལེགས་པོར་ཆུད་དགོས་ལ། ས་གནས་སྲིད་གཞུང་གི་གསར་འཕར་བུ་ལོན་བཅད་གྲངས་ཀྱི་གཞི་རྒྱ་འོས་འཚམ་སྒོས་ནོར་སྲིད་ཀྱི་སྟོབས་ཤུགས་ཆེ་བ་དང་བུ་ལོན་གྱི་ཉེན་ཁ་ཅུང་དམའ་བའི་ས་ཁུལ་དུ་ཕྱོགས་དགོས། གཉིས་ནས་ཆེད་སྤྱོད་བུན་འཛིན་དོ་དམ་བྱེད་སྟངས་བཅོས་སྒྱུར་ལ་བརྟན་འཇགས་ངང་སྐུལ་འདེད་བཏང་ནས། ལས་གཞི་ཚོད་འཛིན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། གཟབ་ནན་སྒོས་ཆེད་སྤྱོད་བུན་འཛིན་དང་ལས་གཞི་ཕན་ཚུན་འཕྲོད་པར་བྱེད་ཅིང་། ཆེད་སྤྱོད་བུན་འཛིན་བཀོལ་སྤྱོད་ཁྱབ་ཁོངས་ལུགས་མཐུན་གྱིས་ཇེ་ཆེར་བཏང་ནས། སྐྲུན་བཞིན་པའི་ལས་གཞི་བརྟན་འཇགས་ངང་འཛུགས་སྐྲུན་བྱེད་པར་སྔོན་ལ་རྒྱབ་སྐྱོར་བྱ་དགོས། གསུམ་ནས་ས་གནས་སྲིད་གཞུང་གི་བུ་ལོན་ཉེན་ཁར་དཔྱད་དཔོག་དང་ཉེན་བརྡའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཐོག། ས་གནས་སྲིད་གཞུང་གི་བུ་ལོན་དོ་དམ་ལས་ཕྱོད་ལ་གདེང་འཇོག་བྱ་ཚུལ་ཞིབ་འཇུག་བྱེད་ཅིང་། ས་གནས་སྲིད་གཞུང་གི་བུ་ལོན་ཆ་འཕྲིན་ཡོངས་བསྒྲགས་བྱ་བ་ལེགས་པོར་བསྒྲུབས་ནས། དངུལ་བསྡུ་ལས་སྟེགས་སྤྱི་གཉེར་ཁང་ཚོང་ར་ཅན་དུ་བསྒྱུར་བར་སྐུལ་འདེད་གཏང་དགོས། བཞི་ནས་མངོན་མིན་བུ་ལོན་འཕར་བར་རྦད་དེ་གཏན་འགོག་བྱས་ཏེ། སྲིད་གཞུང་གི་མངོན་མིན་བུ་ལོན་གསོག་ཚད་དངོས་གནས་སེལ་དགོས་ལ། མ་མཐའ་ཡང་ས་ཁོངས་རང་བཞིན་དང་མ་ལག་རང་བཞིན་གྱི་ཉེན་ཁ་བརྟན་པོར་བསྲུང་དགོས། ལྟ་སྐུལ་འདྲི་རྩད་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ཁྲིམས་འགལ་སྲོལ་འགལ་གྱི་དངུལ་བསྡུ་ཁག་ཁུར་བྱ་སྤྱོད་ཞིབ་གཅོད་དང་འདྲི་རྩད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བུ་ལོན་ལེན་པའི་རྙོང་འཛིང་གི་སྣང་ཚུལ་བཅོས་སྐྱོང་ནན་མོ་བྱས་ཏེ། ཚེ་གང་བོར་འགན་འཁྲི་འདྲི་རྩད་དང་ལྡོག་བཤེར་བྱ་དགོས།

འཐུས་མི་རྣམ་པ། 2019ལོར་ཞིང་ཆེན་ཡོངས་ཀྱི་ནོར་སྲིད་བཅོས་སྒྱུར་དང་གོང་སྤེལ་གྱི་ལས་འགན་ལྗིད་ཅིང་དཀའ་ཚེགས་ཧ་ཅང་ཆེ་བས། ང་ཚོས་ཐེངས་འདིའི་ཚོགས་ཆེན་གྱི་གྲོས་ཆོད་ནན་ཏན་སྒོས་དངོས་འབེབས་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་བླང་བྱ་ལྟར། རང་འགུལ་སྒོས་སྤྱི་ཡོངས་ལ་ཞབས་ཕྱི་སྒྲུབ་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་འོས་འགན་ཡིད་ལ་དམ་པོར་བཅངས་ནས། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དཀའ་སྤྱད་འབད་བརྩོན་སྒོས་དམིགས་འབེན་ལས་འགན་སྣ་ཚོགས་ཧུར་ཐག་གིས་ཡོངས་འགྲུབ་བྱས་ཏེ། རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ཁག་ཐེག་དང་སྔར་ལས་འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་བ་བསྐྲུན་པར་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་དགོས།