ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ལུགས་རྙིང་ལོ་སར་སྐབས་སུ་རིག་གནས་དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ།

ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཉེ་སྔོན་ལུགས་རྙིང་ལོ་སར་སྐབས་སུ་སྨོན་འདུན་བསྐྱལ་ནས་ཀྲུང་གོའི་ཕུགས་འདུན་མཉམ་བསྐྲུན་བྱེད་ཅེས་པའི་རིག་གནས་དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ། ཞིང་ཆེན་ལས་བཟོ་བའི་ཡིག་གཟུགས་མཐུན་ཚོགས་ཀྱི་ཡིག་གཟུགས་མཁན་རྩ་འཛུགས་བྱས་ཏེ། མཚོ་སྔོན་ཟངས་ལས་ཚད་ཡོད་འགན་འཁྲིའི་ཀུང་ཟི་དང་ཟི་ལིང་སྐྱེ་དངོས་ར་བ་སོགས་གཞི་རིམ་ཁེ་ལས་སུ་སོང་ནས་ལས་ཡུལ་དང་པོའི་ལས་བཟོ་བར་ཡིག་གཟུགས་བྲིས་ནས་ལུགས་རྙིང་ལོ་སར་གྱི་སྨོན་འདུན་བསྐྱལ།

ཐེངས་འདིའི་བྱ་འགུལ་ནི་མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་དཔེ་སྟོན་རང་བཞིན་གྱི་བྱ་འགུལ་སྤེལ་བ་མཛུབ་སྟོན་དུ་བྱས་ཤིང་། རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་རང་རང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ས་ཁུལ་རང་དང་ལས་རིགས་རང་། སྡེ་ཁག་རང་གི་ཡིག་གཟུགས་མཁན་པོ་རྩ་འཛུགས་བྱས་ནས་ཡིག་གཟུགས་པའི་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་པ་དང་ཡིག་གཟུགས་མཁན་གདན་ཞུ་བྱས་ཏེ་ཁེ་ལས་སུ་སོང་ནས་ལུགས་རྙིང་ལོ་སར་གྱི་ཆ་ཡིག་འབུལ་བ་གཙོ་བོར་བྱས་པའི་བྱ་འགུལ། གང་ནུས་ཀྱིས་བྱ་འགུལ་དེའི་ཁེབས་ཚད་ཇེ་ཆེར་གཏོང་ཅི་ཐུབ་བྱས། མིག་སྔར་བཟོ་ཚོགས་ཀྱིས་ལུགས་རྙིང་ལོ་སར་གྱི་རིག་གནས་བསྐྱལ་བའི་བྱ་འགུལ་དེ་གཞི་རིམ་གྱི་ལས་ཁུངས་སོ་སོར་ཚ་ཚ་འུར་འུར་གྱིས་སྤེལ་བཞིན་ཡོད།