མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་མཇུག་བསྡུས་པ།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ1ཚེས31ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་མཇུག་བསྡུས་པ། ཚོགས་ཆེན་སྟེང་ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོས“ལྔ་བཞིའི་འཐབ་ཇུས”ལག་བསྟར་ཟབ་སྤེལ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཧུར་ཐག་གིས་སྐུལ་འདེད་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་ལེགས་འགྲུབ་འབྱུང་བར་ཐག་གཅོད་རང་བཞིན་གྱི་རྨང་གཞི་གདིང་དགོས་པ་དང་། མཚོ་སྔོན་གསར་པའི་འཛུགས་སྐྲུན་ཐད་གྲུབ་འབྲས་གསར་པ་ལེན་པ་དང་རྣམ་པ་གསར་པ་མངོན་པ། འཕེལ་རྒྱས་གསར་པ་འབྱུང་བ་བཅས་བྱ་དགོས་པའི་འབོད་སྐུལ་བཏང་བ་རེད།

གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མི391ཡོད་ལ། འཐུས་མི385གྲོས་ཚོགས་ལ་ཞུགས་ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཝང་ཅན་ཅོན་དང་ཀྲང་ཀོང་རུང་། མཱ་ཝེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉིའོ་ཁྲིན་ཡུན། ཝུའུ་ཧེ་ཁུན། ལིག་ཐུང་ཏི། ཅ་དབྱིན་ཀྲུང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད། ལིག་ཉིང་དང་རྡོ་རྗེ་རབ་བརྟན། ཝང་ཞའོ། མགོན་པོ་བཀྲ་ཤིས། ཐིན་ཅ་ཚའེ། ཀྲང་ཞི་མེན། ཝང་ཡུས་པོ། ཡན་ཅིན་ཧེ། ཡུས་ཚུང་ལི། མཱ་ཅི་ཞའོ། ཆུས་ཞིན་ཡུང་། དབྱིན་པའེ་སོགས་ཀྲུའུ་ཞི་སྟེགས་བུར་བསྡད།

ཀྲང་ཀོང་རུང་གིས་ཚོགས་ཆེན་གྲོལ་བའི་མཛད་སྒོར་མགོ་འཛིན་བྱས།

ལོ་ཙཱ་བ། ལྷ་ཆེན་རྒྱལ།