སྟོང་སྐོར་གྱིས་ཏང་ཀྲི་པུའུ་ཧྲུའུ་ཅིའི་ཆེད་དོན་ཟབ་སྦྱོང་འཛིན་གྲྭ་གཉེར་བ།

 མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཏང་ཀྲི་པུའུ་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་། དབུལ་ཐར་འགག་སྒྲོལ་ལས་དོན་གྱི་ལས་འགན་དོན་ཐོག་ཏུ་འཁྱོལ་བར་འགན་སྲུང་བྱེད་པར། ཟླ་དང་པོའི་ཚེས15ཉིན། ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་གིས“ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་ཏང་འཛུགས་སྐྱོང་དམ་འཛིན་བྱས་ཏེ་དབུལ་ཐར་འགག་སྒྲོལ་བྱེད་པ”ཞེས་པའི་ཆེད་དོན་ཟབ་སྦྱོང་འཛིན་གྲྭ་གཉེར་བ། ཤང་དང་གྲོང་རྡལ་དང་དེ་བཞིན་ལས་ཁུངས་ཀྱི(ལས་དོན་ཨུ་ཡོན་ལྷནཁང)ཏང་ཨུའི་ཧྲུའུ་ཅི། གྲོང་གསེབ་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་།སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི། སློབ་གྲྭའི་ཏང་ཀྲི་པུའུ་ཧྲུའུ་ཅི་སོགས་མི300ལྷག་ཟབ་སྦྱོང་ནང་ཞུགས་པ་རེད།

 ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭ་ཆེད་དོན་ཟུར་ཁྲིད་དང་ཉམས་མྱོང་ངོ་སྤྲོད། བསམ་བློ་བརྗེ་རེས་དང་དེ་བཞིན་ཡུལ་དངོས་ལད་ཟློས་སོགས་ཀྱི་རྣམ་པ་སྣ་ཚོགས་བརྒྱུད་ནས་སློབ་ཁྲིད་བྱས་པ་རེད། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་འཆད་ཁྲིད་དགེ་རྒན་གྱིས་རིགས་པའི་གཞུང་ལུགས་དང་ལག་ལེན་གཉིས་ཀྱི་ཐད་ནས་ཟབ་སྦྱོང་ནང་ཞུགས་མཁན་རྣམས་ལ་ཆ་ཚང་བ་དང་གཏིང་ཟབ་པའི་སྒོ་ནས་མཛུབ་སྟོན་བྱས་པ་མ་ཟད། 《གཞི་རིམ་ཏང་རྩ་འཛུགས་ཀྱི“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་ལམ་ལུགས》དང་། 《ཀྲུང་གོ་གུང་ཁྲན་ཏང་ཀྲི་པུའུ་ཡི་ལས་སྒྲུབ་སྲོལ་ཡིག》། 《ཀྲུང་གོ་གུང་ཁྲན་ཏང་གི་གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་ཀྱི་ལས་སྒྲུབ་སྲོལ་ཡིག》སོགས་ཆེད་དོན་ནང་དོན་གསོན་ཉམས་ལྡན་པའི་སྒོ་ནས་བརྗོད་ཅིང་། ཏང་གི་གཞི་རྩའི་ཤེས་བྱ་དང་ཏང་ཀྲི་པུའུ་ཧྲུའུ་ཅིའི་ལས་སྒྲུབ་བྱེད་ཐབས། ཏང་གི་འཛུགས་སྐྲུན་གྱི་སྲིད་ཇུས་གསར་པ་དང་། གནས་བབ་གསར་པ། དར་སྤེལ་གསར་པ་སོགས་ཐད་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་ཁྱབ་ཡོད་པ་རེད།

 ཉེ་བའི་ལོ་འགའི་རིང་དུ། སྟོང་སྐོར་རྫོང་གིས་གཞི་རིམ་ཏང་འཛུགས་སྐྱོང་དང་དབུལ་ཐར་འགག་སྒྲོལ་གཉིས་མཉམ་འདྲེས་བྱེད་པར་རྒྱུན་འཁྱོངས་བྱས་ཏེ། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་དབུལ་བྲལ་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། “ཏང་འཛུགས་སྐྱོང+”པའི་གཞི་རྟེན་ཟམ་མི་ཆད་པར་གསར་གཏོད་བྱས་ཤིང་། གཞི་རིམ་ཏང་རྩ་འཛུགས་ཀྱིས་དབུལ་ཐར་འགག་སྒྲོལ་ལས་དོན་ཁྲོད་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་རེད། དེ་དང་ཆབས་ཅིག་ཏུ། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། དཔུང་ཁག་དོ་དམ་ལ་ཤུགས་སྣོན་པ། ལས་ཀ་དོན་འཁྱོལ་དམ་འཛིན་སོགས་བྱེད་ཐབས་ནུས་ལྡན་སྤྱད་པ་བརྒྱུད། རྫོང་ཡོངས་ཀྱི་ཏང་འཛུགས་སྐྱོང་གིས་དབུལ་ཐར་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་བཏང་ནས་གྲུབ་འབྲས་ཕུལ་དུ་བྱུང་བ་ཐོབ་ཡོད་པ་རེད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།