རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་འཕྲལ་སྒྲུབ་དོ་དམ་པུའུ་གཉིས་ཀྱིས་ལོ་སར་གྱི་སྔ་གཞུག་གི་བདེ་འཇགས་དོགས་ཟོན་བྱ་བར་བཀོད་སྒྲིག་བྱས།

ཉེ་ལམ། གསར་འགོད་པས་འཕྲལ་སྒྲུབ་དོ་དམ་པུའུ་ནས་ཤེས་པའི་གནས་ཚུལ་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་འཕྲལ་སྒྲུབ་དོ་དམ་པུའུ་གཉིས་ཀྱིས་ལོ་སར་གྱི་སྔ་གཞུག་ཏུ་རང་བྱུང་གནོད་འཚེ་སྔོན་འགོག་དང་དེ་ལ་ཁ་གཏད་འཇལ་བའི་བྱ་བ་དམ་འཛིན་བྱེད་དགོས་པ་དང་། གནོད་ཐེབས་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་བྱེད་པར་ཤུགས་སྣོན་དགོས་ལ། རྒུད་སྐྱོབ་དངོས་རྫས་དང་མ་དངུལ། སྒྲིག་ཆས་སོགས་གྲ་སྒྲིག་བཟང་བོ་བྱེད་དགོས་པའི་རེ་བ་བཏོན།

རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་འཕྲལ་སྒྲུབ་དོ་དམ་པུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྡུས་པའི་ཉིས་སྟོང་བཅུ་དགུ་ལོའི་ལོ་སར་སྔ་གཞུག་ཏུ་བདེ་འཇགས་དོགས་ཟོན་བྱ་བའི་ཚོགས་ཐོག་ཏུ་འབྲེལ་ཡོད་འགན་འཁུར་བས་བཤད་རྒྱུར། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་ལོ་སར་སྔ་གཞུག་ཏུ་ལས་རིགས་ཀྱི་ཁྱབ་ཁོངས་གཙོ་བོ་དང་ཉེན་ཁ་འབྱུང་སླ་བའི་ཁྱབ་ཁོངས་སོགས་ཀྱི་བདེ་འཇགས་དོགས་ཟོན་བྱ་བ་བཟང་བོར་བསྒྲུབ་དགོས་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་དུས་ཆེན་སྐབས་ཀྱི་བདེ་འཇགས་དོགས་ཟོན་དང་འཕྲལ་སྒྲུབ་ཐག་གཅོད་བྱ་བ་དམ་འཛིན་བྱེད་དགོས། ས་གནས་རང་དང་ལས་རིགས་རང་གི་དོན་དངོས་དང་སྦྲེལ་ཏེ་དམིགས་ཡུལ་རང་བཞིན་གྱི་འཕྲལ་སྒྲུབ་ཇུས་གཞི་གཏན་འཁེལ་བྱེད་པ་དང་འཕྲལ་སྒྲུབ་གྲ་སྒྲིག་བྱ་བ་གང་ལེགས་སྒོས་སྒྲུབ་ནས་ལོ་སར་སྔ་གཞུག་ཏུ་གནོད་འཚེ་གང་རུང་མི་འབྱུང་བ་ཁག་ཐེག་བྱེད་དགོས་ཟེར།