གཏེར་ལེན་ཁ་ཡིས་ཟས་རིགས་བདེ་འཇགས་ཞིབ་བཤེར་ལ་ཤུགས་སྣོན་བྱས་ཏེ་མང་ཚོགས་ཀྱི་སེམས་བདེ་རུ་བཅུག

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་གཏེར་ལེན་ཁ་གྲོང་ཁྱེར་ཚོང་རའི་ལྟ་རྟོག་དོ་དམ་ཅུའུ་ཡིས་ཟས་རིགས་བདེ་འཇགས་མྱུར་ཞིབ་རླངས་འཁོར་མང་བོ་བཀོད་སྒྲིག་བྱས་ཏེ། ཞིང་ལས་ཉོ་ཚོང་ཚོང་ར་དང་ཟ་ཁང་། ཞང་དང་གྲོང་རྡལ་གྱི་ཉོ་ཚོང་ཚོང་ར་སོགས་སུ་སོང་ནས། ཟས་རིགས་སྣ་ཚོགས་ལ་བརྟག་ཞིབ་བྱས་ཏེ། གྲོང་ཁྱེར་སྡོད་དམངས་དག་གིས་དུས་ཆེན་སྐབས་ཀྱི་བཟའ་བཏུང་བདེ་འཇགས་ལ་འགན་སྲུང་བྱས།

ཞིབ་བཤེར་རླངས་འཁོར་སྟེང་དུ་སྒྲིག་ཆས་སྣ་བཅུ་དགུ་སྒྲིག་སྦྱོར་བྱས་ཡོད་ཅིང་། ཟས་རིགས་རྒྱུ་ཆའི་འདུས་ཚད་སོགས་ཟས་རིགས་བདེ་འཇགས་དམིགས་ཚད་ལ་མྱུར་ཞིབ་བྱེད་པ་ཕལ་ཆེར་མངོན་འགྱུར་བྱུང་ཡོད་པ་དང་། ཕན་ནུས་ལྡན་པའི་སྒོ་ནས་ཟས་རིགས་བདེ་འཇགས་འགལ་རྐྱེན་སེལ་ནས། མང་ཚོགས་ཀྱི་སེམས་བདེ་རུ་བཅུག