ལིག་ཉིང་གིས་སྣོད་བཅུད་སྲུང་སྐྱོང་གི་ལས་ཀར་རྟོག་ཞིབ་བྱེད་དུས་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་འཛུགས་སྐྲུན་ལ་འབད་འབུངས་དང་། རབ་མཛེས་མཚོ་སྔོན་གྱི་བརྩེ་བ་ཅི་དགར་ངོམ་དགོས་པ་ནན་གྱིས་བསྟན།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2པའི་ཚེས11ཉིན། ལོ་སར་གྱི་གུང་གསེང་སྐབས་སུ་ལས་ཚོགས་ལ་ཞུགས་པའི་ཉིན་དང་པོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་ལིག་ཉིང་རྨ་འབྲི་རྫ་གསུམ་འབྱུལ་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དང་། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་བཅས་སུ་ཕྱིན་ནས་སྣོད་ཅུད་སྲུང་སྐྱོབ་ཀྱི་ལས་དོན་ལ་རྟོག་ཞིབ་གནང་བ་དང་། ལས་བྱེད་ལས་བཟོ་པ་རྣམས་ལ་ལོ་སར་གྱི་འཚམས་འདྲི་གནང་། ཁོས་འདི་སྐད། ཞི་ཅིན་ཕིང་གི་སྣོད་བཅུད་དཔལ་ཡོན་གྱི་བསམ་བློར་གོ་བ་ཟབ་མོ་བླངས་ཏེ། དུས་རབས་གསར་པའི་སྣོད་བཅུད་དཔལ་ཡོན་དར་སྤེལ་གྱི་“རྩ་དོན་ཆེན་པོ་དྲུག”ཡོངས་སུ་ཁོང་དུ་ཆུད་པ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བྱས་པའི་རང་བྱུང་སྲུང་སྐྱོང་བྱ་ཡུལ་གྱི་མ་ལག་ལྡན་པའི་དཔེ་སྟོན་ཞིང་ཆེན་གང་མགྱོགས་འཛུགས་སྐྲུན་བཅས་འབད་པ་ཆེན་པོས་སྔོན་ཐོན་དང་ཡང་རྩེར་བསྙེགས་ཏེ། འཛམ་གླིང་གི་མི་རྣམས་ལ་ཐུན་མོང་མ་ཡིན་པའི་རྒྱལ་ཁབ་སྤྱི་གླིང་གི་ཞིང་ཆེན་ཞིག་དང་རབ་མཛེས་མཚོ་སྔོན་གྱི་བརྩེ་བ་ཅི་དགར་ངོམ་དགོས་ཞེས་བསྟན།

ལིང་ཉིང་གིས་ལས་བྱེད་ལས་བཟོ་པ་རྣམས་དང་བཞུགས་མོལ་གནང་དུས། རྨ་འབྲི་རྫ་གསུམ་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟ་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དང་། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་བཅས་ཀྱིས་སྣོད་བཅུད་སྲུང་སྐྱོང་གི་ལས་དོན་ལ་སྐུལ་སྤེལ་བྱས་པའི་ཆ་ལ་གྲུབ་འབྲས་བཟང་པོ་བླངས་པར་ཁས་ལེན་གང་ལེགས་གནང་བའི་ཞོར་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ལས་བྱེད་ལས་བཟོ་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་ལོ་སར་གྱི་བཀྲ་ཤིས་སྨོན་འདུན་ཞུས།

ལིག་ཉིང་གིས་འདི་སྐད། 2019ལོ་ནི་རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་འཛུགས་འགོ་བསླངས་པའི་ལོ་ཡིན་ལ། རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟ་བྱས་པའི་གནད་འགག་གི་ལོ་ཡང་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་སློབ་སྟོན་དུ་བཟུང་སྟེ། རྒྱལ་སྤྱིའི་མཐོང་རྒྱ་བསྐྱེད་ཅིང་། རྒྱལ་ཁབ་ཀྱི་འཐབ་ཇུས་གསེས་ནས་སྲིད་ཇུས་ལམ་ལུགས་ལ་རང་རྟོགས་ཀྱིས་ཞིབ་འཇུག་དང་། ལོ་ཧྲིལ་པོའི་སྤྱི་བསྒྲགས་ལམ་ལུགས་འཐུས་ཚང་། དྲིལ་སྒྲོག་རྣམ་པ་གསར་གཏོད་བཅས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་འགོ་སློང་བའི་ཚོགས་ཆེན་ལ་ནུས་རྒུ་བཏོན་ནས་སྟ་གོན་ཡག་པོ་བྱེད་དགོས་ཤིང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་རྒྱུན་བཟང་པོ་བསྐྱངས་ཏེ། རྒྱལ་ཁབ་སྤྱི་གླིང་ཞིང་ཆེན་འཛུགས་སྐྲུན་གྱི་གོ་རིམ་ནང་དུ་རི་སྔོ་ཆུ་དྭངས་ནི་གསེར་རི་དང་དངུལ་རི་ཡིན་པའི་བསམ་བློ་ཉམས་སུ་ལེན་པ་དང་། རི་ཆུ་ནགས་ཞིང་མཚེའུ་སྤང་ལྗོངས་ནི་ཚེ་སྲོག་ཐུན་མོང་ལ་དབང་བའི་མ་ལག་གི་སྐྱེ་ཁམས་ཡིན་པའི་ལྟ་བ་དར་སྤེལ་བྱས་ནས་བཅོས་སྒྱུར་གདོང་ལེན་པ་བསོད་ནམས་དར་རྒྱས་ཀྱི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་བྱེད་པ་དང་། ལམ་ལུགས་བཙན་པོ་དང་ཁྲིམས་སྐྱོང་གཟབ་ནན་གྱི་སྒོ་ནས་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱས་ནས་སྣོད་བཅུད་དམངས་ཕན་དང་། སྣོད་བཅུད་དམངས་དོན་གྱི་ཆེད་ཡིན་པ་དོན་ཐོག་ལ་སྨིན་ཐུབ་དགོས་ཞེས་བསྟན།

ལིག་ཉིང་གིས། མཚོ་སྔོན་གསར་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་དང་། རྒྱལ་ཁོངས་ལྗང་སྒྱུར་གྱི་ལོ་གསུམ་འཆར་འགོད་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་ཏེ། སྔོ་ཞིང་བསངས་ལ་ལྗང་མདོག་གི་གནམ་སའི་བར་སྟོང་གི་བསྡུར་ཚད་དང་སྤུས་ཚད་རྒྱུན་མཐུད་མཐོར་འདེགས་གཏང་དགོས་པ་དང་། མདོ་ལ་རི་བོའི་སྣོད་བཅུད་ཁོར་སྲུང་ལ་མཐོང་ཆེན་ཚད་མེད་གནང་སྟེ། སྣོད་བཅུད་སྲུང་སྐྱོང་གི་ལས་གཞི་གཅིག་གྱུར་སྐུལ་སྤེལ། ནགས་ལས་དང་རྩྭ་ཐང་ལ་བཅོས་སྒྱུར་ཟབ་མོ་བྱས་ནས“རྩྭ་ས་གཅིག་ལ་ཇུས་གཅིག”ཡིན་པའི་རྒྱལ་ཁོངས་ནགས་ར་བཅོས་སྒྱུར་ལ་སྐུལ་སྤེལ་བཅས་བྱས་ནས་རྩྭ་ས་མཉམ་སྤེལ་མངོན་འགྱུར་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”། ཞིང་ཆེན་ཡོངས་ཀྱི་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་གི་ལས་ལ་སྐུལ་སྤེལ་ཤུགས་ཆེན་བྱས་ནས་བྱས་རྗེས་གསར་པ་འཇོག་དགོས་ཞེས་བསྟན།

ཁོན་ཐར་འཚོས་བསྒྱུར།