མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་བསྡུས་པ།

— དམིགས་འབེན་དམ་འཛིན་གྱིས་བྱ་བ་བསྒྲུབ་པ་དང་ཕུ་ཐུང་བརྫེས་ནས་ལས་ལ་གཞོལ་ཏེ། རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་མཚོ་སྔོན་གྱི་ལེའུ་འབྲི་བར་སྔར་ལས་བྱས་རྗེས་གསར་པ་འཇོག་དགོས།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བའི་འཕྲིན། ཟླ1ཚེས27ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་ཟི་ལིང་གྲོང་ཁྱེར་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་བསྡུས་པ་རེད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཞུགས་དགོས་པའི་འཐུས་མི391ཡོད་ལ། འཐུས་མི381དངོས་སུ་ཚོགས་འདུར་ཞུགས་ཡོད་པས་གཏན་འཁེལ་མི་གྲངས་དང་མཐུན་པ་རེད།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཅན་ཅོན་གྱིས་གྲོས་ཚོགས་ལ་འགོ་འཛིན་མཛད།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲང་ཀོང་རོང་། མཱ་ཝའེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ནོའུ་ཁྲིན་ཡོན། ཝུའུ་ཧའེ་ཁོན། ལོའུ་ཐོན་ཏིག ཅཱ་དབྱིན་ཀྲུང་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད།

ཚོགས་ཆེན་གྱི་གྲོས་རིམ་བསྡོམས་པའི་གསུམ་ཡོད་ལ། གཅིག ཧྲིན་ཀྲང་ལིག་ཉིང་གིས་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ་བ། གཉིས། མཚོ་སྔོན་གྱི2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ཀྱི་ལག་བསྟར་གནས་ཚུལ། 2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ཀྱི་གཞི་རིམ་ཇུས་གཞིའི་སྙན་ཞུར་དཔྱད་ཞིབ་བྱེད་པ། གསུམ། མཚོ་སྔོན་གྱི2018ལོའི་སྔོན་རྩིས་ལག་བསྟར་གནས་ཚུལ་དང2019ལོའི་སྔོན་རྩིས་གཞི་རིམ་ཇུས་གཞིའི་སྙན་ཞུར་དཔྱད་ཞིབ་བྱེད་པ་བཅས་རེད།

ཧྲིན་ཀྲང་ལིག་ཉིང་གིས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་སྲིད་གཞུང་བྱ་བའི་སྙན་ཞུ་འབུལ་བཞིན་པ།

ཧྲིན་ཀྲང་ལིག་ཉིང་གི་སྲིད་གཞུང་བྱ་བའི་སྙན་ཞུར་བསྡོམས་པའི་ཁག་གསུམ་ཡོད་ལ། གཅིག 2018ལོའི་བྱ་བར་ཕྱིར་དྲན་བྱེད་པ། གཉིས། 2019ལོའི་བྱ་བ་གཙོ་བོ། གསུམ། སྲིད་གཞུང་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ།

ལིག་ཉིང་གིས་བཤད་རྒྱུར། འདས་པའི་ལོ་གཅིག་གི་ནང་། འཕེལ་རྒྱས་ཀྱི་ཁོར་ཡུག་རྙོག་འཛིང་དང་འགྲན་རྩོད་ཀྱི་ཉེན་ཁ་མངོན་གསལ་དུ་མང་ལ། དཔལ་འབྱོར་ཁུར་གདོས་སྔར་ལས་ཆེ་བ་རེད། ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བཟུང་སྟེ། བརྟན་བརླིང་ཁྲོད་འཕེལ་རྒྱས་སུ་གཏོང་པའི་བྱ་བའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་དང་། འཕེལ་རྒྱས་གསར་པའི་འདུ་ཤེས་བློ་བརྟན་འགྱུར་མེད་སྒོས་ལག་བསྟར་བྱེད་པ། “ལྔ་བཞིའི་འཐབ་ཇུས”ལག་བསྟར་ཟབ་སྤེལ་དང“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཧུར་བརྩོན་སྒོས་སྐུལ་འདེད་བྱས་ཏེ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་གཏན་འབེབས་བྱས་པའི་ལས་གཞི་སྣ་ཚོགས་ཀྱི་བྱ་བའི་དམིགས་འབེན་ལས་འགན་ཅུང་ལེགས་འགྲུབ་བྱས་ཡོད་པས། སྐབས་གསར་པའི་སྲིད་གཞུང་གི་བྱ་བར་མགོ་ལེགས་པོ་ཞིག་རྩོམ་ཐུབ་བྱུང་པ་རེད།

འདས་པའི་ལོ་གཅིག་གི་ནང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྤྱིའི་ཆ་ནས་བརྟན་བརླིང་དང་བརྟན་བརླིང་ཁྲོད་འཕེལ་རྒྱས་སུ་ཕྱིན་ཏེ། ས་གནས་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར2865མངོན་འགྱུར་བྱས་ནས7.2%ཇེ་མཐོར་ཕྱིན་ཡོད་པ་དང་། གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་གཏོང་ཚད7.3%ཇེ་མཐོར་སོང་ཡོད། ཚད་གཞིར་ཐོན་པའི་བཟོ་ལས་ཀྱི་འཕར་ཐང8.6%གི་ཇེ་མཐོ་དང་། སྤྱི་ཚོགས་ཀྱི་འཛད་སྤྱོད་ཐོན་རྫས་སིལ་འཚོང་གི་སྤྱིའི་གྲངས་ཀ6.7%ཇེ་མཐོར་ཕྱིན་ཡོད། ས་གནས་ཀྱི་སྤྱི་གཞུང་ནོར་སྲིད་དཀྱུས་མའི་སྔོན་རྩིས་ཡོང་འབབ10.8%ཇེ་མཐོར་ཕྱིན་པ་དང་། སྡོད་དམངས་ཡོངས་ཀྱི་ཡོང་འབབ་ཆ་སྙོམས་བགོ་བཤའ་རྒྱག་ཚད9.2%ཇེ་མཐོར་ཕྱིན་པ་རེད། མཁར་གྲོང་སྡོད་དམངས་ཀྱི་ཡོང་འབབ་སོ་སོར་སྒོར་ཁྲི3དང་སྒོར་ཁྲི1ལས་བརྒལ་ཏེ། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་གི་འཕར་ཚད2.5%ཚོད་འཛིན་བྱས་ཡོད། “ལོ་ལྔའི་འཆར་གཞི་བཅུ་གསུམ་པ”མཇུག་བསྡུ་རང་བཞིན་གྱི་ཚད་གཞི་ཁྱོན་ཡོངས་ནས་སྔོན་རྩིས་འཕེལ་ཚད་ལྟར་མངོན་འགྱུར་བྱས་ཏེ། འཕེལ་རྒྱས་ཀྱི་སྤུས་ཚད་དང་གྲུབ་འབྲས་མུ་མཐུད་དུ་ཇེ་མཐོར་འགྲོ་བཞིན་ཡོད་པ་རེད།

ད་ལོར་གཙོ་བོ་གཤམ་གསལ་གྱི་ཕྱོགས་དགུ་ནས་ལེགས་པོར་བསྒྲུབ་རྒྱུ། “མཁྲེགས་གཏོར་འཐབ་ཇུས་ཆེན་པོ་གསུམ”ཤུགས་ཆེན་པོས་ལེགས་པོར་བསྒྲུབ་པ་དང་། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྲ་བརྟན་བྱེད་པ། དེང་རབས་ཅན་གྱི་ཐོན་ལས་སྒྲིག་གཞི་མགྱོགས་མྱུར་སྒོས་འཛུགས་པ། ནུས་ཐོན་གྱི་དགོས་མཁོ་ཧུར་བརྩོན་སྒོས་རྒྱ་བསྐྱེད་པ། ཁྱོན་ཡོངས་ཀྱི་ཞིང་སྡེའི་དར་སྤེལ་ལ་ཤུགས་ཆེན་པོས་སྐུལ་འདེད་བྱེད་པ། ས་ཁོངས་མཐུན་སྒྲིག་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ། བཅོས་སྒྱུར་སྒོ་འབྱེད་ཀྱི་ལམ་བུ་རྒྱ་བསྐྱེད་པ། དམངས་ཚིས་ལ་འགན་ལེན་དང་བཅོས་སྐྱོང་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་བྱེད་པ་བཅས་རེད།

ཀྲུའུ་ཞི་སྟེགས་བུར་སྡོད་པའི་འགོ་ཁྲིད་ད་དུང་རྡོ་རྗེ་རབ་བརྟན། པད་མ། ཝང་ཞའོ། མགོན་པོ་བཀྲ་ཤིས། ཐིན་ཅཱ་ཚའེ། ཀྲང་ཞིས་མེན། ཝང་དབྱི་པའོ། ཡན་ཅིན་ཧའེ། དབྱི་ཀྲུང་ལིག མཱ་ཅིས་ཞའོ། ཆིས་ཞིན་དབྱོང་། དབྱིན་པའོ། ཝང་དབྱོང་། ཧྭན་ཅན་ཧྭ། ཝང་ལིས་མེན། དབྱིང་ཧྥིན་ཁྲོན། ཐེན་ཅིན་ཁྲིན། ཝང་ཞའོ་དབྱོང་།རིན་ཆེན་རྣམ་རྒྱལ། ཀྲང་ཧྲོའུ་ཁྲིན། ཏུའུ་ཅའེ། ཀྲང་ཝིན་ཁོའུ། མཱ་ཧའེ་དབྱིན། ཝང་ཞོན། ཏུའུ་ཏིག་ཀྲུའུ། ངག་དབང་བསོན་ནམས། ཧོང་ཁྲའོ་ཧོས། ཁྲིན་མེན་ཀའོ། མིན་དབྱོང་ཧྲན། ལིས་ཙའི་ཡོན་སོགས་པ་རེད།

ལིག་ཉིང་གིས་མཇུག་མཐར་ནན་གྱིས་བསྟན་དོན། ད་ལོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ན། གོམ་པ་རེ་རེ་བཞིན་དུ་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་དགོས་པ་དང་། ང་ཚོས་ཡིད་ཆེས་བརྟན་པོ་དང་མུ་མཐུད་འབད་འཐབ། དཀའ་ངལ་ཁྱད་བསལ། ཤེས་རྒྱ་ཆེར་བསྐྱེད་བཅས་ཀྱི་ནང་བྱང་ཚད་མཐོ་བའི་སྤྱི་ཞབས་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ་དང་། སྲིད་གཞུང་གི་སྲིད་འཛིན་ནུས་པ་དང་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་སྟེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སེམས་བདེ་བ་དང་། མི་དམངས་མང་ཚོགས་ཡིད་ཚིམས་པའི་ཞབས་ཞུ་རྣམ་པའི་སྲིད་གཞུང་ཧུར་ཐག་གིས་བསྐྲུན་དགོས། ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྣེ་ཁྲིད་སྒོས་གྲོན་ཆུང་གི་འཚོ་བ་རོལ་བ་དང་། བྱ་བའི་སྤྱོད་ཚུལ་བསྒྱུར་བ། སྲིད་གཞུང་ལས་ཁུངས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ། ཁྲིམས་ལྟར་སྲིད་འཛིན་པ་རྒྱུན་འཁྱོངས་དང་སྤྱོད་གཙང་སྲིད་གཞུང་འཛུགས་སྐྲུན་བྱེད་དགོས་ཤིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱེད་པ་དང་། ཞི་ཅིན་ཕིང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོའི་འོག་ཏུ། དམིགས་འབེན་དམ་འཛིན་གྱིས་བྱ་བ་བསྒྲུབ་པ་དང་། ཕུ་ཐུང་བརྫེས་ནས་ལས་ལ་གཞོལ་ཏེ། རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་མཚོ་སྔོན་ལེའུ་འབྲི་བར་སྔར་ལས་བྱས་རྗེས་གསར་པ་འཇོག་དགོས་ཟེར།

བློ་མཐུན་རྒན་པ་མུའུ་ཏུང་ཧྲིན་དང་སྟག་འབུམ་ཐར། སུའུ་ཉིང་། དབང་མོ་བཅས་གདན་དྲངས་པ་ལྟར་ཚོགས་ཆེན་ལ་ཞུགས་པར་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་པ་རེད།

ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ཨུ་ཡོན་ཡོངས་ཚོགས་ཆེན་ལ་ཟུར་ཞུགས་བྱས་པ་རེད །

ལོ་ཙཱ་བ། ལྷ་ཆེན་རྒྱལ།