ཀྲུང་དབྱང་ཞིང་ལས་གཞུང་སྒྲུབ་ཁང་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་པུའུ་དང་ཨུ་ཡོན་ལྷན་ཁང་བརྒྱད་ཀྱིས་མཉམ་འབྲེལ་སྒོས་ཞིང་སྡེའི་སྤྱོད་ཁང་གསར་བརྗེ་ཆེད་དོན་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར་འགྲེམ་སྤེལ་བྱས།

ཉེ་ལམ། ཀྲུང་དབྱང་ཞིང་ལས་གཞུང་སྒྲུབ་ཁང་དང་ཞིང་ལས་ཞིང་སྡེ་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་པུའུ་དང་ཨུ་ཡོན་ལྷན་ཁང་བརྒྱད་ཀྱིས་མཉམ་འབྲེལ་སྒོས་ཞིང་སྡེའི་སྤྱོད་ཁང་གསར་བརྗེ་ཆེད་དོན་འགུལ་སྐྱོད་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར་འགྲེམ་སྤེལ་བྱས། བསམ་འཆར་ལས་བསྟན་དོན། གོ་རིམ་ལྡན་པར་ལག་བསྟར་བྱེད་པ་དང་སྤྱི་ཡོངས་ཇེ་མཐོར་གཏོང་བ། འཛུགས་སྐྲུན་དང་དོ་དམ་མཉམ་འཛིན་བྱེད་པ། ནུས་ལྡན་བཀོལ་སྤྱོད་བཅས་ཀྱི་གཞི་རྩའི་བསམ་ཕྱོགས་ལྟར། སྔོན་ལ་ཚོད་ལྟ་བྱེད་པ་དང་རྗེས་ནས་ཁྱབ་གདལ་དུ་གཏོང་བར་མ་ཟད་སྤྱི་ཡོངས་ཡང་བསྐྱར་ཇེ་མཐོར་བཏང་སྟེ་ཞིང་སྡེའི་སྤྱོད་ཁང་ཚད་གཞི་ཅན་དུ་འཛུགས་སྐྲུན་བྱེད་པ་དང་དོ་དམ་ཚད་ལྡན་ཅན་དུ་གཏོང་བ། ལྟ་སྐུལ་སྤྱི་ཚོགས་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་དགོས་ལ། རྒྱ་ཆེའི་ཞིང་བ་མང་ཚོགས་ལ་འཕྲོད་བསྟེན་ཕྱོགས་ཀྱི་གོམས་སྲོལ་བཟང་བོ་ཆགས་པར་སྣེ་ཁྲིད་བྱས་ནས་ཞིང་བ་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སྣང་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ཟེར།