རྐང་ཚའི་བོད་རབ་རྒྱན་ས་མོ་ཕག་ལོའི་ལོ་གསར་རིག་རྩལ་སྤྲོ་ཚོགས།

༢༠༡༩ལོའི་བོད་རབ་རྒྱན་ས་མོ་ཕག་ལོའི་ལོ་གསར་རིག་རྩལ་འཁྲབ་སྟོན་སྤྱི་ཟླ༡པའི་ཚེས༢༩ཉིན་བོད་མཁར་འཁྲབ་སྟོན་ལྟེ་གནས་སུ་གཟབ་རྒྱས་ངང་ཚོགས་ཤིང་། མཚོ་བྱང་ཁུལ་རྒྱུན་ལས་སམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་བྰང་ཡོན་ཁྲང་། ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པའམ་རྫོང་ཨུའི་ཧྲུའུ་ཅི་ལྷ་ཁོ། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཁྲིན་ཡོན་ཞང་སོགས་རྫོང་རྒྱུན་ལས་མགོ་ཁྲིད་དག་དང་། གཞན་ཤང་སོ་སོའི་མགོ་ཁྲིད་དང་ལས་བྱེད་མི་སྣ། རྫོང་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས༥༠༠ལྷག་གཟིགས་མོར་ཕེབས་ཤིང་། ཕྱྭ་གཡང་དྲོན་མོས་ལོ་གསར་ལ་རྟེན་འབྲེལ་ཞུས།

རིག་རྩལ་སྤྲོ་ཚོགས་ཀྱི་ཡུལ་དངོས།

དམངས་ཁྲོད་གླུ་མ་ཚེ་མོ་རྒྱལ་གྱི་གླུ་སྐད་སྙན་མོའི་ཁྲོད་ལོ་སར་དགོང་ཚོགས་ཀྱི་འཁྲབ་སྟོན་ཡོངས་འཁྲབ་མགོ་བརྩམས་ལ། ཞབས་བྲོ་དང་རྡུང་ལེན། གླུ་དབྱངས་སོགས་འཁྲབ་སྟོན་གྱ་ནོམ་པས་ལྟད་མོ་བའི་ཡིད་སེམས་དབང་མེད་དུ་བཀུགས་ལ་དགའ་བསུའི་ཐལ་མོ་བར་མེད་བརྡབས་ནས་མཚོ་ངོགས་བོད་མཁར་གྱི་ལོ་གསར་བསུས། རྫོང་ཡོངས་ཀྱི་བདག་གཞི་མགྲོན་ཀུན་གར་སྟེགས་འདིར་ལྷན་དུ་འཛོམས་ནས་རྟེན་འབྲེལ་གཡང་གི་རུ་མ་བར་མེད་འཕྱོ་བའི་བཀྲ་ཤིས་དུས་བཟང་གི་ཉིན་མོ་མཉམ་དུ་རོལ།

གླུ་ད་རེས་མི་ལེན་ནམ་རེ་ལེན།

འཁྲབ་སྟོན་ཡུལ་དངོས་སུ་ཕེབས་པའི་མགོ་ཁྲིད།

ཞབས་བྲོ་《སོར་རྩེའི་ཐལ་མོ》

མཉམ་ལེན《ཁྱེད་རང་བདེ་བར་སྨོན》

མགྱོགས་གཏམ་ཞབས་བྲོ།

ལྟད་མོ་བའི་ཟུར།

ཞབས་བྲོ《རྔ་སྒྲའི་ང་རོ》

དཀྲོལ་ལེན་རོལ་ཚོགས།

གླུ་མ་རྡོ་རྗེ་སྐྱིད་ཀྱི་ལེན་བཞིན་པའི《ཁྲི་ཤོར་རྒྱལ་མོ》

བྱིས་པའི་ཡིད་སེམས་དབྱངས་ཀྱིས་བཀུགས།

སོག་བྲོ《རྟ་རྒྱབ་ཀྱི་དབྱངས་རྟ》

འདས་པའི་ལོ་ངོ་གཅིག་གི་ནང་རྫོང་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་མངའ་བའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དོན་འཁྱོལ་མཐར་ཕྱིན་ངང་། ཞིང་ཆེན་དང་ཁུལ། རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་སྣེ་ཁྲིད་འོག་ནུས་ཤུགས་ཅི་ཡོད་ཀྱིས་ལས་གཞི་ཆེན་པོ་བཞི་དང་གོང་འཕར་བཞིའི་བྱ་བའི་ཁ་ཕྱོགས་གཙོར་བཟུང་ནས་མཐུན་སྒྲིལ་དམ་པོས་འབྱོར་ཕྱུག་དཔལ་ཡོན་དང་འཚོ་བར་བདེ་སྐྱིད་ལྡན་པར་ཤུགས་སྣོན་བྱས་པས། རྐང་ཚའི་སྲིད་འབྱོར་རིག་གསུམ་ལོ་སྔོན་མ་ལས་གོང་འཕེལ་བླ་ལྷག་བྱུང་ཡོད།

བཀྲ་ཤིས་སྨོན་ཚིག་ཁྲི་མ་འབུམ།

གསར་འགོད་པ། ཚེ་དབང་རིག་འཛིན།