གསང་སྤྱོད་གསར་བརྗེ་ལ་སྐུལ་འདེད་བྱས་ནས་གྲོང་གསེབ་སྔར་ལས་མཛེས་སྡུག་ལྡན་པར་བྱ་དགོས།

ཉེ་ཆར་ཀྲུང་དབྱང་ཞིང་ལས་གཞུང་ལས་ཁང་དང་། ཞིང་ལས་གྲོང་གསེབ་པུའུ།རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་པུའུ་ཨུ8ཀྱིས་མཉམ་འབྲེལ་ཐོག<< གྲོང་གསེབ་ཀྱི་སྤྱོད་ཁང་གསར་བརྗེ་སྐུལ་འདེད་གཏོང་བའི་ཆེད་དོན་བྱེད་སྒོའི་སློབ་སྟོན་བསམ་འཆར>>པར་འགྲེམས་བྱས། <<བསམ་འཆར>>ནང"གོ་རིམ་ལྡན་པའི་ངང་གོང་དུ་སྤེལ་བ་དང་།སྤྱི་ཡོངས་ནས་གོང་དུ་སྤེལ་བ།སྦུག་ལམ་གལ་ཆེ་མཉམ་འཛིན།ཡུན་ཕན་འཁོར་སྐྱོད"བཅས་ཀྱི་གཞི་རྩའི་བསམ་ཕྱོགས་ལྟར། ཐོག་མར་ཚོད་ལྟའི་དཔེ་སྟོན་དང་།རྗེས་སུ་ཁྱབ་སྤེལ།དེ་ནས་སླར་ཡང་ཧྲིལ་པོ་གོང་སྤེལ། ཞིང་པ་མང་ཚོགས་ལ་གསང་སྤྱོད་དང་གཙང་སྦྲའི་གོམས་སྲོལ་བཟང་པོ་ཆགས་པར་ཁྲིད་སྟོན་བྱེད་པ་དང་།ཞིང་པ་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་ཚོར་བ་དངོས་གནས་ཇེ་ཆེར་གཏང་དགོས་པ་བསྟན། (ཟླ་1ཚེས22ཉིན་ཀྲུང་གོའི་དྲ་གསར།)

གྲོང་གསེབ་ཀྱི་སྤྱོད་ཁང་ནང་བཙོག་པ་སོགས་ཀྱི་སྣང་ཚུལ་ཚབས་ཆེ་བས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་གནས་སྡོད་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་དཀའ་གནད་ཡིན། ལོ་སར་སྐབས་སུ། ཕ་ཡུལ་དུ་ལོག་ནས་ལོ་གསར་གཏོང་བའམ་ཡང་ན་གྲོང་གསེབ་ཏུ་ཡུལ་སྐོར་དང་། ཁྱིམ་ཚང་ལ་འགྲོ་བའི་གྲོགས་པོ་མང་པོ་ཞིག་གི་ངན་བཤད་མང་ཤོས་ནི་གྲོང་གསེབ་ཀྱི་སྤྱོད་ཁང་རེད།

ཐེངས་འདིའི<<བསམ་འཆར>>ནང་གྲོང་གསེབ་ཀྱི"སྤྱོད་ཁང་གསར་བརྗེ"ལ་སྐུལ་འདེད་གཏོང་བར་ལམ་ཐིག་དཔེ་རིས་དང"དུས་ཚོད་རེའུ་མིག"གསལ་པོ་བཏོན་ཡོད་པ་དཔེར་ན།2020ལོར་ཤར་རྒྱུད་ས་ཁུལ་དང་དབུས་ནུབ་རྒྱུད་ཀྱི་གྲོང་ཁྱེར་ཉེ་འདབས་ཁུལ་སོགས་སུ་རྨང་གཞི་ཡོད་པ་དང་།ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་གཞི་རྩའི་ཆ་ནས་ལེགས་པར་གྲུབ་ཡོད་པ་རེད། ཐོན་ཁུངས་ཅན་དུ་བེད་སྤྱོད་ཐུབ་པ་དང་། དོ་དམ་དང་སྲུང་སྐྱོང་གི་ཡུན་ཕན་ལམ་སྲོལ་རགས་ཙམ་བཙུགས་ཡོད་པ་རེད། <<བསམ་འཆར>>ནང་ལས་འགན་གཙོ་བོ་བཏོན་ཏེ། གྲོང་གསེབ་ཀྱི་གསང་སྤྱོད་ཁང་དང་སྤྱི་པའི་གསང་སྤྱོད། ཡུལ་སྐོར་གསང་སྤྱོད་སོགས་ཀྱི་དོན་དངོས་ཤེས་རྟོགས་ཐུབ་པ་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་གསང་སྤྱོད་ཇུས་འགོད་དང་། གསང་སྤྱོད་ཚད་གཞི་དང་བྱེད་སྟངས་གདམ་གསེས་ལུགས་མཐུན་བྱེད་དགོས་པའི་བླང་བྱ་བཏོན། <<བསམ་འཆར>>ནང་གྲོང་གསེབ་ཀྱི"གསང་སྤྱོད་གསར་བརྗེ"ལ་ཐུག་སྲིད་པའི་གནད་དོན་ཚང་མ་བསམ་བློ་འཁོར་བ་དང་།གྲོང་གསེབ་ཏུ"སྤྱོད་ཁང་གསར་བརྗེ"བྱེད་པའི་ཆེད་དོན་བྱེད་སྒོ་དེས་གྲོང་གསེབ་ཀྱི་གསང་སྤྱོད་གང་བྱུང་དུ་འགྱུར་ལྡོག་དངོས་འབྲེལ་གཏོང་ཐུབ་པའི་རེ་བ་ཡོད་པ་དང་། དམངས་ཚོགས་ཀྱི་ཐོབ་འདོད་དང་བདེ་སྐྱིད་ཀྱི་ཚོར་བ་ཇེ་མཐོར་གཏང་དགོས་ཞེས་བཏོན་ཡོད།

ལོ་ཙཱ་བ།རྟ་མགྲིན་དཔལ།