མང་རྫོང་རྩྭ་ལས་ཀུང་སིས“གཅིག་ལ་དཀའ་ངལ་བྱུང་ན། ཀུན་གྱིས་རོགས་རམ་བྱེད”ཅེས་པའི་སྙིང་སྟོབས་དར་སྤེལ་བྱས་པ།

  

ལོ་སར་གྱི་སྐབས་སུ་ཡུལ་ཤུལ་གྲོང་ཁྱེར་རྫ་སྟོད་རྫོང་སོགས་ས་ཁུལ་མང་ཆེ་བར་ཁངས་ཆེན་བབས་ནས། ས་གནས་མང་ཚོགས་ལ་གནོད་སྐྱོན་ཅུང་ཆེན་པོ་བཟོས་ཡོད་པ་རེད། གནོད་སྐྱོན་བྱུང་རྗེས་མཚོ་སྔོན་ཞིང་ཆེན་གཙང་གསུམ་འགོ་ཁུངས་སྡེབ་ཚོགས་ཀྱི་མངའ་འོག་མང་རྫོང་རྩྭ་ལས་ཀུང་སིས “ གཅིག་ལ་དཀའ་ངལ་བྱུང་ན། ཀུན་གྱིས་རོགས་རམ་བྱེད”ཅེས་པའི་སྙིང་སྟོབས་དར་སྤེལ་བྱས་ཏེ། ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་དང་ཞིང་ཆེན་གཙང་སྡེབ་ཚོགས་ཀུང་སིའི་ཏང་ཨུའི་བཀོད་སྒྲིག་འོག ཡུལ་ཤུལ་གྲོང་ཁྱེར་རྫ་སྟོད་རྫོང་ལ་གཟན་རྩྭ་སྤུས་ལེགས་ཏུན200 སྦྱིན་ནས། ནུས་ཤུགས་ཡོད་རྒུས་གནོད་འཚེ་ཕོག་པའི་མང་ཚོགས་ལ་གེགས་སེལ་ཕྱུགས་སྲུང་བྱས་པ་རེད།

ལོ་ཙཱ་བ།རྟ་མགྲིན་དཔལ།