མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཁྲལ་དོན་བྱ་བའི་གྲོས་ཚོགས་བསྡུས།

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁྲལ་དོན་བྱ་བའི་གྲོས་ཚོགས་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅོ་བརྒྱད་ལོར། མཚོ་སྔོན་ཁྲལ་དོན་མ་ལག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བླང་བྱ་དང་། ཞིང་ཆེན་ཏང་ཨུའི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་དཀྱིལ་སྙིང་དུ་བཟུང་ནས། རྒྱལ་ཁབ་ཀྱི་སྒོ་ཁྲལ་དང་འགྲོ་སོང་ཇེ་ཉུང་དུ་གཏོང་བའི་སྲིད་ཇུས་ཇི་མ་ཇི་བཞིན་དངོས་འབེབས་དོན་འཁྱོལ་བྱས་ནས། ལོ་ཧྲིལ་བོའི་ནང་དུ་ལས་རིམ་ཁག་སོ་སོའི་སྲིད་ཇུས་ཁྲལ་བསྡུ་ཡོང་འབབ་སྒོར་དུང་ཕྱུར་ཐེར་ཆེན་གཅིག་དང་ཐེར་འབུམ་གཅིག་དུང་ཕྱུར་གསུམ་གྱིས་ཕན་བདེ་བསྐྲུན་པ་དང་། རིན་འབབ་མཐོ་བའི་ཁྲལ་ཕྱིར་སྤྲོད་ཚད་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་བྱེ་བ་དྲུག་ལ་སླེབས། མི་སྒེར་གྱི་ཁྲལ་དོན་ལས་ཐོབ་པའི་ཁེ་ཕན་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བདུན་ས་ཡ་ལྔ་ལ་སླེབས་པས། ས་གནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་རོགས་འདེགས་མི་དམན་པ་བྱས་ཡོད།