འདྲ་པར་རྙིང་པ། ཀྲང་ཅིང་ཝུའུ་དང་པཎ་ཆེན་སྐུ་ཕྲེང་བཅུ་པ།

ཀྲང་ཅིང་ཝུའུ་ནི་ཀྲུའུ་ཞི་མའོ་ཙེ་ཏུང་གིས་ཆེད་བསྐོས་“ཀྲུང་དབྱང་གི་བོད་སྡོད་སྐུ་ཚབ་”ཡིན་ལ། ཆེས་ཐོག་མར་རི་བོ་ཧི་མ་ལ་ཡ་བརྒྱུད་ལྷ་སར་འབྱོར་བའི་ཀྲུང་གུང་གི་མཐོ་རིམ་དམག་དཔོན་ཞིག་ཡིན། 1951ལོ་ནས་བཟུང་ཀྲང་ཅིང་ཝུའུ་ཡིས་ལོ་15ཡི་བོད་སྡོད་ལོ་ཟླའི་འགོ་བརྩམས། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་ནི་ཀྲུང་གོའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཕུལ་དུ་བྱུང་བའི་གཙོ་འཛིན་ཡིན་ལ། རང་རྒྱལ་གྱི་རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ་དང་། རྒྱལ་སྲིད་ལས་དོན་སྒྲུབ་མཁན་གྲགས་ཅན། ཀྲུང་གོ་གུང་ཁྲན་ཏང་གི་བློས་ཐུབ་གྲོགས་པོ་ཞིག་ཡིན། 2019ལོ་ནི་པཎ་ཆེན་སྐུ་ཕྲེང་བཅུ་པ་སྐུ་མྱ་ངན་ལས་འདས་ནས་བགྲང་བྱ་30འཁོར་བའི་སྐབས་དང་འཁེལ་བས། པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་པ་དང་“ཀྲུང་དབྱང་གི་བོད་སྡོད་སྐུ་ཚབ་”དམག་དཔོན་ཆེན་པོ་ཀྲང་ཅིང་ཝུའུ་གཉིས་ཀྱི་ལོ་རྒྱུས་ཀྱི་མཉམ་པར་བརྒྱུད། བོད་ཞི་བས་བཅིངས་འགྲོལ་དང་འཛུགས་སྐྲུན་ལ་བཏོན་པའི་ཕུལ་བྱུང་བྱས་རྗེས་ལ་རྗེས་དྲན་ཞུ།

1952ལོའི་ཟླ་4ཚེས་28ཉིན། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་དང་པཎ་ཆེན་ནང་མ་སྒང་ཨུ་ཡོན་ལྷན་ཁང་གི་མི་སྣ་ཡོངས་མཚོ་སྔོན་ནས་བོད་དུ་ཕྱིར་ལོག་ནས་ལྷ་སར་སླེབས། ཀྲང་ཅིང་ཝུའུ་དང་མི་དམངས་བཅིངས་འགྲོལ་དམག་གི་ལྷ་སར་བཅའ་སྡོད་ལས་ཁུངས། དམག་དཔུང་། བོད་ས་གནས་སྲིད་གཞུང་གི་རིམ་པ་ཁག་གི་དཔོན་རིགས། བོད་ས་གནས་ཀྱི་དམག་དཔུང་། གདན་ས་གསུམ་གྱི་བླ་མ། ལྷ་ས་གྲོང་ཁྱེར་གྱི་སེར་སྐྱ་མང་ཚོགས་སོགས་མི་གྲངས་ཉིས་ཁྲི་ལྷག་ཙམ་གྱིས་ཕེབས་བསུ་ཞུས། འདྲ་པར་ནི་ཀྲང་ཅིང་ཝུའུ་དང་པཎ་ཆེན་སྐུ་ཕྲེང་བཅུ་པའི་མཉམ་པར།

1954ལོའི་ཟླ་7པར། པཎ་ཆེན་པེ་ཅིང་དུ་མ་ཕེབས་གོང་ཀྲང་ཅིང་ཝུའུ་ལ་དྲན་གསོའི་རྟགས་མ་བཏགས།

1959ལོའི་ཟླ་4ཚེས་29ཉིན། ཀྲུང་དབྱང་གི་བོད་སྡོད་སྐུ་ཚབ་ཀྲང་ཅིང་ཝུའུ་ཡིས་པེ་ཅིང་གསོལ་མགྲོན་ཁང་ཆེན་མོར་གསོལ་སྟོན་བཤམས་ནས། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་ནས་ལོ་གསུམ་འཁོར་བར་རྟེན་འབྲེལ་ཞུས། གཡས་ནས་ཧོ་ལུང་དང་ང་ཕོད་ངག་དབང་འཇིགས་མེད། ཀྲང་ཅིང་ཝུའུ། པཎ་ཆེན་སྐུ་ཕྲེང་བཅུ་པ། ཁྲེན་དབྱི། ཝུའུ་ལན་ཧྥུ།

1959ལོའི་ཟླ་4ཚེས་17ཉིན། ཀྲང་ཅིང་ཝུའུ་(གྲལ་དང་པོའི་གཡོན་གྱི་ལྔ་པ།)ཡིས་པཎ་ཆེན་སྐུ་ཕྲེང་བཅུ་པ་(གྲལ་དང་པོའི་གཡོན་གྱི་གཉིས་པ།) དང་ང་ཕོད་ངག་དབང་འཇིགས་མེད་(གྲལ་དང་པོའི་གཡོན་གྱི་དང་པོ།)སོགས་ཀྱི་ཕེབས་རོགས་བྱས་ཏེ་ལུས་རྩལ་འཁྲབ་སྟོན་ལ་གཟིགས་བཞིན་པ།

1960ལོའི་ཟླ་2ཚེས་16ཉིན། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ངོ་ཚབ་པཎ་ཆེན་སྐུ་ཕྲེང་བཅུ་པ་(གཡོན་གྱི་གཉིས་པ།) དང་། བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་(གཡས་ཀྱི་དང་པོ།)གཉིས་པེ་ཅིང་དུ་རྒྱལ་ཁབ་བཙུགས་ནས་ལོ་བཅུ་འཁོར་བའི་རྟེན་འབྲེལ་བྱེད་སྒོར་ཞུགས་ནས་ནང་ལོགས་ས་ཁུལ་དུ་ལྟ་སྐོར་བྱས་རྗེས་ཕྱིར་ལྷ་སར་སླེབས། ཀྲང་ཅིང་ཝུའུ་(གཡས་ཀྱི་གཉིས་པ།)དང་པཎ་ཆེན་སྐུ་ཕྲེང་བཅུ་པ་སོགས་ཀྱིས་བྱམས་བརྩེའི་ངང་གླེང་མོལ་གནང་བཞིན་པ།

1961ལོའི་ཟླ་1ཚེས་23ཉིན། ཀྲུའུ་ཞི་མའོ་ཙེ་ཏུང་དང་ཀྲུང་དབྱང་གི་འགོ་ཁྲིད་ཀྱིས་པཎ་ཆེན་སྐུ་ཕྲེང་བཅུ་པར་མཇལ་འཕྲད་གནང་ནས་མཉམ་པར་བསྐྱོན། གཡོན་ནས་ལི་ཝེ་ཧན་དང་ཏེང་ཞའོ་ཕིང་། ལིའུ་ཧྲའོ་ཆི། པཎ་ཆེན་སྐུ་ཕྲེང་བཅུ་པ། མའོ་ཙེ་ཏུང་། ཀྲོའུ་ཨེན་ལའེ། ཁྲེན་ཡུན། ཀྲང་ཅིང་ཝུ།

བྱམས་པས་བསྒྱུར།