ཟི་ལིང་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡིས་ལོ་སར་གྱི་དངོས་ཟོག་སྐྱེལ་འདྲེན་བྱེད་པའི་དམངས་ཕན་ཞབས་ཞུའི་སྒོ་འཕར་ཕྱེས་པ།

ཟླ1ཚེས16ཉིན། ཟི་ལིང་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡིས་ཟི་ལིང་མེ་འཁོར་འབབ་ཚིགས་ཀྱི་ཐང་ཆེན་དུ“ལོ་སར་འགྲུལ་སྐྱེལ་ཁུར་དུ་ལེན། ལང་ཚོའི་སྤྱོད་ལམ་ཀུན་ལ་ངོམས”ཞེས་པ་བརྗོད་དོན་ཡིན་པའི་ལས་སྒོ་སྤེལ་ཏེ། ལོ་སར་དངོས་ཟོག་སྐྱེལ་འདྲེན་གྱིས་དམངས་ལ་ཞབས་ཞུ་སྒྲུབ་པའི་སྒོ་འཕར་ཐོག་མར་ཕྱེས། ལོ་སར་གྱི་དངོས་ཟོག་སྐྱེལ་འདྲེན་སྐབས་སུ་ཟི་ལིང་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡིས་མི་དམངས་ཉེན་རྟོག་པ་མི་གྲངས30ལྷག་མངའ་ཁོངས་ཀྱི་ས་ཚིགས་སོ་སོར་མངགས་ཏེ་རླངས་འཁོར་དང་ལམ་ཐིག་ཐད་ལ་དམངས་ཕན་ཞབས་ཞུ་བསྒྲུབས་ནས། ཡུལ་སྐོར་མི་སྣ་དག་ལ་པ་སེ་ཉོ་རོགས་དང་ཡུལ་སྐོར་བའི་རེ་འདུན་དང་དགོས་མཁོ་སྐོང་བ། ཡུལ་སྐོར་བ་ལ་སྣེ་ཁྲིད་དང་བཅའ་ཁྲིམས་དྲིལ་སྒྲོག་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད། གོང་གི་པར་རིས་འདི་ནི་མི་དམངས་ཉེན་རྟོག་པས་ཡུལ་སྐོར་མི་སྣ་ལ་རོགས་རམ་བྱས་ཏེ་པ་སེ་མངག་ཉོ་བྱེད་པའི་ཚུལ་རེད།

ལོ་ཙཱ་བ། ལྷ་དཔལ་སྐྱབས།